དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 3 May 2011
༄༅། །ཀརྨ་མ་ཎི་ཀ་ལ་ཕུལ། །
ཆོས་དབྱིངས་ཀ་དག་སངས་རྒྱས་ཡེ་ཤེས་སྒྲིབ་མེད་མཁྱེན་པའི་ཉི་མ་བཀྲ། །
ཆོས་ཉིད་ལྷུན་གྲུབ་ངེས་པ་ལྔ་ལྡན་མཚུངས་མེད་བརྩེ་བའི་ཟླ་བ་ཚེས། །
ཆོས་ཅན་སྣང་སྲིད་ཕན་བདེའི་སྤྲུལ་སྐུ་མཐའ་མེད་འདྲེན་པའི་སྐར་ལྟར་བཞད། །
སྐུ་གསུམ་དབྱེར་མེད་རང་རིག་བླ་མ་འབྲལ་མེད་སྙིང་དབུས་རྟག་བཞུགས་ནས། །

སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་བདེན་གཉིས་སྤྲིན་རིས་ཤིན་ཏུ་བཀྲ།།
འགྲོ་ཁམས་མོས་བློར་བསྟན་འཛིན་རྒྱ་མཚོའི་ཐུགས་བསྐྱེད་ཕྲིན་ལས་ཀུན་ཏུ་ཤིས། །
ཚར་གཅོད་རྗེས་བཟུང་ཀུན་ཤེས་བདུད་རྩིས་འཇིག་རྟེན་ཁམས་རྣམས་རྟག་ཏུ་བདེ། །
བསམ་དོན་མྱུར་འགྲུབ་ཞི་བདེའི་ལོངས་སྤྱོད་དགའ་སྐྱིད་སྣང་ན་མཆོག་ཏུ་ལེགས། །

གང་ན་ཆོས་སྒོར་ཞུགས་ཞིང་ཆོས་མིན་སྤྱོད་པའི་སྐྱེ་བོ་ངན་ཤོར་རྣམས།།
ཆོས་ལམ་འཛུད་པའི་ལྷག་བསམ་དག་པའི་དམ་བཅའ་རི་མོ་སྙིང་ལ་བྲིས། །
ཀ་དག་སྤྲོས་བྲལ་སྒྲོ་འདོགས་གཅོད་ན་ཁ་དོན་མཚུངས་པའི་མི་ལུས་ཡིན། །
ག་ལ་རྩོད་པའི་སྔ་རྒོལ་མ་གོ་ང་རྒྱལ་རི་བོ་དགུང་ལས་མཐོ། །

ཅ་ཅོ་ཚིག་གིས་ང་ཁྱོད་རྩོད་པས་ཆ་མེད་མི་ལ་ནང་ལྟོ་བྱིན། །
ཇ་མ་ཆུང་མའི་ལ་རྒྱ་ཟེར་ནས་ཉ་བ་རྒན་པོ་དམ་བཅའ་བཟུང་། །
ཏ་ཐྰ་ག་ཏའི་བསྟན་པ་མ་ཤེས་ཐ་ཆད་རྟག་མཐའི་གཡང་སར་མཆོངས། །
ད་ལྟའི་དལ་འབྱོར་དོན་མེད་བཏང་ནས་ན་རཀ་དམྱལ་བའི་གཏིང་རྡོ་སྒྲུབ། །

པ་ར་མི་ཏའི་སེམས་བསྐྱེད་མ་ཤེས་ཕ་རོལ་དགྲ་ལ་ཞེ་སྡང་བསྒོམ། །
བ་གླང་ལྟ་བུས་ཆོས་གོས་གྱོན་རུང་མ་རྒན་འགྲོ་རྣམས་སྐྱོབ་ནུས་སམ། །
ཙ་ར་མ་གཅོད་མདོ་སྔགས་ལྟ་གྲུབ་ཚ་གྲང་གང་ཡིན་མཐོང་སོང་ངམ། །
ཛ་དྲག་ཆེན་པོའི་རྣམ་རྟོག་མ་ཆོད་ཝ་ལེར་རང་ངོ་ཤེས་སྲིད་དམ། །

ཞྭ་རྩོད་ཙམ་གྱི་ཁ་སྨྲས་མ་ཆོད་ཟ་ཧོར་མཁན་པོར་འགྲན་ནུས་སམ། །
འ་ཆད་འུ་ཐུག་རྐུན་མ་རྫུན་མས་ཡ་རབས་ཆོས་སྲིད་སྐྱོང་ནུས་སམ། །
ར་མ་ལུག་གི་བརྟུལ་ཞུགས་སྤྱོད་པས་ལ་རྒྱ་རྣམ་དག་འཛིན་སྲིད་ན། །
ཤ་རུས་མི་གཅིག་ཁ་ཆེ་ཚང་མ་ས་སྐྱོང་དཔོན་གྱི་གོ་ས་ཐོབ་སྲིད་དམ། །

ཧ་གོ་ཐག་ཆོད་ཏག་ཏག་མེད་ན་ཨ་མཚར་རྩེད་མོས་སྤྲུལ་ལོ་མ་བཟོ། །
ཧ་ཅང་ཐལ་བའི་ཡིན་མདོག་ཁ་ཕོ་ཨ་ལགས་དག་མས་བྱེད་པ་མི་སྲིད། །
ཧ་ལམ་ང་ཚོས་ཤེས་ཚོད་མིན་ནམ་ཨ་ཕོ་གཟུར་གནས་བློ་ལྡན་ཚོ། །
ཧ་གོ་དོན་རྟོགས་གསལ་བོ་ཡོད་བཞིན་ཨ་མཚར་རྩེད་ཀི་མ་འདུག་ལགས། །

ཧ་ཧ་གཏམ་མཚར་ཀུ་རེ་མིན་པར་ཨ་ཁ་མདོ་ཤོར་མཁན་པོ་ངས། །
ཨ་རོགས་གྲོགས་ལ་ཕན་སེམས་གཙང་མ་ཨ་ཏི་ཤ་ལྟར་ལྷག་བསམ་བྱས། །
ཨ་ལྕོག་དབང་པོ་སྐྱོན་མེད་ཡིན་ན་ཨ་ཇོ་རྒན་པོས་ཁ་བརྡ་ཡིན། །
ཨ་དོན་སྐྱེ་མེད་ཀུན་གྱིས་རྟོགས་ནས་ཨ་ཁ་མ་ཡང་སངས་རྒྱས་ཤོག །

ཅེས་པའང་རབ་གནས་ལྕགས་ཁྱི་ཟླ་ཚེས་ཤྲྰིས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ