དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 11 April 2014
སྒྲོལ་མའི་ལས་དབང་།།
 
སྐྱ་རེངས་སྐྱ་མདའ་དང་འགྲོགས་ནས། །
ཤག་ཤག་གཙངཆབ་རེ་འཆུ་ཞིང་། །
ལྡེམ་ལྡེམ་ཟོ་བ་རེ་ཁུར་བ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
མེ་ལྕེ་མེ་ཏོག་འདྲ་བཏང་ནས། །
ཕྱི་ནང་གད་བདར་ལ་རེམ་ཞིང་། །        
གནག་ལྷས་ལྕི་བ་རེ་བཏུ་བ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
ཁ་ཆར་བུ་ཡུག་གི་གདངས་ལ། །
དགོ་དགོ་དབྱངས་རྟ་རེ་བཀུག་ནས། །
དཀར་འཇམ་འོ་མ་རེ་བཞོ་བ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
འོ་ཇའི་མཆོད་པ་རེ་འཕངས་ཏེ། །
ཨ་ཡེས་ཨ་མྱེས་དང་བཟའ་ཟླར། །
དཀར་ཡོལ་རྟགས་བརྒྱད་རེ་འདྲེན་པ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
ཉི་ཟེར་ཟིལ་བ་ཡི་བར་ནས། །
ནོར་ནག་ལྷས་གདང་ནས་བཏང་སྟེ། །
རྫ་མགོ་རི་མགོ་ལ་འགྲིམས་པ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
དབེན་ལྗོངས་ལ་ལུང་གི་ཁུག་ནས། །
སྨྲེང་གཞས་དབྱངས་རྟ་ལ་གྱེར་ཅིང་། །
ཀ་ཁའི་སྙན་དབྱངས་ལ་འཁྲུལ་བ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
ཨ་ནེས་ཁ་ལོག་གི་མ་ཎི། །
བཟའ་ཟླས་ཕྱག་འཇལ་གྱི་གྲངས་ཀ །
ཡ་ཆུང་གངས་དཀར་དུ་སྦྲུམ་པ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
ལྕི་བ་རྩྭ་ལྡུམ་གྱི་བར་ནས། །
ཙག་དང་བསེར་བུ་ལ་བརྒྱུད་ནས། ། 
ལག་འཇམ་ཚེར་མ་རུ་བཏང་བ། ། 
སྒྲོལ་མའི་ལས་དབང་རང་ཨེ་ཡིན། ། 
 
རི་ལུང་ཐང་སྟོང་ལ་འགྲིམ་ནས། ། 
ནོར་ནག་ལུག་ཁྱུ་དང་ལྷན་དུ། ། 
ལང་ཚོ་གཉེར་རིས་ལ་ཕབས་པ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། ། 
 
དྲིན་ཆེན་གཅེས་ལོ་ཡི་མ་ལོ། །
བུ་མོ་སློབ་གྲྭ་ལ་མི་བསྐྱལ། ། 
ཕྱི་ནང་ལག་ལས་རེ་སློབ་པ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། ། 
 
དྲིན་ཆེན་ཕ་ལོ་དང་མིང་བོ། །
བུ་མོ་རང་འདོད་ལ་མི་མངགས། །
རྒྱུ་ཆེན་བཞོན་རྟ་ལ་བརྗེ་བ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
 
གངས་ལྗོངས་བུད་མེད་ཀྱི་ལས་དབང་། །
གངས་དཀར་བརྩེགས་རིམ་དང་བསྡེབས་ནས། །
གངས་འཁྱག་ཁ་བ་དང་བརྗེ་བ། །
སྒྲོལ་མའི་ལས་དབང་རང་ཨེ་ཡིན། །
༡༩༩༦ལོའི་ཟླ༢པའི་ཚེས༡༠ཉིན་བུད་མེད་སྒྲོལ་མ་ཞེས་པ་ཞིག་ང་ལ་བལྟ་རུ་ཡོང་བ་གླེང་སྟེགས་བུད་མེད་ཀྱི་ལས་དབང་ལ་མནོ་བསམ་ཙམ་ཤོར་བའོ།།

0 comments:

ཟིན་བྲིས་འཚོལ་ཡུལ