དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 3 May 2011
ཆོས་རྗེ་བླ་མ་དམ་པ་མཁྱེན་ནོ། །
ན་མོ་གུ་རུ་བྷྱ། །
སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །
གངས་ཅན་ལྷ་གཅིག་པདྨ་ཀ་ར་དང་། །
རིགས་བདག་བླ་མ་གཏེར་ཆེན་བརྒྱུད་པར་བཅས། །
མི་ཕྱེད་གུས་པས་བཏུད་དེ་གསོལ་བ་འདེབས། །

སྤྱི་ལོ་གསར་དུ་བསུ་བའི་དུད་སྤྲིན་འོག །
དཀར་དམར་མེ་སྟག་འཕྲོ་བའི་ཐལ་རྫས་གསེབ། །
ས་མཐའི་དྭ་ཕྲུག་ལྷག་པའི་སྐྱོ་གདུང་འདི། །
མཁྱེན་པའི་སྤྱན་ལྡན་ཚོགས་ཀྱིས་དགོངས་ལགས་སམ། །

རིག་འཛིན་ཆེན་པོ་རྡོ་རྗེ་བདུད་འཇོམས་རྩལ། །
དགུ་ལྡན་བརྒྱུད་པའི་ཉི་མ་རིན་པོ་ཆེ། །
མ་རིག་སྨག་རིམ་བསལ་ཕྱིར་མི་བཞུགས་པར། །
གངས་ལྗོངས་མུན་པར་བཞག་པར་བདེན་ནམ་ཅི། །

ཁམས་གསུམ་ཆོས་རྗེ་རྒྱལ་པོ་འཇིགས་པ་མེད། །
སྐུ་གསུམ་དག་པའི་བླ་མ་ཕུན་སུམ་ཚོགས། །
ཐེག་གསུམ་དམ་པའི་འབྱུང་གནས་རིན་པོ་ཆེ། །
བསླབ་གསུམ་བསྟན་པའི་རྒྱན་གཅིག་སྙིང་ནས་དྲན། །

གངས་ལྗོངས་བསོད་ནམས་ཟད་པའི་དྭ་ཕྲུག་ཚོར། །
བླང་དོར་མ་ཤེས་མགོ་འཁོར་སྐྱེ་བོ་ཀུན། །
ཀུན་བཟང་བདེ་ཆེན་འདྲེན་པའི་ཤིང་རྟ་གསུམ། །
མ་དབང་སྡུག་གི་མཆི་མ་སྙིང་ནས་བཞུར། །

ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་གཅིག །
རྡོ་རྗེ་ཉི་མ་སྣང་བ་ཆེན་པོ་གཉིས། །
པན་ཆེན་ཟླ་བ་ཆོས་ཀྱི་རྒྱལ་མཚན་གསུམ། །
མཉམ་འཛོམས་རྟེན་འབྲེལ་རལ་བ་ཀྱེ་མ་ཧོ། །

ཤེས་རབ་ཉི་མ་རྒས་ནས་ནུབ་རིར་ཉེ། །
སྙིང་རྗེ་ཟླ་བ་སྒྲ་གཅན་ཁ་རུར་ཚུད། །
ཡིད་བཞིན་ནོར་བུ་འབྲལ་བའི་ཞག་ནག་འདི། །
དྲན་པས་སྙིང་རླུང་ཡ་ཆུང་སྟོད་དུ་འཚངས། །

དམར་ཕྱོགས་འབྱུང་བྱའི་གད་རྒྱང་ཧ་ཧ་བསྒྲགས། །
དཀར་ཕྱོགས་དགའ་བའི་ལང་ཚོ་ཉམས་པའི་ཚེ། །
ནག་ཕྱོགས་དམ་སྲི་དར་བའི་སྙིགས་དུས་སུ། །
མ་རབས་སྣ་དགུར་བྲེལ་འདིར་སེམས་པ་སྐྱོ། །

བོང་བུ་གཟིག་པགས་གྱོན་བཞིན་བླ་རྫུན་གཅིག །
རྒྱུ་ནོར་དཔུང་གིས་ཉོས་པའི་སྤྲུལ་རྫུན་གཉིས། །
བསླབ་པ་སློབ་གཉེར་མེད་པའི་སེར་གཟུགས་གསུམ། །
དེང་དུས་དེད་དཔོན་སྨྲ་བ་ཧ་ཅང་ཐལ། །

མགོན་ཁྱེད་རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་སྐུ། །
བསམ་བཞིན་སྲིད་པར་བཟུང་ཞེས་ལང་ཚོའི་དཔལ། །
མི་འགྱུར་རྟགས་བདུན་རི་མོ་ཤིན་ཏུ་གསལ། །
འཇིགས་མེད་སེངྒེའི་ང་རོས་ས་གསུམ་ཁྱབ། །

འཇིགས་མེད་རྩོད་འཆད་རྩོམ་པའི་གཏེར་ལ་དབང་། །
ཕུན་ཚོགས་བསླབ་པ་གསུམ་གྱི་ཡོན་ཏན་རྫོགས། །
དཔག་ཡས་ཕན་བདེ་འབྱུང་གནས་རིན་པོ་ཆེ། །
འདྲེན་མཆོག་དཔལ་ལྡན་བླ་མ་གསོལ་བ་འདེབས། །
ར་མ་ནག་པོས་གསུངས། །
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན། །
འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །
དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །
ཡིད་བཞིན་ནོར་བུའི་བླ་རྣམ་ལས་སོ། །
ཉ་གང་ཟླ་བ་དཀར་ཟླུམ་ཤར་ནས་ཤར། །
རིག་པའི་ཡེ་ཤེས་ཐབས་ཤེས་ནང་ནས་བཞད། །
དགའ་སྐྱོ་འདྲེས་མའི་དད་གསུམ་ངེས་ཤེས་འདི། །
མི་འཕྲོག་ཤེས་རབ་ཟབ་རྒྱས་དེ་ཁོ་ན། །
སྙིགས་ལྔའི་བསྟན་པའི་གསལ་བྱེད་དམ་པར་རྒྱལ། །

0 comments:

ཟིན་བྲིས་འཚོལ་ཡུལ