དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 3 May 2011
༄༅། །མཁས་བཙུན་གྲུབ་པའི་དབང་ཕྱུག་བླ་མ་དམ་པ་ཡུལ་ཟླ་རྒྱུད་ཀྱི་མ་ཧྰ་པཎཌི་ཏ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་དཔལ་བཟང་པོ་མཆོག་ལ་བྱ་དཀའ་བའི་ལམ་ནས་བསྔགས་པ་དད་གསུམ་གསལ་བའི་འོད་སྟོང་ཞེས་བྱ་བ་
བཞུགས་སོ། །
ཨོཾ་སྭ་སྟི་ཤྲྰི་བི་ཛ་ཡནྟུ། །
ཀུན་འཁོར་འདི་བཀླག་ཚུལ་ཟུར་བཞི་དང་མཐའ་བཞི་ནས།
དགེ་ལེགས་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །
ཆོས་བཞིན་སྤྱོད་པའི་ཐོས་བསམ་བསྒོམ་པ་ཡིས། །
ངེས་དོན་བཤད་སྒྲུབ་བསྟན་པ་སྤེལ་མཛད་པ། །
ལེགས་བཤད་སྨྲ་བའི་ཉི་མ་ཞབས་བརྟན་ཤོག །
ཅེས་པ་འདི་ནི་མཁྱེན་བརྩེ་རིན་པོ་ཆེ་གསུངས་བྱིན་རླབས་ཅན་གྱི་
ཞབས་བརྟན་གསོལ་འདེབས་དེ་གཞིར་བཞག་ནས་བྲིས་པ་ཡིན་ནོ། །
འདི་དག་རང་གི་སྔར་བརྩོམ་ལས་བཤུས་སོ། །
དགེ་ཚོགས་ཆུ་གཏེར་བསྲུབས་ལས་འཁྲུངས་པའི་བསྟན། །
ཆོས་བཟང་བདུད་རྩིའི་གྲུ་ཆར་འཇོ་བ་ཡིས། །
བདེ་ལེགས་ཕུན་ཚོགས་ས་གསུམ་སྤེལ་བའི་མགོན། །
བསམ་བཞིན་སྤྲུལ་བའི་ཟློས་གར་ངོམས་པ་རྒྱལ། །
འགྲོ་ཁམས་ཕན་བདེའི་བྱེད་པོར་རྒྱལ་བའི་སྲས། །
ཞིང་འདིར་མཛད་བཟང་མཐར་ཕྱིན་བསྒོམ་སྟོབས་ལས། །
སྐྱེ་དགུར་ཞི་བདེའི་འབྱུང་གནས་དཔལ་འབར་ཆེད། །
འཆད་རྩོད་རྩོམ་པའི་ལྷག་བསམ་ཟླ་གཞོན་ཚེས། །
མཁྱེན་རབ་ནོར་བུའི་འབྱུང་གནས་པཎ་ཌི་ཏས། །
འཕགས་པ་དགྱེས་པའི་ཐོས་འཛིན་ཀུན་དགའ་སྟེར། །
རྨད་བྱུང་ཕན་བདེའི་འབྱུང་གནས་རྒྱལ་བསྟན་ལ། །
ཕྱོགས་མཐར་རྒྱས་པའི་ཐུགས་བསྐྱེད་ཁུར་དུ་བཞེས། །
ཕུན་ཚོགས་ཕན་བདེའི་དགའ་སྟོན་རྒྱལ་རྔ་ཆེས། །
རླབས་ཆེན་སྤྱོད་པར་ཐོས་བསམ་བསྒོམ་པའི་མཐུས། །
དགེ་ལེགས་སྙན་འཇེབས་སྟོང་གི་རོལ་མོའི་སྒྲ། །
ཇི་བཞིན་དོན་ལ་གནས་པའི་གྲགས་པ་ཅན། །
དགེ་བཅུའི་སྲོལ་དང་གྲུབ་མཐའ་རིས་མེད་བསྟན། །
ཆོས་དོན་མཁྱེན་པས་མ་འདྲེས་གསལ་བ་ཡིས། །
ངེས་གསང་སྔ་འགྱུར་རྒྱལ་བསྟན་ལེགས་བསྒྲེངས་པ། །
ལེགས་བཤད་སྨྲ་བའི་ཉི་མ་དགོངས་སུ་གསོལ། །
གཞན་དོན་སྐྱོ་མེད་ངང་ནས་རྟག་མཛད་པ། །
ལེགས་བཤད་སྤེལ་བའི་ལོ་ཆེན་ཞབས་བརྟན་སྨོན། །
མདོ་སྔགས་བཤད་སྒྲུབ་འཛིན་སྐྱོང་སྤེལ་བའི་མགོན། །
ལུང་རིགས་སྨྲ་བའི་དབང་ཕྱུག་ཞབས་པད་བརྟན། །
ཐོས་བསམ་བསྒོམ་སྒྲུབ་ལྷག་པ་རྣམ་གསུམ་གྱི། །
དགོངས་ཀློངས་རྡོལ་བའི་བླ་མ་རིན་ཆེན་རྒྱལ། །
འཕགས་བོད་མཁས་གྲུབ་བསྟན་འཛིན་ཡོངས་ཀྱི་རྗེ། །
དྲི་མེད་ལུང་རྟོགས་ཉི་ཟླའི་སྣང་བ་སྤྲོ། །
དམ་ཆོས་བཤད་སྒྲུབ་སྤེལ་བའི་གཉེན་གཅིག་པུ། །
དྲིན་ཆེན་རྩ་བའི་བླ་མ་རྒྱལ་གྱུར་ཅིག །
རྨད་བྱུང་བཤད་རྒྱུད་བརྡ་སྤྲོད་རིག་པའི་གཞུང་། །
དབྱངས་ཅན་སྨྲ་བའི་སྒོ་བརྒྱ་ཞབས་སོར་བཀོད། །
རང་དོན་བཅུ་ཕྲག་རིག་པ་མཐར་སོན་པ། །
གཞན་དོན་མཛད་ཕྲིན་མཆོག་མངའ་ཞབས་བརྟན་ནས། །
ངེས་དོན་བསྟན་འཛིན་དམ་པ་སྲིད་པའི་མིག །
ནམ་ཡང་ཟུམ་མེད་མཇལ་བའི་དགའ་སྟོན་གསོལ། །ཞེས་པའི་ཀུན་བཟང་འཁོར་ལོ་འདི་ནི་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པའི་ཐ་ཤལ་སྤྲང་འཁྱམ་པ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་༡༩༩༡ ༡ ༣ ཉིན་ཨ་རིག་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་ནས་གསོལ་བ་འདེབས་པ་དགེའོ། །

Subscribe to:
Post Comments (Atom)
0 comments:
Post a Comment