དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
ཐོལ་བྱུང་གི་གླུ།
 
གངས་དཀར་ལྷུན་པོ་ཡི་མཛེས་རྒྱན།།
ཉི་ཟླ་རྣ་ཆ་ལ་བཏགས་ནས།།
གངས་སེང་གད་རྒྱངས་རེ་སྒྲོགས་པར།།
སྨོན་ལམ་གསོལ་བ་རེ་འདེབས་ཡ།།
སེང་ཕྲུག་ཡོན་ཏན་གྱི་གཡུ་རལ།།
མཐོ་གསུམ་ནམ་མཁའ་ལ་གསིག་ཅིང་།།
རྒྱང་མཐོང་མེ་ལོང་རེ་འཛིན་རྒྱུ།།
སྐུལ་མ་གསོལ་བ་རེ་འདེབས་ཡ།།
ཡ་གའི་བདེ་ལྡན་གྱི་ཞིང་ཁམས།།
མ་གའི་དམྱལ་བ་ཡི་ཟངས་ཆེན།།
གང་དུ་བདམ་རྒྱུ་ཡི་བདམ་ང་།།
བུ་ཁྱོད་སྙིང་རུས་ལ་ཐུག་ཡ།།
ཞེ་རུས་བརྩོན་ལྡན་གྱི་མི་ལ།།
མི་འགྲུབ་བྱ་བ་ནི་ཡོད་མིན།།
གང་བྱུང་ལས་དབང་ལ་ཁ་གཡར།།
རང་ཉིད་གུ་ཡངས་ལ་མ་གཏོང་།།
དགོན་པའི་བླ་མ་དང་སྤྲུལ་སྐུ།།
རྒྱལ་ཁབ་དཔོན་པོ་དང་ལས་བྱེད།།
མ་བསམ་ཁ་ཁ་དང་སོ་སོ།།
བསམས་ན་གཅིག་པ་རུ་འདུག་གོ།
གཅིག་གིས་སེམས་ཅན་གྱི་འགྲོ་དོན།།
ཅིག་ཤོས་མི་དམངས་ལ་ཞབས་འདེགས།།
ཐ་སྙད་འདོག་ཚུལ་ནི་མི་གཅིག 
ལག་ལེན་ཐིགས་པ་རུ་འདྲེས་འདུག །
ཆོས་ལུགས་ཆོས་ལུགས་སུ་སྒྲོག་ཀྱང་།།
སེམས་ཅན་འགྲོ་དྲུག་གི་བདེ་དོན།།
ཆབ་སྲིད་ཆབ་སྲིད་ཅེས་ཟེར་ཡང་།།
མི་དམངས་བདེ་སྐྱིད་ཀྱི་བདག་གཉེར།།
ཚན་ཚན་རིག་པ་ཡི་ཞིབ་འཇུག །
དངོས་པོའི་བདེན་དོན་གྱི་ར་སྤྲོད།།
ཆོས་ལུགས་ཆོས་ལུགས་ཀྱི་ཞིབ་འཇུག །
དངོས་པོའི་མཐར་ཐུག་གི་དེ་ཉིད།།
གཅིག་གིས་དངོས་པོ་ཡི་བདེན་དོན།།
ཀྲི་ཙི་ཀྲུང་ཙི་ལ་དབྱེ་ཞིང་།།
གང་གི་རྟེན་འབྲེལ་གྱི་དངོས་པོ།།
རྡུལ་ཕྲན་ཆ་མེད་ཀྱིས་གྲུབ་པ།།
གང་གིས་བདེ་ལྡན་གྱི་ཞིང་ཁམས།།
གཅིག་གིས་གུང་ཁྲན་གྱི་རིང་ལུགས།།
ཡོད་ན་ཅིག་ཤོས་ཀྱང་མེད་མིན།།
བརྩོན་འགྲུས་སྐལ་ལྡན་གྱི་སྤྱོད་ཡུལ།།
དེང་རབས་བཙོན་པ་ཡི་ལུས་ལ།།
རྫོགས་ཆེན་མཉམ་ཉིད་དང་དབྱེར་མེད།།
དགོངས་ཀློང་རང་གྲོལ་དུ་རྫོགས་པས།།
ཐོལ་བྱུང་གླུ་དབྱངས་འདི་བླངས་སོང་།།
མཐའ་གཅིག་བསྟོད་པ་ཡི་ཕྱོགས་ཞེན།།
མཐའ་གཅིག་སྨད་པ་ཡི་དགག་སྒྲུབ།།
རྟག་ཆད་མཐའ་གཉིས་ལ་མ་ལྷུང་།།
དབུ་མའི་ལམ་ཆེན་ལ་ཞུགས་ཡ།།
༡༩༩༧ལོའི་ཟླ༡ཚེས༡༣དགོང་མོར་ཆུ་གློག་སྒྲིག་ཆས་བཟོ་གྲྭའི་ཆུ་སྐོལ་ཁང་ནས་ཤར་མར་བྲིས།

0 comments:

ཟིན་བྲིས་འཚོལ་ཡུལ