དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 3 May 2011

མགར་ཆེན་ཀུན་རྒྱལ་རྒད་པོ། །

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
སྙིང་སྡུག་གི་བུ་ཆུང་བརྗེད་མེད། །གཅེས་ཕྲུག་ཁྱེད་མི་ཡུལ་འགྲིམ་ནས། །བཅུ་ཕྲག་ལྔའི་ལོ་འཁོར་ཏག་ཏག །མ་མཇལ་འདི་སེམས་པ་སྐྱོ་བ། །མཛེས་སྡུག་གི་ལང་ཚོ་ཡོལ་ཞིང་། །ཚོགས་དྲུག་གི་དབང་ཤེས་ཉམས་ཡང་། །སྙིང་ཐིག་གི་བུ་ཆུང་ལོ་ལོ། །ན་རྒས་ཚོས་རྟག་ཏུ་དྲན་ནོ། །བློ་ཕུག་དེ་ལྷ་ལ་བཅོལ་ཡང་། །ཉིན་མཚན་གྱི་རེ་དྭོགས་ཕྲེང་བ། །གསོན་མིག་གི་འཕྲི་ས་ཁེར་རྐྱང། །བུ་ཆུང་ཁྱེད་སྙིང་ལ་གཉེར་ཡོད། གློ་སྙིང་འདི་ཚལ་བར་གཤེགས་ནས་། །དམར་ཕྱོགས་ལ་མཆོད་པ་བྱས་ཏེ། །རང་ཆོས་ཞིག་ཟིན་ཐབས་ཡོད་ན། །མི་བྱེད་རེ་བླ་མ་དཀོན་མཆོག །གློ་བུར་གྱི་རྐྱེན་ངན་བར་ཆད། །བཙན་བྱོལ་གྱི་སྒེར་སྤྱོད་ལས་ངན། །དུས་ངན་གྱི་མཐོང་ཐོས་མྱོང་ཚེ། །རྙིང་རྒན་ང་སྙིང་ནས་སྐྱོ་བ། །སྐྱབས་མཆོག་ཁྱེད་བཤད་སྒྲུབ་སྣང་བས། །ཕྱི་རྒྱལ་ནས་ཡང་ཡང་གནང་བ། །མཐོང་ཐོས་ཀྱི་མཛད་ཕྲིན་མཇལ་ཚེ། །དབང་མེད་དུ་དགའ་བདེ་སྐྱེ་སོང་། །འགའ་རེ་ཡི་ཁྱེད་ཉིད་ཚོང་ལས་སྤེལ་ཞིང་། །འགའ་རེ་ཡི་ཁྱེད་ལ་སྒྲོ་བཀུར་འདེབས་པ། །འགའ་རེ་ཡི་ཁྱེད་ལ་འཁང་ར་བྱེད་པ། །སོས་མེད་ཀྱི་ན་ཟུག་སེམས་ལ་བསླངས་སོང་། །མི་རབ་ཀྱི་ཁྱེད་ཀྱི་མཛད་རྗེས་གླེང་བ། །མི་ཡུལ་ནས་ཁྱེད་ཀྱི་བརླབ་ཆེན་མཛད་བཟང་། །མི་རིགས་ཀྱི་སྙིང་ཕྲུག་ཡིད་བཞིན་ནོར་བུ། །མི་རྒན་ངའི་སེམས་བདེའི་ཉི་མ་ཤར་འདུག །ཁྲ་ཆུང་གི་མིག་གཉིས་བལྟ་སའི་ཡུལ་མཆོག །དལ་ལུང་གི་རྣ་གཉིས་གཏད་སའི་སྒྲ་སྙན། །གཞིས་བྱེས་ཀྱི་སེམས་གཉིས་འཁྲི་ས་ཉག་ཅིག །ཞི་བདེ་ཡི་དེད་དཔོན་བསྐལ་བརྒྱར་བཞུགས་སྨོན། ལོ་ཟླ་ཡི་དུས་རིང་སེམས་ནད་རྩ་བ། །ལས་རླུང་གི་བག་ཆགས་སྙིགས་སྤྱོད་གར་སྟབས། །ཉིན་རེ་བཞིན་ཇེ་ངན་ཇེ་ཐུ་མཐོང་ཚེ། །རེ་སྒུག་གི་ཉི་མ་འགྲོ་ཐབས་མི་འདུག །རང་ཡུལ་གྱི་རེ་སྒུག་མ་ལོའི་སྙིང་བརྩེ། །གཞན་ཡུལ་གྱི་བཀོད་བསྒྲིག་ས་རྡོའི་བ་གམ། །སྐྱབས་བཅོལ་གྱི་སྤུན་ཟླ་བློ་ལ་འཆར་ཚེ། །མི་ཚེ་འདི་སྐྱོ་བ་སོང་ཐབས་མི་འདུག ལྷད་མེད་ཀྱི་བརྩེ་གདུང་ཁྱེད་ལ་ཕྱོགས་པས། །མཚུངས་མེད་ཀྱི་ཐུགས་རྗེ་ཉེ་རིང་མེད་པས། །ཤི་མེད་ངའི་རོ་གོག་མ་ཞིག་སྔོན་དུ། །བླ་མེད་ཀྱི་མཛད་ཕྲིན་མངོན་སུམ་སྟོན་རོགས། །གནམ་རྒན་མ་སྐད་ཅིག་འགྱུར་བ་ཐེབས་ནས། །གནམ་ཐང་དུ་བོད་རིགས་བསུ་མ་ཕེབས་ཏེ། །གནམ་འོག་འདི་སྐྱིད་པ་མཐར་ཐུག་མྱོང་བའི། །རྟེན་འབྲེལ་གྱི་ལོངས་སྤྱོད་རོལ་བར་སྒུག་ཡོད། །གཅེས་ཕྲུག་གི་འཛུམ་ཞལ་ལྷང་ལྷང་ངོམས་ནས། །ཆོས་སྲིད་ཀྱི་བསླབ་བྱ་ཡང་ཡང་གནང་ཏེ། །གཞིས་བྱེས་ཀྱི་བདེ་སྐྱིད་མཉམ་རོལ་མཛད་ནས། །ཞི་བདེ་ཡི་དེད་དཔོན་ཞབས་བརྟན་སྨོན་ནོ། །

ཞེས་པའང་ཕྱི་ལོ་༢༠༠༩ ༦ ༢༧ཉིན་ཕ་ཡུལ་གྱི་རྒན་པོ་མགར་ཆེན་ཀུན་རྒྱལ་གྱིས་ཁ་སྤར་རྒྱུད་ནས་སྐད་ཆ་བཤད་པ་རྣམས་ཚིགས་བཅད་དུ་ཤྲྰིས་བཀོད་པ་དགེའོ།། །།

0 comments:

ཟིན་བྲིས་འཚོལ་ཡུལ