དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
ལོ་ཚོད་དང་འགྱུར་ཚིག་གི་སྐོར་རོབ་ཙམ་གླེང་བ།།
རྒྱལ་སྲས་ཚང་གིས།
༄༅།།སྐད་ཆ་ནི་ལོ་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་པ་སྐད་རིགས་མི་འདྲ་བའི་ཐུན་མོང་གི་ཁྱད་ཆོས་རེད། འོ་ན་དུས་ཚོད་རིང་ཐུང་གི་དབང་གིས་སྐད་ཆ་འགྱུར་བ་རེད་བསམ་ན་དེ་ཡང་མ་ཡིན། གཙོ་བོ་སྤྱི་ཚོགས་སེམས་ཁམས་ཀྱི་གསང་བ་ཞིག་ཡོད། ང་ཚོས་ལོ་ཚོད་དང་བསྟུན་ནས་སྤྱི་ཚོགས་སེམས་ཁམས་ལ་ཞིབ་འཇུག་བྱས་ནས་སྐད་ཆའི་འཕེལ་རྒྱས་དང་འགྱུར་ལྡོག་མ་འོངས་བའི་འཕེལ་རྒྱས་ཕྱོགས་ལ་བློ་ཁ་ཅུང་ཟད་ཡངས་པོར་ཕྱེ་ཐུབ། ངས་འདིར་མི་ལོ་བཞི་ཅུ་ཡན་གྱི་རྒན་རབས་དང་མི་ལོ་བཞི་ཅུ་མན་གྱི་བར་མའི་ཤེད་པའམ་ལོ་གཞོན་པ་རྣམས་ཀྱི་སྐད་ཆ་འགྱུར་བ་བཤད་པར་འདོད་ལ། ཐོག་མར་ཁོ་རང་ཚོའི་སྤྱི་ཚོགས་ཀྱི་སེམས་ཁམས་ལ་དབྱེ་ཞིབ་བྱེད་རྒྱུ་གལ་ཆེ། སྤྱིར་བཏང་དུ་རྒན་རབས་པ་ནི་བྱ་དངོས་གསར་བ་ཞིག་བསྡུ་ལེན་བྱེད་པའི་ནུས་པ་ཞན་པ་དང་། རང་ལ་གོམ་པའི་བྱ་དངོས་ལུགས་སྲོལ་ཐམས་ཅད་བདེན་པར་འཛིན་པའི་མཁྲིགས་འཛིན་ཆེ་བ་ཞིག་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་འཛིན།། གསར་བ་ཐམས་ཅད་བདུད་གྱི་འཕྲུལ་དུ་སེམས།། ཞེས་པ་ལས་མ་འདས་སོ།། ལོ་གཞོན་པ་རྣམས་ནི་སྤྱི་ཚོགས་ཀྱི་བྱ་གཞག་ཐམས་ཅད་ལ་འཇུག་བཞིན་པའི་སྤྲོ་བ་ཆེན་པོ་ཞིག་དང་རིག་པ་ཡག་པོ་ཞིག་འཛོམས་པས་བྱ་དངོས་གསར་བར་འཇུག་སླ་བ་དང་། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པས་མི་རབས་གཉིས་པར་སྐད་ཆའི་འགྱུར་ལྡོག་གི་སྣང་ཚུལ་བྱུང་བ་རེད།
གཤམ་ནས་དཔེ་བརྗོད་དང་བཅས་དབྱེ་ཞིབ་ཅུང་ཙམ་ཞིག་ཞུ་ན། 


མིང་ཚིག
ཕར་ཕྱིན།
སྲོག
སྲུང་།

ལོ་ལོན།
ཧར་ཕྱིན།
ཧྲོག
ཧྲོང་།

ན་གཞོན།
ཕར་ཕྱིན།
སྲོག
སྲུང་།

 
ཞེས་པ་ལྟ་བུ་ནི་སྐད་ཡིག་སྟེང་ན་འདོན་ཚུལ་གྱི་སྒྲ་མི་འདྲ་བའི་ཁྱད་པར་ཡིན་ལ། རྒན་རབས་པའི་ཕར་ཕྱིན་ལ་ཧར་ཕྱིན་དང་། སྲོག་ལ་ཧྲོག སྲུང་ལ་ཧྲོང་ཞེས་འདོན་པ་ནི་རང་གི་དགེ་རྒན་གོང་མ་རྣམས་ཀྱི་བཀླག་རྒྱུན་ཞིག་ཡིན་པ་མཁྲེགས་འཛིན་བྱས་པ་ཡིན་པར་སེམས། འོ་ན་གཞོན་པ་རྣམས་ཀྱིས་ཕར་ཕྱིན་ལ་ཕར་ཕྱིན་དང་། སྲོག་ལ་སྲོག་ཞེས་འདོན་པ་ནི་བོད་ཡིག་སྟེང་ན་ཡིག་རིགས་གཞན་དང་མི་འདྲ་བའི་ཚིག་འདེད་ཀྱི་སྒྲ་བཀླག་ཚུལ་ཇི་ལྟ་བ་བཞིན་དུ་བཀླག་པར་སེམས། ཡང་དཔེར་ན།  


མིང་ཚིག
སློང་མོ།
ཕ་མ།
གྲྭ་བ།

ལོ་ལོན།
ཧྲོང་མོ།
ཧ་མ།
བན་དེ།

ན་གཞོན།
སྤོང་ངོ་།
ཕ་མ། 
གྲྭ་བ། 

 
ལྟ་བུ་ནི་ཁ་སྐད་གྱི་སྒྲ་གདངས་མི་འདྲ་བའི་འགྱུར་ལྡོག་ཡིན་ལ། འདིའི་སྟེང་ནས་ང་ཚོས་མཐོང་ཐུབ་པ་ནི་ལོ་ལོན་རྣམས་ཀྱིས་སྔོན་གྱི་སྒྲ་གདངས་མཁྲེགས་འཛིན་བྱས་ཡོད་པ་ཤེས་ཐུབ། ལོ་རྒྱུས་དཔེ་ཆའི་ནང་གྲྭ་བ་གསར་དུ་དར་དུས་བན་དེ་བྱས་བརྗོད་སྲོལ་ཡོད་པ་ལས་ར་སྤྲོད་བྱེད་ཐུབ། ན་གཞོན་རྣམས་ནི་བསམ་པ་མཁྲེགས་བཟུང་ཅན་མ་ཡིན་པར་དེ་ལས་ལྡོག་པར་གསར་གཏོད་སོགས་གང་འདྲ་བྱེད་ཐུབ་པ་ཤེས་ཐུབ། ཡང་དཔེར་ན།
 
མིང་ཚིག
飞机
粉条
副主席
 
ལོ་ལོན།
ཕའེ་ཅི།
ཕུན།
ཕུའུ་ཀྲུའུ་ཞི།

ན་གཞོན།
ཧའེ་ཅི།
ཧྥུན།
ཧྥུའུ་ཀྲུའུ་ཞི།



ཞེས་པ་ལྟ་བུའི་སྟེང་ནས་ཧྥ་ཞེས་པའི་སྒྲ་འདི་བོད་ཀྱི་སྤྱི་ཚོགས་ལ་མཁོ་ཆུང་བས་སྔ་རབས་སུ་མ་དར་བ་དང་། རྗེས་སོར་མི་རིགས་གཞན་དང་ལྷག་པར་དུ་རྒྱ་ལ་འབྲེལ་གཏུགས་མང་བོ་བྱས་པའི་སྒྲ་གསར་བ་འདི་བསྣན་པ་ཡིན་མོད། རྒན་རབས་པས་ད་དུང་ཕུའུ་ཀྲུའུ་ཞི་ཞེས་འབྲི་བ་དང་བརྗོད་པ་སོགས་ཡོད་ལ། ན་གཞོན་ནི་གང་ལ་ཡང་འཇུག་པ་མྱུར་བས་ཕུའུ་ཞེས་བྲི་ཀློག་བྱེད་པ་གཅིག་ཀྱང་མེད་དོ།།   
གཞན་ཡང་རྒན་རབས་པ་རྣམས་ཀྱིས་དེ་བ་ཚང་། ཁོང་རིན་པོ་ཆེ། ཁོང་ཞེས་པའི་གུས་སྲོལ་བླ་ན་མེད་པ་ཞིག་ཡིན་ཏེ། དཔེ་སྟེང་དུ་མཚན་ཙམ་གྱིས་ཀྱང་རྣ་བའི་བཅུད་ལེན་པ་གང་། མཚན་འཛིན་པར་དཀའ་བ་ཞེས་མིང་བྲིས་ཡོད་པ་བརྩི་བཀུར་ཆེན་པོ་བྱས་པའི་རྟགས་སུ་མངོན་པ་ལྟར་རྒན་རབས་པའི་ངག་ལའང་འདི་ལྟ་བུ་མང་མོད། ན་གཞོན་རྣམས་ནི་དེ་ལས་འདས་དེ་དེ་བ་ཚང་། ཁོང་ཚང་ལྟ་བུ་བརྗོད་རྒྱུ་མེད་པའོ།། འདི་དག་གི་སྟེང་ནས་ང་ཚོས་ཤེས་ཐུབ་པ་ནི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྙིང་བ་མཐར་སྐྲོད་བཏང་བ་དང་། ན་གཞོན་རྣམས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པར་བྱ་དངོས་དང་སྐད་ཆ་རིག་གསར་སོགས་ལ་འཇུག་བདེ་བ་དེའོ།།

0 comments:

ཟིན་བྲིས་འཚོལ་ཡུལ