དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 20 April 2014

ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལ་ཕྲིན་ལས་དར་རྒྱས་སུ་སྨོན་པ་འོད་གསལ་ཉི་མ་ཞེས་བྱ་བ།

ཨེ་མ་ཧོ།།

རང་སྣང་རྔ་ཡབ་དཔལ་རིའི་ཕོ་བྲང་ནས།།

རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ།།

གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།

འགྲོ་ཁམས་ཡོངས་སུ་སྨིན་གྲོལ་ནུས་པར་མཛོད།།

 

ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས།།

ཙི་ནའི་མཁྱེན་རབ་དབང་ཕྱུག་འཇམ་དཔལ་དབྱངས།།

གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེ་འཛིན།།

དབྱེར་མེད་དྲིན་ཆེན་བླ་མས་རྟག་ཏུ་སྐྱོབས།།


ཨེ་ཝྃ་མདོ་སྔགས་རིག་གནས་བཅུ་ཕྲག་གཞུང་།།

ཨོ་རྒྱན་པདྨའི་རང་ལུགས་བཤད་སྒྲུབ་འཛིན་སྐྱོང་སྤེལ།།

ཕན་བདེའི་ལེགས་ཚོགས་མ་ལུས་ཡིད་བཞིན་འཇོ།།

ཞི་རྒྱས་དབང་དྲག་ལས་ཀུན་ལྷུན་གྲུབ་ཤོག།


རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་བཞུགས།།

ཡི་དམ་རྒྱལ་བས་གསུང་ཆོས་ངག་ལ་འཁྲུངས།།

མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོག།

བསྟན་འགྲོའི་དོན་ཀུན་འབད་མེད་མྱུར་འགྲུབ་ཤོག།


ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་དཔལ་དུས་ཀྱི་འཁོར་ལོའི་ཚེས་འགོ་ནས་ཨེ་ཝྃ་སྒྱུ་རྩལ་ཚོགས་པའི་མཁན་སྤྲུལ་བླ་གྲྭ་རྣམས་རྒྱ་བོད་ཆིག་སྒྲིལ་གྱི་འགྲོ་དོན་སྒྲུབ་པ་ལ་ཡི་རང་བཅས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་ཤྲྰིས་སྨོན་པར་བཞིན་དུ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་གནང་བར་མཛད་དུ་གསོལ།། །།

0 comments:

ཟིན་བྲིས་འཚོལ་ཡུལ