དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 27 April 2011
༄༅། །དུས་ཀྱི་འཁོར་ལོའི་གསང་སྒྲུབ་དེ་ཉིད་སྣང་བྱེད་ལ་བསྔགས་པ་
དུས་སྒྲའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །
ན་མོ་མ་ཧྰ་གུ་རུ་ཤྲྰི་ཛྙྰ་ན་ཀྰ་ལ་ཙཀྲ་ཡེ། །
ཨེ་ཝྃ་ཟུང་འཇུག་དཔལ་ལྡན་དུས་འཁོར་ལོའི། །
སྨིན་གྲོལ་ཟབ་རྒྱས་བདུད་རྩིའི་ཆར་ཆེན་པོ། །
བདག་སོགས་སྙིང་དབུས་བུམ་པར་གཏམས་མཁས་པའི། །
བརྒྱུད་གསུམ་བླ་མ་དམ་པས་རྟག་ཏུ་སྐྱོངས། །

རྒྱུད་དོན་ཟབ་རྒྱས་ནམ་མཁའི་མཐའ་མཉམ་པས། །
བདག་བློའི་བྱིས་པས་དཔོག་པར་མི་ནུས་མོད། །
དགོངས་བརྒྱུད་མན་ངག་སྙིང་པོ་ཆིག་དྲིལ་འདིས། །
ཚེགས་ཆུང་དོན་ཆེན་བདེ་ལེགས་རྟོགས་པར་མཆོག །

ཐེག་ཀུན་ཡང་རྩེ་འོད་གསལ་སྙིང་པོའི་སྲོལ། །
འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བ། །
ཀུན་མཁྱེན་བླ་མ་ཡབ་སྲས་བརྒྱུད་པ་བཅས། །
ཐེག་མཆོག་སྣང་བས་ཞིང་འདིར་ཁྱབ་པར་རྨད། །

ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་མཚན་ཉིད་དང་། །
ནང་བཅུད་རྡོ་རྗེ་ལུས་ཀྱི་ངེས་གསང་གནད། །
གཞན་དུ་སྨིན་གྲོལ་ཟབ་རྒྱས་ཐབས་མཁས་ལ། །
བརྟེན་ནས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསྔགས། །

མཐའ་ཡས་རྒྱུད་སྡེ་ཀུན་གྱི་རྡོ་རྗེའི་ཚིག །
ཡོངས་སུ་འབྱེད་ལ་མཚུངས་པ་གཞན་མེད་པའི། །
དཔལ་ལྡན་དུས་འཁོར་བཤད་སྒྲུབ་སྣང་བ་ཡིས། །
ཞིང་མཆོག་ཀུན་ཏུ་ཁྱབ་པར་ཨེ་མ་ཧོ། །

སྟོན་པ་ཟླ་བཟང་ནས་བརྒྱུད་བཀའ་མ་གཅིག །
རིག་འཛིན་པད་འབྱུང་ནས་བརྒྱུད་གཏེར་མ་གཉིས་། །
དགོངས་བརྒྱུད་སྙིང་པོ་ཆིག་དྲིལ་མན་ངག་གསུམ། །
འཇིག་རྟེན་ཁམས་འདིར་བཞུགས་པར་བསྐལ་བ་བཟང་། །

ཨེ་ཝྃ་ཀ་དག་ལྷུན་གྲུབ་དག་མཉམ་དོན། །
ཟུང་འཇུག་རྒྱུད་རྒྱལ་རྫོགས་པ་ཆེན་པོ་ཡི། །
ཚེ་གཅིག་འོད་སྐུར་གྲོལ་བའི་ལམ་བཟང་མཆོག །
དབང་བཞིའི་སངས་རྒྱས་ཡེ་ཤེས་འབྲས་བུར་རྒྱལ། །

སྒྱུ་ལུས་མཚན་དཔེ་སྤྲུལ་སྐུའི་ཐུགས་རྗེར་དག །
སྒྲ་ཚིག་ཚངས་དབྱངས་ལོངས་སྐུའི་རང་བཞིན་རྫོགས། །
དྲན་རྟོག་རྣམ་མཁྱེན་ཆོས་སྐུའི་ངོ་བོར་སྨིན། །
སྐུ་གསུམ་དབྱེར་མེད་རང་རིག་དུས་འཁོར་རྒྱལ། །

བཀའ་གཏེར་མན་ངག་ཀུན་འདུས་ཡིད་བཞིན་མཛོད། །
བཀའ་བརྒྱུད་དམ་པའི་བཀའ་སྲོལ་མ་ཉམས་ཞིང་། །
གཏེར་བརྒྱུད་བླ་མའི་མན་ངག་ཆ་ཚང་བ། །
དགོངས་བརྒྱུད་སྙིང་པོ་ཆིག་སྒྲིལ་ཨེ་མ་ཧོ། །

སྣང་སྟོང་ལྷུན་གྲུབ་དཀྱིལ་འཁོར་དོན་མཐོང་ཞིང་། །
བདེ་སྟོང་ཟུང་འཇུག་ཕྱག་ཆེན་ཉམས་སུ་མྱོང་། །
རིག་སྟོང་དབྱེར་མེད་དེ་ཉིད་མྱུར་རྟོགས་ནས། །
མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །
ཅེས་པའང་བྱང་ཨ་རིའི་དཔལ་ཆོས་ཀྱི་གྲགས་པའི་ཆོས་ཚོགས་ཁང་ནས་བཀོད་བསྒྲིགས་བཞིན་དུ་ཕྱི་ལོ་༢༠༠༩་༢་༢༢ཉིན་དཔལ་དུས་འཁོར་གཏེར་གསར་གྱི་དབང་ཆེན་དང་སྒྲུབ་ཆེན་ལེགས་གྲུབ་བྱུང་བ་དང་དཔལ་ལྡན་ལོ་ཙྰ་བ་ཆེན་པོ་དགེ་ལེགས་ཕུན་ཚོགས་JimRukteདང་མཁན་པོ་དྲི་མེད་ཟླ་བ་སོགས་ཀྱིས་བསྐུལ་ངོར་དཔལ་དགེའི་དུས་འཁོར་ལྷ་ཁང་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་བྲིས་པས་ཤྲྰི་ཛྙྰ་ན་ཀྰ་ལ་ཙཀྲ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ