དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 2 May 2011
གྲོགས་པོ་ཚོ། །
ལས་འབྲས་བསླུ་མེད་ཀུན་ལ་མཚུངས། །
རྐུབ་གཙུགས་བྱས་ན་དགེ་ལུགས་མིན། །
སྡིག་ལུགས་ཡིན་པ་རྒྱལ་བས་གསུངས། །
རང་སྐྱོན་རང་གིས་བསལ་ན་ལེགས། །

ཆང་འཐུང་ཁོ་ན་སྔགས་འཆང་མིན། །
རྡོ་རྗེ་འཆང་དང་མ་མཐུན་ན། །
རང་བཟོ་རང་གིས་དགག་ན་བཟང་། །
ཡང་གསང་ཕྱག་རྫོགས་བསྟན་པ་མིན། །

ཁ་ནས་རང་བཙན་རང་ཆོས་ཟེར། །
ཁོག་ནས་དགེ་སྡིག་མ་ཤེས་ནས། །
ཕྱི་དགྲ་མ་བརྟུལ་ནང་དགྲ་ལངས། །
སྤུ་ཕྱི་ལ་མ་སྐྱེ་ནང་ནས་ཟིང་། །

གྲོགས་ཕུ་ནུ་འདི་ཚོ་ཤ་རེ་ཚ། །
བཟང་ཆོས་མཐུན་སྨྲས་ན་ཕལ་ཆེ་ཁྲོ། །
ངན་ཁྱབ་སྒྲགས་བྱེད་དུས་རིག་པ་བཀྲ །
དོན་བཀྲ་ཤིས་བདེ་ལེགས་ཚེས་པ་དཀོན། །

རིག་འཛིན་དཔལ་དགྱེས་པ་རྡོ་རྗེས། །

0 comments:

ཟིན་བྲིས་འཚོལ་ཡུལ