དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 29 March 2014
ལོ་ཉིས་བརྒྱའི་སྔོན་དུ་བོད་ཀྱི་བླ་མས་ཟླ་བའི་སྟེང་དུ་ནགས་ཚལ་ཡོད་པར་མཐོང་བ།
༄༅།།ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས། སྤྱི་ལོ༡༧༢༨ནས༡༧༩༡ལོ་བ། ཟླ་བའི་ལོག་གཞིའི་ནགས་ཚལ་མཐོང་བརམདོ་སྨད་ཆོས་འབྱུངཤོག་ངོས་༣༧༣ལས་གསུང་བ་ནི། རྣལ་འབྱོར་བའི་མངོན་ཤེས་ཀྱིས་རིག་པའམ་ཡང་ན་ཏིང་ངེ་འཛིན་གྱི་སྒོམ་སྟོབས་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྐང་བ་བསྒྱུར་བ། ཡང་ན་ལོ་ཙཱ་བ་ཆེན་པོ་སྒྲ་སྒྱུར་མར་པས་རྐང་མགྱོགས་སྒྲུབ་པ་ནང་བཞིན་རྐང་མགྱོགས་སྒྲུབ་ནས་ཟླ་བའི་གོ་ལར་ཉམས་ཞིབ་ཏུ་ཕེབས་པར་རང་ཅག་སྦྱངས་སྟོབས་དང་སྒོམ་སྟོབས་གང་ལའང་དབང་མ་འབྱོར་བ་རྣམས་ཀྱིས་དཔྱད་བྱའི་ཡུལ་མ་ལེགས་སོ།། 
དེ་བས་རང་ཅག་གོང་མ་ཕ་མེས་རྣམས་ཀྱིས་འཛམ་གླིང་རིག་གསར་ལས་ལྷག་པའི་ཤེས་རིག་རླབས་པོ་ཆེ་བསྐྲུན་ནས་རང་ཅག་ཕྱི་རབས་པའི་བགོ་སྐལ་དུ་བཞག་པ་ལ་དགའ་བའི་རྗེས་སུ་ཡི་རངས་ཀྱི་གནས་སུ་འཁུམས།
མཚན་ཉིད་རིག་པ་སྨྲ་བ་ཆེན་པོ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་མི་ལོ་བཅོ་བརྒྱད་ཀྱི་ཆབ་སྲིད་བཙོན་འོག་ཏུ་གཅིག་པུར་བཞུགས་དུས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པ་ཕྱི་རོལ་ཡུལ་གྱི་དངོས་པོ་ཐམས་ཅད་ཀྱི་གནས་ལུགས་རྣམས་རྗེས་དཔག་ཚད་མའི་གཏན་ལ་ཕབ་པ་ལྟར། ས་ཆུ་མེ་རླུང་གིས་འབྱུང་བཞི་དང་དེ་དག་གི་མཚན་ཉིད་ངོ་བོ་བྱེད་ལས་ལ་བརྟེན་ནས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱིས་གྲུབ་པའི་རྩོད་སྒྲུབ་རིག་པར་གསར་བཤད་དང་། ནང་སྒོས་ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད་བཅས་པའི་རྩོད་སྒྲུབ་རིག་པ་གསར་བཤད་ཕྱོགས་སྡོམ་བྱས་པའི་སྙིང་བོ། དེང་རབས་གནམ་དཔྱོད་རིག་པའི་སྐར་གཟུགས་གནས་སྟངས་དང་འབྲེལ་བའི་དཔྱད་གཞི་གསར་ཤོས་རྣམས་ཟུང་འབྲེལ་བྱས་ཐོག རྩོད་སྒྲུབ་རིག་པའི་དབྱེ་ཞིབ་དང་མཚན་ཉིད་རིག་པའི་སྒྲུབ་བྱེད་བཀོལ་ནས་ཟླ་བའི་གོ་ལ་དང་བཅས་པའི་སྐར་གཟུགས་ཡོད་ཚད་ཀྱི་ནང་དུ་སླ་གཟུགས་ཡོད་པར་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་ཞིག་བྱས། དེ་ལ་མཚན་ཉིད་རིག་པའི་ཆེད་མཁས་པ་དྲུག་བཅུའི་གདེང་འཇོག་ཚད་མཐོར་གནང་བས་རྟོག་དཔྱོད་ཀྱི་མེ་ཏོག་ཕུན་ཚོགས་དབང་རྒྱལ་དང་རྩོད་སྒྲུབ་རིག་པར་གསར་བཤད་ཅེས་པའི་དཔེ་དེབ་པར་སྐྲུན་བྱས། དེ་ཡང་རྩོམ་པ་བོའི་ལོ་ཉི་ཤུའི་སྔོན་ལ་རྩོམ་གཞི་བཏང་ནས་ལོ་གསུམ་རྗེས་སུ་རྩོམ་གྲུབ་ཀྱིས་རྩོམ་སྒྲིག་ཁང་ལ་སྤྲད་པའི༡༩༩༤ལོའི་ཟླ༤པའི་ཚེས༢༡ཉིན་འཇར་མན་པར་རིས་གསར་འགྱུར་ལས་ཟླ་བའི་ནང་དུ་འཁྱག་འདུག་ཅེས་སྤེལ་བས། ཁོང་གི་ལྟ་བ་ལ་བདེན་པའི་རྒྱབ་སྐྱོར་གྱི་དཔྱད་གླེང་འཛམ་གླིང་དུ་འཕྱུར།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་འཇིག་རྟེན་ཁམས་ལས་ཉེ་བར་ཐོས་པ་ངོ་མཚར་རྨད་བྱུང་བློ་སྒོ་འབྱེད་པའི་ལྡེ་མིག་གི་ཤོག་ངོས་བཞི་བཅུ་ཞེ་བརྒྱད་སྟེང་། ལོ་བརྒྱའི་སྔོན་དུ་མི་རྣམས་ཟླ་བའི་ཐོག་ཏུ་སོང་ཚུལ། དེ་ནི་སྔར་སུ་ཡང་སོང་མ་མྱོང་བ་ཞིག་ཡིན་པར་གྲགས་ཀྱང་། ༡༨༩༠ལོར་ཨ་མེ་རི་ཀའི་མི་གཉིས་ཟླ་བའི་ཐོག་ཏུ་སོང་བས་ཨ་མོ་སི་ཐེ་ལང་ལས་ལོ་དོན་དགུ་སྔ།བྱ་བཞག་འདིའི་སྦྱིན་བདག་ནི། རོས་སི་ས་ཆའི་ཕྱུག་པོ་འགྲན་ཟླ་མེད་པ་མིང་ལ་མཱ་ཐེན་ཧོ་ཀྲི་མ་ཎ་ཟེར་ལ།བྱ་བ་འདི་ཕྱིན་ཅི་ལོག་ཏུ་མི་འགྲོ་བའི་ཆེད་དུ། ཐོག་མར་སྦ་གསང་བྱས་ནས་གཞན་ལ་ཤེས་སུ་མ་བཅུག བྱ་བཞག་འདིའི་སྦྱིན་བདག་ཅིག་ཤོས་ལ་ཡི་གེ་བསྐུར་བའི་ནང་དུ། ངེས་པར་དུ་གསང་དགོས་ཞེས་ཡི་གེ་མ་བསྐུར་གོང་གི་སྔ་ཉིན་སྐུར་ཡུལ་གྱི་སྦྱིན་བདག་དེ་ཚེ་ལས་འདས་ཤིང་།རང་ཡང་༡༨༩༤ལོར་ཤི་བ་དང་། ཡི་གེ་དེ་ཅོག་ཙེའི་ནང་དུ་བཞག་སྟེ་བསྐུར་མ་ཐུབ། ད་ལྟ་དེའི་ཡང་ཚ་ཞིག་ཡོད་པས་ཡི་གེ་དེ་ཀུན་ལ་བསྒྲགས་ཏེ། ཡི་གེའི་ནང་དུ། མི་དེ་གཉིས་ལྕི་ཚད་ཏུང་ཉི་ཤུ་ཡོད་པ། དབྱིན་ཇིས་བྱས་པའི་མེ་མདར་བསྡད་ནས་ཟླ་བའི་སྟེང་དུ་སོང་།
དུས་ནི་༡༨༩༠ལོའི་ཟླ་དགུ་བའི་ཚེས༡ཉིན་ཡིན། དེའི་ཉིན་བཞི་བར་མི་དེ་གཉིས་ཕྱིར་ལོག ཟླ་བའི་སྟེང་ན་སེམས་ཅན་སུ་གང་ཡང་མེད།  དབེན་མུན་དང་མུན་པ་འཐིབས་པ་དང་ས་རྡུལ་ལས་གྲུབ་པའི་བདེ་ཐང་ཡིན་ཞིང་། མི་ལ་ཕན་པའི་དབུགས་དང་ཆུ་མེད་པས། མི་དེ་གཉིས་ཀའི་རྐང་བར་ཞ་ཉེའི་ལྷམ་གྱོན་ཡོད་པ་མ་གཏོགས། བྱ་འཕུར་བ་ལྟར་འཕུར་འགྲོ་ཞེས་བྲིས་འདུག་གོ། 
དུས་ཚོད་སྔ་ཕྱི་ཞིབ་བསྡུར།
སྤྱི་ལོ༡༧༢༨ནས༡༧༩༡ལོ་བར།དཀོན་མཆོག་འཇིགས་མེད་དབང་པོས་ཟླ་བའི་ལོག་གཞིའི་ནགས་ཚལ་མཐོང་། དབྱིན་ཇིས་བྱས་པའི་མེ་མདར་བསྡད་ནས་ཟླ་བའི་སྟེང་དུ་སོང་བའི་དུས་ནི༡༨༩༠ལོའི་ཟླ་དགུ་བའི་ཚེས༡ཉིན་ཡིན། ༡༩༦༢ལོར་ཨ་མེ་རི་ཀའི་ཨ་མོ་སི་ཐེ་ལང་ཟེར་བའི་མི་གཅིག་ཨ་པོ་ལོ་ཨང་བཅུ་གཅིག་པ་ཞེས་པའི་འཕུར་གྲུར་བསྡད་ནས་ཟླ་བའི་ཐོག་ཏུ་སོང་བ།

0 comments:

ཟིན་བྲིས་འཚོལ་ཡུལ