དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 27 March 2014
ཇ་གླུ་ཧུབ་གང་མ།།
གླུ་ཐ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །གླུ་ཨ་ལ་ཨ་ལ་ཨ་ལ་རེད།།ཨ་ལ་ངག་གི་འགུག་ལུགས་རེད། བླ་མ་ཨོ་རྒྱན་ཆེན་པོ་དང་།།ཡི་དམ་དུས་ཀྱི་འཁོར་ལོ་ཆེ།།མཁའ་འགྲོ་རྗེ་བཙུན་སྒྲོལ་མ་དང་།།ཆོས་སྐྱོང་གེ་སར་རྒྱལ་པོ་མཁྱེན།།བསྟན་འགྲོ་བའི་དོན་ཆེན་ལྷུན་གྲུབ་མཛོད།།ས་འདི་འདྲའི་ས་ངོ་མ་ཤེས་ན།།ས་སྐྱིད་པོ་ཝ་ཡེལ་ལུང་པ་རེད། བུ་ང་འདྲའི་ང་ངོ་མ་ཤེས་ན།།གླིང་འབུམ་པ་ཚང་གི་རྒྱལ་རྒྱུད་ལ།།བུ་རྒོད་པོ་དཔལ་དགྱེས་མིང་དུ་གྲགས། ད་དེ་ནས་ཉོན་དང་དྲ་གྲོགས་ཀུན།།དོན་མེད་པའི་ཅོ་དྲི་བྱེད་པ་དང་།།འུར་སྒྲོགས་པའི་དཔར་བཟོ་རྫུན་མ་ལ།།བློ་ཡིད་གཏད་མ་བྱེད་དཔྱོད་ལྡན་ཚོ།།དོན་དངོས་རྗེས་སྨྲ་བའི་རྟོག་གེ་དང་།།ས་ལམ་འབྲས་མེད་པའི་རྟོག་གེ་དང་།།དོན་ཆོས་མེད་སྨྲ་བའི་རྟོག་གེ་དང་།།ཆོས་བསླབ་བྱ་མི་བརྩོན་རྟོག་གེའི་རིགས།།མགོ་དྲེད་པོ་སོང་བའི་རྟོག་གེ་དང་།།བྱམས་སྙིང་བརྩེ་མེད་པའི་རྟོག་གེ་བ།།དད་དག་སྣང་མེད་པའི་རྟོག་གེ་རྣམས།།མི་ཤི་བོའི་ལུས་དང་ཁྱད་པར་མེད།།མི་ཁྱོད་ཚོས་ལྟ་སྤྱོད་མ་འདྲེས་ཨང་།།བོད་ཆོས་བརྒྱུད་ལོ་རྒྱུས་མི་ཤེས་བཞིན།།ཕ་ཡབ་མེས་ཀླད་རྙིང་གྲལ་དུ་བཞག།ཕྱི་དགྲ་ལ་རྒྱ་དར་དཀར་པོ་འབུལ།།ནང་གཉེན་ལ་དུག་གི་ཚེར་མ་བསྟེན།།འདྲེ་གདུག་པ་སྐྱབས་སུ་འཛིན་མི་ལ།།གྲོགས་སྤྱོད་ལམ་མ་གཅིག་ཕ་བཟང་བུ།།ཆོས་བསྟན་པ་མགོ་ནས་བཤིག་ནི་དང་།།གཤིས་ངན་པ་ཕྱི་འཇམ་ནང་རྩུབ་མཁན།།རྗེ་མཐུན་ལམ་དགྲ་ལ་བྱེད་མི་རེད།།མི་དེ་རིགས་བཟང་པོ་སྣ་གཅིག་མེད།།བསྟན་ར་ཤ་བརྗེ་འཁན་དེ་ཚོ་ཡིན།།བོད་ཕོ་བླ་བཙོང་འཁན་དེ་རྣམས་ཡིན།།ཆོས་ཡང་དག་མ་ཤེས་ཚན་རིག་ཟེར།།དེང་ཡང་རབས་མ་ཤེས་ཆོས་ལ་སྨད།།ཆོས་འཇིག་རྟེན་མེད་པའི་ཁ་རྒྱག་ལ།།བུ་རྒོད་པོ་བརྟགས་པ་སྟོང་གཏམ་རེད།།རྒྱུ་ནོམ་པ་རིག་དུས་ཞེན་ཆགས་འབར།།ཟས་ཞིམ་པོ་མཐོང་དུས་འགྲམ་ཆུ་ཤོར།།ངན་སྣ་དགུ་ཚོར་དུས་རྟོག་གེ་རྒོད།།ལུང་རྟོགས་པ་མེད་པའི་རྟོག་གེ་ཟེར།།དོལ་གདོན་འདྲེ་མཆོད་པའི་བོད་པ་དང་།།ཟོག་ར་ལུག་གསོད་པའི་ཤན་པ་དང་།།དོན་ལ་རྒྱ་མེད་པའི་དགྱ་ཁྱི་རིགས།།བོད་གངས་ཅན་ཚང་གི་ཐན་ཞིག་ཡིན།།དྲིན་ཕ་མ་གསོ་བའི་བུ་ཕྲུག་དང་།།ནང་ཁྱིམ་འཚེས་མཐུན་པའི་གཤིས་བཟང་དང་།།རྫུན་གཡོ་སྒྱུ་མེད་པའི་གྲོགས་པོའི་རིགས།།དུས་ཡུན་དུ་འགྲོགས་དང་སེམས་པ་སྐྱིད།།དད་སྙིང་རྗེ་ཅན་གྱི་སློབ་མ་དང་།།ཐབས་ཤེས་རབ་ལྡན་པའི་བླ་མ་དང་།།ཆོས་འཇིག་རྟེན་མཁས་པའི་སློབ་དཔོན་ལ།།བློ་སེམས་པ་གཏོད་དང་འགྱུར་བ་མེད།།ཆོས་བསམ་ན་རབ་བྱུང་སྔགས་པ་གྱིས།།དོན་སོར་བྱང་སྔགས་ལ་རིམ་ཞུགས་ནས།།གནད་ཆོས་སྐུའི་རྒྱལ་ས་ཟིན་པར་མཛོད།།གླུ་གོ་ན་རྣ་བའི་བུ་རམ་གྱིས།།མ་གོ་གླུ་ལ་འགྲེལ་བ་མེད།།

0 comments:

ཟིན་བྲིས་འཚོལ་ཡུལ