དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 28 March 2014
རྒྱ་ནག་གྲོང་ཁྱེར་ཆེན་པོ་ཞིག་ལ་སླེབས་དུས།།
མི་ནག་གོས་ནག་གོན་པའི་ཡུལ།།
ཟས་ངན་སྦལ་གཅོང་ཟ་བའི་ཡུལ།།
གཏམ་ནག་ངན་དགུ་སྨྲ་བའི་ཡུལ།།
ཆང་ནག་རྔམ་འཐུང་བྱེད་པའི་ཡུལ།།
ལས་ནག་འཁོར་བ་སྤེལ་བའི་ཡུལ།།
ཁྱིམ་ནག་བུད་མེད་ངན་པ་གནས།།
གྲོགས་ནག་དྲན་འཁྲུལ་མཁས་པའི་གནས།།
ཛབྱ་ནག་ཐན་སྐད་འབྱིན་པའི་གནས།།
ཚེས་ནག་ཉི་ཤུ་དགུ་ཡི་ཉིན།།
མི་ནག་འཁྱམ་པོ་འགྲོ་བའི་ཚེ།།
འགྲོ་ནག་སེམས་ཅན་མ་ལུས་པ།།
ལས་ནག་ཟད་པའི་སྨོན་ལམ་གྱིས།།
ཚིག་གསུམ་ཤོག་ནག་སྟེང་ལ་འདེབས།།
ཞེས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྔོ་ཚོད་ཚོང་རྭ་ཆེན་པོ་ཞིག་ནས་སྦལ་བ་གསོན་བཤུ་བྱེད་བཞིན་པ་མཐོང་དུས་བྲིས་པ་འདིས་ཀྱང་འགྲོ་རྣམས་ལས་ནག་ཟད་པའི་སྨོན་ལམ་འདེབས།
Subscribe to:
Post Comments (Atom)
0 comments:
Post a Comment