དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 2 May 2011
ངོ་སྤྲོད་མེ་ལོང་། །
ཀ་དག་རང་ངོ་མ་ཤེས་འཁོར་བར་འཁྱམ། །
ཁ་དོག་རྩོད་པ་གོམས་པས་སྙིང་རྗེ་བྲལ། །
ག་འདྲའི་ལས་རྒྱུ་མོད་ཀྱང་དགེ་ལུགས་ཞེས། །
ང་ཡི་ཡིད་ངོར་ནམ་ཡང་འཆར་མི་སྲིད། །

ཅ་ཅོ་སྨྲ་མ་མང་བརྟག་དཔྱོད་གྱིས། །
ཆ་རྐྱེན་གནས་སྐབས་འཛོམ་ཡང་མི་རྟག་འཇིག །
ཇ་ཆང་འདོད་ཡོན་མི་ངོམས་སྤྱོད་པ་ཚོ། །
ཉ་མོ་ཁྱེད་ཀྱིས་དགེ་ལུགས་སྨྲ་ནུས་སམ། །

པ་ར་མི་ཏར་ཐོས་བསམ་ཁ་ལ་ཁྱེར། །
ཕ་མའི་རྒྱུད་སྡེ་བསྒོམ་ཐབས་ལྟོ་རྒྱབ་ཆེད། །
བ་གླང་ཡ་སོ་ཅན་གྱི་མི་གཟུགས་ཚོ། །
མ་ལུས་འགྲོ་བའི་སྐྱབས་མགོན་མཐོང་སོང་ངམ། །

ཙ་ར་མ་ཆོད་ཕོ་རྒོད་བསྟན་བཤིག་ཚོ། །
ཚ་བ་གྲང་མོའི་ཁྱད་མ་ཤེས་ན། །
ཛ་གད་དུག་གི་ལོངས་སྤྱོད་དབང་བསྐུར་ལ། །
ཝ་ནག་གངས་སེང་བདག་པོ་ཡིན་སྲིད་དམ། །

ཞ་ཉེ་དངུལ་ལ་འཁྲུལ་ན་ཐ་སྙད་འགལ། །
ཟ་མ་དུག་ཏུ་སོང་ན་རང་ལུས་དོར། །
འ་ཅག་བླ་མ་ནོར་ན་ཕྱི་མར་བརླག །
ཡ་རབས་མ་མཐོང་མགོ་རྔ་དོན་ཤེས་སམ། །

ར་དྲི་མ་ཚོར་རང་སྣའི་དབང་པོས་སྐྱོན། །
ལ་རྒྱ་མ་ཤེས་མཐོང་ཆུང་ཨུ་ཚུགས་ཅན། །
ཤ་ཁྲག་རུས་ཟད་དཔའ་བོ་གཅན་གཟན་རིགས། །
ས་སྐྱོང་བླ་མ་དགྱེས་པའི་ཐབས་ཤེས་མིན། །

ཧ་ཤང་གྲོགས་པོ་རིགས་པའི་ལམ་ནས་བརྟུལ། །
ཨ་ལགས་དམ་པས་བསྟན་པའི་རྒྱལ་མཚན་བསྒྲེངས། །
ཧ་གོ་དོན་རྟོགས་བཙན་གནོན་སྲིད་གཞུང་དག །
ཨ་ཁུས་ཐབས་ཤེས་འདུལ་བར་མཆོག་ཏུ་བསྔགས། །

༢༠༠༩ ༣ ༢ གསེར་ཉའི་དྲི་ལན་དུ་ཤྲྰིས་ཕུལ། །

0 comments:

ཟིན་བྲིས་འཚོལ་ཡུལ