དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 18 April 2014
གཟན་ཤམ་ཅན་ལ་ཆུང་མ་མི་མཛེས་ཀི
བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་མཆོག་གི་ཞལ་གྱི་པདྨོ་རྣམ་པར་བཞད་པའི་དཀྱིལ་ཡངས་ལས་བསྩལ་བའི་བསྟན་པ་རིན་པོ་ཆེ་རྨ་མེད་པ་དེ་ནི། སློབ་དཔོན་ཆེན་པོ་དབྱིག་གྱིས་རྣམ་པ་གཉིས་སུ་གསུངས་བ་ནང་བཞིན་ལུང་དང་རྟོགས་པའི་བདག་ཉིད་ཅན་དེ་རེད། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་ཚུལ་ཟབ་མོ་དེ་འཛིན་པར་བྱེད་པ་ནི་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས་ཏེ་ངག་རྒྱུན་དུ་དགེ་འདུན་པའི་སྡེ་གཉིས་སུ་འབོད་པ་དེ་རེད་འདུག གོས་དཀར་ལྕང་ལོའི་སྡེ་ནི་ང་ཚོ་ཚང་མའི་སྔག་ས་པ་ཞེས་འབོད་ཀྱིན་
པ་དེ། སྔགས་པ་ཞེས་པའི་ཐ་སྙད་འདིའི་མཚན་ཉིད་དྲངས་ནས་འགྲེལ་དགོས་ན་ཤིན་ཏུ་ནས་ཀྱང་ཁག་པོ་འདུག་པ་ནི་རྒྱལ་བ་ཀློང་ཆེན་པ་
དང་སློབ་དཔོན་པདྨའི་བཀའ་སློབ་དག་ལས་གོ་ཡོང་བ་རེད། མགོ་ལ་རལ་བ་ཆེན་པོ་དཀྲིས་ཤིང་འབུད་རྡུང་དཀྲོལ་གསུམ་དང་འདོན་བཅའ་
ཁ་ཕྱག་ལེན་ལ་མཁས་པ་ཙམ་གྱིས་སྔགས་པ་ཞེས་པའི་མཚན་ཉིད་ཀྱི་ཟུར་ཙམ་ཡང་མ་མིན་ལ་སྔགས་པ་རེ་རེའི་གམ་དུ་ཆུང་མ་རེ་རེ་ཡོད་པས་ཀྱང་མ་ཡིན་ནོ། སྔགས་པར་ཁས་འཆེ་བ་དག་ལ་ཡང་ངེས་པར་དུ་ལྡན་དགོས་པ་ནི་སེམས་ངོ་རྟོགས་པ་དང་སྙིང་རྗེ་ལྡན་པ་མོས་གུས་ཡོད་པ་
འཛིངས་མོ་དང་ཤགས་ལ་ཡོངས་སུ་སུན་པ་ཞིག་དགོས་གསུངས་འདུག་ལ། རིག་པ་གནད་དུ་སྨིན་ཞིང་རྩ་ཐིག་རླུང་གསུམ་ལ་རང་དབང་
འབྱོར་བའི་སྔགས་པ་ནི་ཧ་ཅང་ཉུང་ཉུང་རེད་ཅེས་མེས་པོ་ཞབས་དཀར་གྱིས་མཚོན་པའི་དམ་པ་གསེར་ནག་གི་རི་བོ་འདྲ་བ་དག་གི་མཛད་རྗེས་ཀྱི་བཀའ་པོད་རེ་རེའི་ཧྲག་ན་ཡོད་ཚོད་རེད། འུ་ཅག་གི་བླ་མ་བགྲེས་པོ་དག་གི་ཞལ་སྔ་ནས་ཀྱང་ང་ཚོའི་སྤྱི་ཚོགས་སྟེང་ན་སྔགས་པ་སྔགས་
མའི་མིང་ཅན་མང་པོ་འདུག་ལ་སྔགས་པའི་ཁྱད་ཆས་ཚང་དགོས་ན་ཁག་པོ་འདུག་མོད། དད་པ་དང་དག་སྣང་གཞན་དང་མི་འདྲ་བ་ཞིག་
དགོས་ཚུལ་གདམས་པ་དེ་ནི་སེམས་རན་དང་གླེང་རན་རྒྱ་ཆེན་པོ་འདུག་གོ རབ་བྱུང་བ་དེ་ལ་དབྱེ་ན་དགེ་ཚུལ་ཕ་མ་དང་དགེ་སློང་ཕ་མ་
སོགས་རེད། གཟན་ཤམ་དམར་པོ་གྱོན་གྱོན་ཚང་མ་དགེ་ཚུལ་དགེ་སློང་ཡིན་པའི་ངེས་པ་མེད་ལ་ཁ་སང་དེ་རིང་གྱོན་པ་དམར་སེར་གྱོན་ནས་
སྤྱི་ཚོགས་སྟེང་ན་ཁྱིམ་པ་བ་དག་ལ་མ་དད་པའི་མིག་ལྟོས་ངན་པ་སྦྱིན་མཁན་མང་པོ་ཡོད། ཁོ་བོས་རང་གི་ཡིད་དུ་འཆར་བའི་བསམ་ཚུལ་འདི་
ནས་མདོ་ཙམ་བཤད་རྒྱུ་ཡིན། ས་ཆ་ཞིག་ན་གཟན་ཤམ་ཅན་གྱི་བན་དེ་ལ་ཆུང་མ་ལེན་པ་ཁོ་བོའི་མིག་མཐོང་ལག་ཟིན་དང་ད་དུང་
གཟན་ཤམ་གྱོན་ནས་བུ་མོར་རྩེད་རུ་འགྲོ་བ་ཡང་ངོ་། ངས་འདི་ལྟར་བཤད་ན་གནས་ལུགས་དང་བདེན་རྫུན་ལ་དཔྱོད་པ་མི་གཏོང་བའི་མི་
དག་གིས་ང་ལ་དམོད་སྲིད་ལ། དོན་ངོ་མར་བཤད་ན་ང་གྲྭ་བཙུན་དག་ལ་མ་དད་པ་གཞི་ནས་མིན་ལ་གནས་ལུགས་ངོ་མ་དེ་བཤད་
འདོད་པས་ཡིན། ཆུང་མ་ཅན་གྱི་སེར་མོ་བ་དེའི་ངོས་ནས་གླེང་ན་ཁོའི་རིག་པ་ཚད་དུ་ཕེབས་ཤིང་རྩ་ཐིག་རླུང་གསུམ་ལ་རང་དབང་འབྱོར་བ་
ཞིག་ཨེ་ཡིན་མི་ཤེས་ལ་དེ་ལྟར་ཡིན་ཡང་ཆོག་གོ ཁོའི་རང་རྒྱུད་དུ་སོར་སྡོམ་བླངས་མེད་པ་ཡང་འདྲ་སྟེ་མེད་ཀྱང་ཆོག་གི རེད་དེ་ཁོ་བོ་་་་་
དང་འདྲ་བའི་ཁྱིམ་པ་གླེན་པོ་ཚོས་བསམ་བློ་ཅི་ཡང་མེད་པར་དགེ་འདུན་པ་སྤྱི་ལ་འདིའི་བྱ་སྤྱོད་བཀབ་ནས་དམོད་པ་གཏོང་སྲིད་ལ། དགེ་འདུན་པ་སྤྱི་ལ་ཁ་ཟེར་ན་ཉེས་པ་གནམ་གྱིས་མི་ཁེབས་པ་དང་ཚེ་འཕོས་ནས་དམྱལ་བར་ལྟུང་འགྲོ་བ་དེ་རེད། དགེ་འདུན་པ་ལ་དད་པས་
ཀུར་བསྟི་བྱས་ན་བསོད་ནམས་མི་ཟད་པ་འབྱུང་བ་རེ་ཞིག་འཇོག གོང་སྨྲས་ཀྱི་སེར་མོ་བ་དེ་ཚོའི་འགྲོ་སྟངས་མིག་སྔར་འཐེན་ནས་སྤྱི་དང་
བྱེ་བྲག་གི་དབྱེ་བ་མེད་པར་རང་གིས་ལས་ངན་བསགས་འགྲོ་བ་སུ་ཡིས་དཔྱོད་ཤེས། སྤྱི་ལོ་གཉིས་སྟོང་བདུན་ལོར་ངའི་སློབ་གྲོགས་
ཞིག་དང་ངེད་གཉིས་དགེ་རྒན་ཞིག་གི་གམ་དུ་ཟབ་སྤྱོང་བྱེད་དུ་སོང་བ་ཡིན། ངེད་གཉིས་ཀྱི་མལ་ཁང་གི་རྒྱབ་ལོགས་ན་ཁྱིམ་ཚང་ཞིག་འདུག་
ལ་ཁྱིམ་ཚང་དེར་གྲྭ་བ་ལོ་ཉུང་ཞིག་འདུག ཉིན་བཅུའི་རྗེས་སུ་བུ་མོ་ལོ་བཅོ་བརྒྱད་ཅན་ཞིག་བག་མར་བླངས་སོང་བས་ངེད་གཉིས་ངོ་མར་
ཧ་ལས་སོང་། ཁྱིམ་ཚང་དེའི་བདག་པོས་བཤད་ན་ངེད་ཅག་སྡེ་བ་འདིར་བན་དེ་མང་པོ་འདུག་ལ་རྒྱུད་ན་སྡོམ་པ་ཡོད་མེད་གཉིས་ཀ་ཡོད། ངེད་
ཚང་གི་བན་དེ་ཡང་སྡོམ་པ་མེད་པའི་གྲས་སུ་གཏོགས་ཟེར། ངའི་སློབ་གྲོགས་དང་ངེད་གཉིས་ལ་ཆ་བཞག་ནས་བཤད་ན་སེར་མོ་ཡོད་ཚད་
སྡོམ་ལྡན་དུ་རློམ་ཡོད་པས་ཧ་ལས་སོང་བ་ཡིན། བན་དེ་དེར་ཆུང་མ་བསུས་ཏེ་ཉིན་གསུམ་གྱི་འཕྲོས་སུ་ཁོ་གཙང་པོའི་འགྲམ་དུ་སོང་ནས་ལུས་
ཁྲུས་བྱེད་ཀིན་འདུག ངས་རང་གི་སློབ་གྲོགས་ཁྲིད་ནས་བན་དེ་དེར་གླེང་མོ་བྱེད་དུ་སོང་བ་ཡིན། ཐོག་མར་ངེད་གཉིས་ཀྱིས་ཨ་ཁུ་བག་
གསར་སྐྱིད་དམ་ཞེས་ཀུ་རེ་བཤད་པ་ཡིན་ལ་དེ་ནས་གླེང་མོ་མང་པོ་བྱས་པ་ཡིན། ངེད་གཉིས་ཀྱིས་སེར་མོ་བ་དག་ལ་སྡོམ་པ་
མཐའ་གཅིག་ཏུ་ཡོད་པར་རློམ་ཞིང་དེ་ལྟར་ཐོས་མྱོང་ལ་ཆུང་མ་ལེན་པ་དགོད་བྲོ་རེད་ཅེས་བཤད་མོད། ཁོས་མགྲིན་པ་གཟེངས་སུ་བཏེགས་
ནས་གནས་ལུགས་མང་པོ་ཞིག་བརྗོད་དེ། གཟན་ཤམ་གྱོན་ནས་ཆུང་མ་ཡོད་ཆོག་པ་དང་དགེ་མཚན་མང་པོ་ཞིག་བཤད་མོད་ད་དུང་ངས་
དྲན་འོང་བ་ནི་སྡོམ་པ་མེད་པའི་བན་དེ་དག་གི་སྨད་ཤམ་སྟེང་ན་གླེགས་བུ་མེད་ཅེས་པ་དེ་རེད་འདུག དད་ལྡན་དང་བ་འདྲེན་པའི་མིག་རྟེན་
འབྱོར་ལྡན་བསོད་ནམས་བསྐྱེད་པའི་ཞིང་ས་དགེ་འདུན་འདུས་སྡེ་རིན་པོ་ཆེ་ལ་སྤྱིར་མི་གུས་པ་སུ་ཞིག་ཡོད་མེད་དོ། འོན་ཀྱང་འདི་འདྲའི་
གནས་ཚུལ་ལ་ཁོངས་བཅས་ཏེ་དགེ་འདུན་པ་སྤྱི་ལ་འགེབ་ཀྱིན་པ་གཟོད་གོ་ཡོང་། ཡང་ཉེ་ལམ་བུ་མེད་དག་གིས་རོགས་ལོ་གསར་བ་འཚོལ་
དགོས་རང་ལ་གཅེས་པའི་རོགས་ལོ་གསར་བ་འཚོལ་དགོས་ཞེས་ལབ་ཚུལ་འདུག་ལ། རོགས་གསར་བ་ཟེར་བ་དེ་བན་དེ་རེད་བན་དེ་བཙལ་ན་
སྐྱིད་ཀི་ཟེར་མཁན་ཡང་རང་ལ་མཚོན་ན་ཡང་བུ་མོ་རེ་ཟུང་ངོ་ཤེས་ལ། ལག་པ་བྲང་ལ་བཀབ་ནས་བསམ་བློ་་ནན་གྱིས་བཏང་ན་སྙིགས་དུས་
འདིར་བསྟན་པ་དང་བསྟན་འཛིན་དག་ལ་ཕྱི་ནང་གསང་གསུམ་ན་དགྲ་མང་པོ་འདུག་སྙམ་ནས་ཁོ་བོའི་མིག་མཐའ་ཆུ་རེད་ཨང་།
གོང་དུ་བཤད་པའི་གནས་ཚུལ་དེའི་རིགས་ལ་ཤིན་ཏུ་སྡང་ཞིང་བན་དེ་ང་ཡིན་ཁྱོད་ཡིན་ཟེར་མཁན་དག་གི་ནང་ན་ཡང་། འདུལ་བ་གཞི་ནས་མི་ཤེས་མཁན་དང་ཡང་ན་བསླབ་པའི་རིམ་པ་གྲངས་འདྲེན་ཙམ་ཡང་མི་ཤེས་མཁན་མང་པོ་རེད་ཤག བུ་མོའི་འོག་སྒོར་མ་སྤྱད་པ་ཙམ་གྱིས་སྡོམ་པ་ཡོད་ཆགས་སུ་རློམ་གྱིན་འདུག་ལ་དེ་ནི་སྟོན་པའི་གསུངས་བའི་ཆོས་འདུལ་བར་མ་གཟིགས་པའི་སྐྱོན་ཁོ་ན་རེད། དགེ་ཚུལ་དགེ་སློང་གི་བསླབ་པའི་རིམ་པ་མང་ཉུང་མི་འདྲ་སྟེ་རྩ་བ་བཞི་གཉིས་ཀའི་སྲུང་བྱ་ཡིན་པ་དང་འབད་པ་ཅི་ནུས་
ཀྱིས་སྲུང་དགོས་པའོ། དེ་བཞིན་སོ་ཐར་རྒྱུད་ལྡན་གྱི་གང་ཟག་གམ་ཚུལ་ཁྲིམས་ལྡན་པ་དེའི་ཚུལ་ཁྲིམས་ལ་རབ་འབྲིང་ཐ་གསུམ་ཡོད་ལ། རབ་བསྙེན་རྫོགས་ཀྱི་བསླབ་པའི་གནས་ཕྲ་མོ་ཡན་ཆད་ཉམས་སུ་མི་འཇུག་པར་སྡོམ་ནུས་པ་དང་། འབྲིང་ཕམ་ལྷག་གིས་མ་གོས་ཤིང་རང་
བཞིན་གྱི་ཁ་ན་མ་ཐོ་བ་འཛེམ་བག་དང་ལྡན་པ། ཐ་མ་རང་བཞིན་གྱི་ཁ་ན་མ་ཐོ་བ་འཛེམ་བག་དང་ལྡན་པའི་སྟེང་ཕམ་པའི་
མ་གོས་པ་དེའོ།ཉེ་ལམ་རང་གིས་བསམ་ན་དགེ་ཚུལ་དགེ་སློང་གཉིས་ཀ་འབྱུང་ཉེན་ཆེ་བ་ནི་མ་བྱིན་ལེན་རེད་འདོད་དེ་འདུལ་བ་གཞིར་
བཞག་གི་སྟེང་ནས་དངོས་པོའི་རིན་ཐང་དང་བསམ་སྤྱོར་ལ་གཞིགས་ན་ལུང་རྣམ་འབྱེད་སྐབས་སུ་མ་བྱིན་ལེན་གྱི་གཞིའི་ཡན་ལག་ལ་དབྱེ་ན་ལྔ་དང་རིན་ཐང་གི་ཚུལ་ལ་དབྱེ་ན་ལྔ་མ་བྱིན་ལེན་གྱི་འདུ་ཤེས་ལ་དབྱེ་ན་གཉིས་མ་བྱིན་ལེན་གྱི་ཀུན་སློང་ལ་དབྱེ་ན་ཆོས་དྲུག་ལྡན་སོགས་ཡོད་པའི་སྒོ་ནས་བརྟགས་ཤིང་དཔྱད་ན་གྲྭ་བཙུན་སྡོམ་པ་ཡག་པོ་མེད་ནི་ཡང་མང་པོ་འདུག དེ་ནི་གྲྭ་པ་རང་ངོས་ནས་རྩ་ལྟུང་གི་ཉེས་པ་ཆེ་མོད་རྒྱུ་མཚན་མི་ཤེས་པའི་ཁྱིམ་པ་དག་གི་ངོར་བན་དེ་ཞིག་གི་ཆུང་མ་བསུས་པ་
དང་ཅུང་མི་འདྲའོ། བན་དེ་ངོ་མ་ཞིག་ཡིན་ན་ཁུ་བ་ངེས་པར་དུ་སྲུང་དགོས་ཚུལ་ཆོས་འདུལ་བའི་ཡང་སྙིང་རེད་ཤག ལྷག་མ་བཅུ་གསུམ་གྱི་
དང་པོ་ཡང་ནི་ཁུ་འབྱིན་གྱི་ལྷག་མ་རེད་ལ། ཁུ་འབྱིན་གྱི་ལྷག་མ་བྱུང་ན་སྤོ་མགུའི་ཐབས་ལ་མ་བརྟེན་པར་དག་ཐབས་གཏན་ནས་མེད་པ་
རེད་འདུག ཁ་སང་དེ་རིང་འདིའི་ཕྱོགས་ན་དགོད་བྲོ་བའི་གནས་ཚུལ་མང་པོ་འདུག་ལ་དེ་སུས་ཀྱང་ཤེས་ཚོད་དེ། འོན་ཀྱང་ངས་འདི་ནས་
སྟོན་པ་མཆོག་དང་རྗེས་འཇུག་གི་དགེ་སློང་རྣམ་པར་དག་པ་དག་གི་མཛད་པ་དྲན་ནས་ཁྱེད་ཅག་ལ་རྩད་གཅོད་མེད་པར་ཉེས་འགལ་བྱེད་པའི་མྱི་དག་གི་སྐད་ཆ་དང་སྐད་ཆ་དེ་ཡོང་ཁོངས་ཀྱི་གྲྭ་པ་འགའ་རེའི་བྱ་སྤྱོད་དེ། སེར་མོ་སྤྱི་ལ་སྡང་བའི་ཁྱིམ་པ་གླེན་པོ་དེ་ཚོའི་རྣ་བར་བཤད་རྒྱུ་
མིན། མང་ཆེ་ན་ཉོག་འགྲོ་རིང་ཆེ་ན་ཆད་འགྲོ་བས་ངས་སྡོམ་ཚིག་ཅིག་བཀོད་ནས་རེ་ཞིག་འཇོག་གོ ང་ཚོ་སྐྱབས་གནས་ཡང་དག་ལ་སྐྱབས་སུ་
འགྲོ་བ་དེ་ཡིན་པའི་ཆ་ནས་དགེ་འདུན་པ་ལ་ཁ་ཟེར་མི་རུང་ལ། དམར་སེར་གྱོན་པའི་དགེ་འདུན་པའི་ཁྲོད་ན་ཡང་གཟུགས་བརྙན་ཙམ་
འཛིན་མཁན་ཡོད་པས་དེ་དག་གི་བྱ་སྤྱོད་ངན་པ་དགེ་འདུན་པ་སྤྱི་ལ་འགེབ་མི་རུང་། དགེ་འདུན་པ་དག་གིས་ཀྱང་བསྟན་པ་དང་འགྲོ་བར་
དགོངས་ནས་སྟོན་པའི་བསླབ་པ་ལས་འདའ་བ་དང་ཁྱིམ་པའི་མིག་སྔར་དུ་བཙོག་པ་བཟོ་མི་རུང་བ་བཅས་སོ།
ཟུར་བཀོད།
ངས་རང་གི་བབས་ཐང་བརྒལ་བའི་སྐད་ཆ་བཤད་ཡོད་ཤས་ཆེ་ལ། དགོངས་དག་ཞུ་རྒྱུ་དང་ད་དུང་མུ་ནས་འདི་ལྟར་གླེང་རྒྱུ་ཡིན་པས་དགོངས་དག་ཞུ་རྒྱུ་དེའོ།

རྡོ་དཀར་མོ་ཡུལ་ཚོ་ནས་བྲིས་སོ།
Subscribe to:
Post Comments (Atom)
0 comments:
Post a Comment