དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 9 August 2011
༄༅། །སྔོན་དུ་འགྲོ་བའི་ཞུ་མཆིད། །
བདེན་དོན་གྱི་མིག་མདའ་འཕེན་པའི་སྤུན་ཟླ་ལགས།
ང་ནི་ངུར་སྨྲིག་གི་འཇིག་རྟེན་ཉམས་དགའ་བ་འདི་ལས་ལང་ཚོའི་སྙོམ་ལག་རྒྱས་ཤིང་ཤེས་རིག་འོད་དཀར་གྱི་ཟེགས་མ་རྒུན་པའི་སློབ་གཉེར་པ་ཞིག་ཡིན།  ངའི་རོལ་དབྱངས་ཀྱི་དཀྲོལ་སྟངས་འདིས་ཟླུམ་གཟུགས་གོ་ལའི་ཁྱོན་འདིའི་མྱ་ངན་གྱི་མུན་ཁུང་བརྟོལ་ནས་རྗེས་ལུས་གཉིད་དུ་ཡུར་བའི་ལྷིང་འཇགས་དཀྲོགས་ཏེ་གུ་ཡངས་དང་བདེ་དྲོད་ཀྱིས་ཁེངས་པའི་འཇིག་རྟེན་གསར་བ་ཞིག་གི་གླིང་ཁར་འཁྲིད།  ལྷག་བསམ་གྱི་མེ་ཏོག་འཐུ་ཞིང་བདེན་དོན་སེམས་ཀྱི་རྨ་ཁ་གསོ།  ང་ཚོས་མངོན་ལྐོག་གི་གསང་བ་བརྟོལ་ཏེ་ཅིས་ཀྱང་རྒྱང་རིང་ལ་ཆས་དགོས།  ཨེ་མ་སྔར་མེད་པའི་ཐུབ་བསྟན་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་མོའི་རྒྱ་ཕིབས་རྣམ་པར་བཀྲ་བའི་གསེར་ཏོག་གི་རྩེར་ལྷག་བསམ་གྱི་འོད་སྣང་དཀར་པོའི་མཚམས་སྤྲིན་འབུམ་གྱིས་འཁྱུད་པས་མཛེས། ཉིས་སྟོང་བཅུ་གཅིག་གི་ལོར་བརྒྱད་གཉིས་དགུ་གསུམ་གྱི་ཉིན་མོར་ཟངས༵་མདོག༵་དཔལ༵་རིའི༵་དཀྱིལ༵་འཁོར༵། ཐུབ༵་བསྟན༵་རྣམ༵་པར༵་རྒྱལ༵་བའི༵་ཕོ༵་བྲང༵་ཆེན་མོའི་མཛད་སྒོའི་རྟེན་འབྲེལ་གྱི་ཐོག་མའི་སྒོ་འབྱེད་དུ་ལྷག༵་བསམ༵་གྱི༵་འོད༵་སྣང༵་དཀར་པོའི་འོ་ཕུད་དྭངས་གཙང་གི་བཀྲ་ཤིས་པའི་ལྷ་རེག་དྲི་མེད་འདི་འོད༵་གསལ༵་མཐའ༵་ཡས༵་ཀྱིས་མ་བཅོས་སེམས་ཀྱི་རི་མོའི་སོར་ཕྲེང་ཡལ་འདབ་ལྔ་པ་སྙིང་གི་པདྨོར་ཟུམ་སྟེ་ལེགས་སྐྱེས་སུ་བཏེགས། ཞེས་ཡུལ་ཤུལ་ཁྲི་འདུ་རྫོང་སྔ་འགྱུར་སྐྱེན་པོ་དགོན་གྱི་གྲལ་མཐར་པ་འོད་གསལ་མཐའ་ཡས་ཀྱིས་གསེར་ལྗོངས་བླ་མ་རུང་དུ་བྲིས་པ་དགེའོ། །
ཤིས་སྨོན་གྱི་ཚིག
ལྷག༵་བསམ༵་དུང་གི་ཟླ་གཞོན་གྱི༵། །གཞན་ཕན་འོད༵་སྣང༵་རབ་སྤྲོ་བས། ། གངས་ཅན་ས་ལའི་སྨན་ཀློངས་སུ། །རྫོགས་ལྡན་དཔལ་ཡོན་དར་གྱུར་ཅིག ། ཅེས་གསེར་ཐང་བླ་རུང་ནས་ན་གཞོན་རྩོམ་པ་པོ་འོད་གསལ་མཐའ་ཡས་ཀྱི་རྩོམ་དེབ་ལ་ཤར་མི་ཉག་པ་གང་བསམ་ལྷུན་གྲུབ་ཀྱིས་ལྕགས་སྟག་ཟླ་༡༠ཚེས༢༧ཉིན་བྲིས། (སྔ་འགྱུར་པ)
ལྷག༵་བསམ༵་ཟླ་བའི་དཀྱིལ་འཁོར་གྱི༵། ། ཀུན་ཕན་འོད༵་ཀྱི་སྣང༵་བ་ཡིས། ། རྨོངས་པའི་མུན་པ་རབ་བསལ་ཏེ། །འཛམ་གླིངཞི་བདེའིི་ཁྱབ་གྱུར་ཅིག ། མཆེད་གྲོགས་དམ་པ་འོད་གསལ་མཐའ་ཡས་ཀྱི་སྙན་དེབ་ལ་གསེར་ཐང་བླ་མ་རུང་ནས་རེ་སྐོང་བ་འཇིགས་མེད་གཞན་ཕན་གྱིས་ཟླ་༩ ཚེས་༢༢ ལ་བྲིས་པ་དགེ །(དགེ་ལུགས་པ)
 ༣
མཚར་སྡུག་ཉི་གཞོན་འབུམ་གྱིས་རྣམ་ཕྱེས་པའི། ། ལྷག༵་བསམ༵་ཀེ་ལ་ཤ་ཡི་འོད༵་སྣང༵་ཅན། ། ལྷ་རྣམས་དགའ་བའི་བསྟི་སྟང་རོལ་མོར་བཅས། ། ཁྱོད་ལ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །
ཅེས་པ་འདི་བརྩེ་བའི་གྲོགས་མཆེད་དམ་པ་འོད་གསལ་མཐའ་ཡས་ཀྱི་སྙན་རྩོམ་ལྷག་བསམ་གྱི་འོད་སྣང་ལ་ཤེས་བརྗོད་དུ་ལྷ་ས་རྣམ་ཞོལ་ཤེས་རབ་ཆོས་འབྱོར་ཀྱི་སྨྱུག་རྩེར་འཕྱུར། (ས་སྐྱ་པ)
དཀར་གསལ་ཟླ་བའི་དཀྱིལ་འཁོར་ལས། །ལྷག་བསམ་འོད་ཀྱི་སྣང་བ་ལ། ། མུན་པ་སེལ་བའི་ནུས་པ་ཡོད། །རྒྱལ་ཁམས་ཀུན་ལ་ཁྱབ་གྱུར་ཅིག །
ཁམས་མི་ཉག་པ་ཚེ་རིང་ལོ་བརྒྱ་དེས་གྲོགས་ལ་ཕུལ། (གཅོད་པ)
རིགས་ཞེན་ལྷག་བསམ་འོ་མའི་རང་མདངས་ཀྱིས། ། གནའ་དེང་ཟུང་གི་ཤེས་བྱའི་བདུད་རྩིའི་བཅུད། ། སྙན་ཚིག་སྤྲིན་གྱི་རོལ་མོར་བསྡེབས་པ་ཡིས། ། ཤིས་དགུའི་འོད་སྣང་ས་གསུམ་འགེངས་གྱུར་ཅིག ། ཅེས་ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༢༠་ཉིན་བསོད་ནམས་དཔལ་འབར་གྱིས་བྲིས། །(ཇོ་ནང་པ)
ལྷག་བསམ་ཟླ་ཚེས་གསར་པའི་མདངས། །དབྱངས་གསལ་འཕྲུལ་གྱི་རི་མོ་སྨིན། ། ངག་རིག་འོད་སྣང་ཟེགས་མ་ཡིས། ། ཡངས་པའི་ས་ཆེན་འགེངས་གྱུར་ཅིག ། ཁམས་སྟོད་ཡུལ་ཤུལ་པ་གསེར་བཟའི་ཀརྨ་ཕྲིན་ལས་དེས་གྲོགས་ལའོ། ། (བཀའ་བརྒྱུད་པ)
ལྷག་བསམ་གྱི་འོད་སྣང་རྟག་ཏུ་བཀྲ །ཤིས་ཚིག་བཞིན་དོན་སྨིན་བརྟན་པས་བདེ། ། ལེགས་བཤད་ཀྱི་འགྲོ་ཕན་ཕུན་སུམ་ཚོགས། ། གཡུང་དྲུང་བཞིན་མི་འགྱུར་བརྟན་གྱུར་ཅིག ། ཅེས་སྒ་སྟོད་དབོན་པོ་རོང་ལེས་སྨོན་པ་དགེའོ། །(བོན་པོ)
སྨོན་ལམ།
ཨེ་མ་ཧོ།
ལྷག་བསམ་བརྩེ་དུང་ཟླ་བ་གསར་དུ་བཞད། ། བཤད་སྒྲུབ་འོད་སྣང་ཉི་མས་ས་གསུམ་ཁྱབ། ། དོན་གཉེར་རིག་པའི་སྐར་ཚོགས་ལྷུན་གྱིས་གྲུབ། ། འཁོར་འདས་རྨོངས་པའི་མུན་ནག་རབ་བསལ་ཤོག ། ཅེས་པ་གང་དྲན་དུ་དབྱིན་ཡུལ་ནས་༢༠༡༠ ༩ ༩ ལ་ཤྲྰིས་སྨོན་པ་དགེའོ། ། (གཏེར་གསར་པ)

0 comments:

ཟིན་བྲིས་འཚོལ་ཡུལ