དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 14 April 2014
    
             14/4.14འི་རྒྱབ་ཆོས།


ཡོམ་ཡོམ་ཤིག་ཤིག་འགུལ་བའི་དུས་དེ་ནས།།
སྙིང་ཤ་དུམ་སེ་ཐོར་བའི་མི་ཚོགས་ལ།།
འཆི་བའི་བར་དོ་ཤར་བའི་ལས་སྣང་གིས།།
སྲིད་པའི་སྡུག་བསྔལ་མཚོ་མོ་རབ་ཏུ་གཡོ།།

ལོ་ཟླའི་ཕྲེང་རྡོག་བར་གྱི་མི་ཚེའི་ནང་།།
བྲང་གཞུང་ཚ་བར་གཏོར་བའི་འཇིགས་སྔངས་དང་།།
དཀའ་སྡུག་ས་ཆུ་འདྲེས་པའི་མྱོང་ཚོར་དག།
སྡེ་ཆེན་སྐྱེ་རྒུ་གྲོང་གི་གོད་ཆག་ཡིན།།

སྒྱུ་མའི་ཆོ་འཕྲུལ་སྟོན་པའི་ཡུལ་ཤུལ་ན།།
མི་འདོད་ཐོག་ཏུ་བབས་པའི་སྡུག་བསྔལ་གྱིས།།
སྐྱོ་བའི་ཆོ་ངེ་འདོན་པའི་སྐད་རིང་ནི།།
མི་སྲུན་དུས་ཀྱིས་བཟོས་པའི་ཆོས་ཉིད་ཙམ།།

གནམ་ས་ཆ་ལང་བརྡབ་པའི་སྐྱེ་རྒུ་རུ།།
ཤི་གསོན་ཁ་བྲལ་གྱུར་པའི་མངོན་སུམ་གྱིས།།
ཡ་ཁོག་སྡུག་གིས་བཅོམ་པའི་རྨི་ལམ་དེས།།
མིག་ཀོང་མཆི་མས་བརླན་པ་ཐེངས་གཅིག་མིན།།

ཐ་སྙད་མེ་ཏོག་ཚིག་རོ་བཞི་གཅིག་བཞི།།
ལན་རེར་རྣ་བའི་ཨར་ཁུང་འགྲིམས་ཙམ་གྱིས།།
རུས་རྐང་ཁྲག་ལ་འདྲེས་པའི་གྱོང་གུན་དག།
ལྗོན་ཤིང་མཚོ་ལ་ལྷུང་བའི་ངང་ཚུལ་འདྲ།།

ས་རྡུལ་ལང་ལོང་ཁྲོད་ཀྱི་ཞོགས་པ་དེ།།
ཚེ་སྲོག་ཁྲི་སྟོང་མང་པོའི་གཤེད་མ་ཞིག།
ཁང་བརྩེགས་ཐང་ལ་བརྡབ་པའི་བར་ཆད་ཀྱིས།།
ཚེ་འདིའི་སྣང་བ་ནུབ་པའི་རྐྱེན་དུ་གྱུར།།

སྐད་ཅིག་ཙམ་ལ་གཡོ་འགུལ་ཐེངས་གཅིག་གིས།།
མི་ཐེག་སྙིང་ལ་ཟགས་པའི་ན་ཟུག་བསླངས།།
དེ་རིང་ཡང་ནི་སྐྱེ་རྒུ་མི་བརྗེད་དེ།།
འུར་འུར་རྡིག་རྡིག་ཁྲོད་ཀྱི་མི་རིགས་དྲན།།
2014.4.14ཉིན་ཡུལ་ཤུལ་ནས་བྲིས།
༤,,,.༡༤འི་ས་འགུལ་བྱུང་རྗེས་ཀྱི་པར་འགའ།



༢༠༡༤.༤.༡༣ཉིན་ཟུར་མང་དགོན་ཆེན་གྱིས་4.14འི་དུས་དྲན་འཚོགས་སྐབས་ཀྱི་པར།

0 comments:

ཟིན་བྲིས་འཚོལ་ཡུལ