དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 22 July 2011
ཀྱེ་མ་ཧོ།
གཟུར་གནས་ཉི་མ་ནུབ་ཀྱི་རི་ལ་བརྒལ། །
བློ་ལྡན་ཟླ་བ་སྒྲ་གཅན་ཁ་རུ་ཚུད། །
དོན་གཉེར་སྐར་ཚོགས་སྤྲིན་ནག་མུན་པས་སྒྲིབ། །
དཔྱོད་ལྡན་སྒྲོན་མེ་རྙེད་པ་ཁོ་བོ་ཙམ། །
ད་ཆོག་ཐལ། ང་ཡང་དྲ་ཐོག་ལ་ཡུན་རིང་བོར་ཡོང་གི་མ་རེད། མ་ཤི་ན་ཟླ་གཅིག་ལྷག་འགོར་གྱིན་རེད། དེས་བར་དྲ་རོགས་གྲོགས་པོ་ཚོ་བདེ་མོ་གྱིས། སྤོབས་པ་མཐའ་ཡས་དང་དྲི་མེད་ལྷག་བསམ་གཉིས་ནི་དཔྱད་རྩོམ་དག་ལ་བརྟག་ཅིང་དཔྱད་ན་ལྷག་བསམ་རྣམ་དག་གིས་བཟང་པོས་ལམ་སྟོན་མཁན་དང་ངན་པ་སུན་འབྱིན་ལ་ཕེབས་པ་ཞིག་རེད་འདུག ། ཁོང་རྣམ་གཉིས་སུ་ཡིན་ཤེས་པ་དང་དངོས་མཇལ་བྱུང་ན་བསམ་པའི་རེ་བ་ཆེན་པོ་ཡོད། མ་ཚད་ཁྱེད་རྣམ་པས་ཟིན་མཆན་ཡང་ཡང་སྤེལ་བའི་ཞུ་བ་དང་བཞེད་དོན་ལྷུན་གྱིས་གྲུབ་པའི་སྨོན་ལམ་འདེབས་ངེས་ཡིན། ང་རང་ངོས་ནས་ནི་ད་སྔོན་ཡན་དུ་བོད་རིགས་ཞིག་ཡིན་དུས་ས་མཐའ་འདི་སོ་ནས་ང་ཚོ་བོད་པའི་སྐྱིད་སྡུག་རེ་དྭོགས་ཀྱི་བགྲོ་གླེང་རེ་བཤད་ན་བསམ་ནས་ཁ་བརྡ་དྲ་བ་ལ་བདག་གི་དངོས་མིང་ཡང་མ་སྦས་མ་གསང་བ་བར་བདེན་པ་དྲང་པོ་མཚོན་རྟགས་ཡིན། མཁྱེན་དཔྱོད་ལྷག་བསམ་གྱིས་ཕྱུག་པའི་དྲི་མེད་ལྷག་བསམ་དང་སྤོབས་པ་མཐའ་ཡས་གཉིས་ལ་རང་ངོས་ནས་ཡིད་སྨོན་ཤོར་སའི་དྲ་གྲོགས་ཞིག་ལས་དཔལ་དགྱེས་པ་རྡོ་རྗེ་དང་གཅིག་མིན་པར་མ་ཚད་ཕན་ཚུན་ངོ་ཡང་མི་ཤེས། དོན་མེད་དུས་ཁོམ་པ་ཤྰཀྱ་མི་བོ། བོན་ལ་སྟོད་བུ། ། པདྨ་གེ་སར། སོགས་ཀྱང་བདག་ཉིད་མིན་པས་བདེན་དྲང་ཚོས་མཁྱེན་པར་མཛོད་ ཅིག །
སླར་སྨྲས་པ། །
གཟུར་གནས་ཉི་མ་ཤར་བའི་བཀྲ་ཤིས་ཤོག །
བློ་ལྡན་ཟླ་བ་ཚེས་བའི་བདེ་ལེགས་ཤོག །
དོན་གཉེར་རྒྱུ་སྐར་ཕུན་སུམ་ཚོགས་པར་ཤོག །
ངེས་ཤེས་སྒྲོན་མེ་འབར་བའི་ཞི་བདེ་ཤོག །
སྤོབས་པ་མཐའ་ཡས་མཁྱེན་རབ་ཉི་མ་ཤར། །

དྲི་མེད་ལྷག་བསམ་བརྩེ་ཆེན་ཟླ་བ་ཚེས། །
སྐལ་ལྡན་ཆོས་པ་བཤད་སྒྲུབ་སྐར་ཚོགས་རྒྱས། །
ཁ་བརྡ་ཁ་ལས་དགེ་བའི་བཀྲ་ཤིས་ཤོག །
ཁྱེད་ཚོ་བདེ་མོ་གྱིས།

0 comments:

ཟིན་བྲིས་འཚོལ་ཡུལ