དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 22 April 2014
མཁའ་འགྲོའི་བརྡ་ལུང་ཀུན་གསལ་མེ་ལོང་།།
ཧོཿ
རིགས་བཟང་མཁའ་འགྲོ་བསོད་ནམས་དཔལ། །
འདི་ནས་ཉི་མ་ལྷོ་ཡི་ཕྱོགས། །
དཔག་ཚད་ཉི་ཤུ་རྩ་ལྔ་ན། །
བདེ་བ་ཅན་གྱི་ཞིང་ཁམས་ནས། །
འོད་དཔག་མེད་ཀྱི་སྒྱུ་འཕྲུལ་གར། །
ཐུབ་བསྟན་རྡོ་རྗེ་ཞེས་བྱ་བ། །
འབྲེལ་ཚད་བདེ་ཆེན་ཞིང་ཁམས་སུ། །
འདྲེན་པའི་སྐྱེས་བུ་བླ་མེད་ནི། །
འཕགས་པའི་ཡུལ་གྱི་སྒྲ་གཅན་འཛིན། །
མཉྫུ་ཤྲཱི་ཝར་མ་དང་། །
ཨུ་པ་ཤྲཱི་མི་ཏྲ་དང་། །
བུདྡྷ་ཀ་ར་བྷ་དྲ་དང་། །
དེ་ཝ་ཀ་ར་ཙནྡྲ་དང་། །
བོ་དྡྷི་དྡྷརྨ་ལ་སོགས་པ། །
བསམ་བཞིན་སྤྲུལ་པའི་བླ་མ་ཡིན། །
བོད་ཀྱི་རྒྱལ་བ་བྱང་ཆུབ་དང་། །
ཀུན་བཟང་ཤེས་རབ་འཇའ་ཚོན་སྙིང་། །
ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་། །
རིག་འཛིན་ཁམས་གསུམ་ཡོངས་སྒྲོལ་དངོས། །
བླ་མ་ངག་དབང་ཕུན་ཚོགས་སོགས། །
ཡ་མཚན་སྤྲུལ་པའི་སྐུར་སྣང་བ། །
ཚེ་རབས་ཕྲེང་བའི་བླ་མ་མཆོག །
མྱུར་དུ་མཇལ་བར་སོང་ཞིག་ཀྱེ། །
ཚེ་གཅིག་སངས་རྒྱས་གྲུབ་འགྱུར་ནས། །
སྤྲུལ་པས་གཞན་དོན་བྱེད་པར་ཤོག །
ཅེས་པ་འདི་རང་ལུགས་ཤིང་ཕོ་རྟ་རང་ཟླ་ ༡༢ པའི་ཚེས་ ༨ གནམ་ལོ་༢༠༡༤ དབྱིན་ཟླ་ ༢ ཚེས་ ༧ ལ་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་སྐུ་སྐྱེས་ཀུན་བཟང་བདེ་ཆེན་མཚོ་རྒྱལ་ལ་ཡི་དམ་ལྷའི་རྨི་ལམ་ལུང་བསྟན་གནང་དེ་ཡིན་ནོ།།
ཧོཿ
རིགས་བཟང་མཁའ་འགྲོ་བསོད་ནམས་དཔལ། །
འདི་ནས་ཉི་མ་ལྷོ་ཡི་ཕྱོགས། །
དཔག་ཚད་ཉི་ཤུ་རྩ་ལྔ་ན། །
བདེ་བ་ཅན་གྱི་ཞིང་ཁམས་ནས། །
འོད་དཔག་མེད་ཀྱི་སྒྱུ་འཕྲུལ་གར། །
ཐུབ་བསྟན་རྡོ་རྗེ་ཞེས་བྱ་བ། །
འབྲེལ་ཚད་བདེ་ཆེན་ཞིང་ཁམས་སུ། །
འདྲེན་པའི་སྐྱེས་བུ་བླ་མེད་ནི། །
འཕགས་པའི་ཡུལ་གྱི་སྒྲ་གཅན་འཛིན། །
མཉྫུ་ཤྲཱི་ཝར་མ་དང་། །
ཨུ་པ་ཤྲཱི་མི་ཏྲ་དང་། །
བུདྡྷ་ཀ་ར་བྷ་དྲ་དང་། །
དེ་ཝ་ཀ་ར་ཙནྡྲ་དང་། །
བོ་དྡྷི་དྡྷརྨ་ལ་སོགས་པ། །
བསམ་བཞིན་སྤྲུལ་པའི་བླ་མ་ཡིན། །
བོད་ཀྱི་རྒྱལ་བ་བྱང་ཆུབ་དང་། །
ཀུན་བཟང་ཤེས་རབ་འཇའ་ཚོན་སྙིང་། །
ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་། །
རིག་འཛིན་ཁམས་གསུམ་ཡོངས་སྒྲོལ་དངོས། །
བླ་མ་ངག་དབང་ཕུན་ཚོགས་སོགས། །
ཡ་མཚན་སྤྲུལ་པའི་སྐུར་སྣང་བ། །
ཚེ་རབས་ཕྲེང་བའི་བླ་མ་མཆོག །
མྱུར་དུ་མཇལ་བར་སོང་ཞིག་ཀྱེ། །
ཚེ་གཅིག་སངས་རྒྱས་གྲུབ་འགྱུར་ནས། །
སྤྲུལ་པས་གཞན་དོན་བྱེད་པར་ཤོག །
ཅེས་པ་འདི་རང་ལུགས་ཤིང་ཕོ་རྟ་རང་ཟླ་ ༡༢ པའི་ཚེས་ ༨ གནམ་ལོ་༢༠༡༤ དབྱིན་ཟླ་ ༢ ཚེས་ ༧ ལ་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་སྐུ་སྐྱེས་ཀུན་བཟང་བདེ་ཆེན་མཚོ་རྒྱལ་ལ་ཡི་དམ་ལྷའི་རྨི་ལམ་ལུང་བསྟན་གནང་དེ་ཡིན་ནོ།།
Subscribe to:
Post Comments (Atom)
0 comments:
Post a Comment