དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 5 September 2011
༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེར་གདུང་གསོལ་རིས་མེད་གསེར་གྱི་མཁར་རྔ་ཞེས་བྱ་བ། །
ན་མོ་གུ་རུ་བྷོ་དྷི་ས་ཏྭ་ཡ། །
རབ་འབྱམས་སྲས་བཅས་རྒྱལ་བ་མ་ལུས་དང་། །
མ་གྱུར་འགྲོ་བའི་ཕ་མ་སེམས་ཅན་ཀུན། །
ཚོགས་གཉིས་བསགས་པའི་ཐབས་ཤེས་བདེ་སྟོང་ཆར། །
སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བསྟོད། །
ཤིང་རྟ་བརྒྱད་ཀྱི་བབས་སོ་ཁྱེད་ལ་འདུས། །
འཕགས་ནོར་བདུན་གྱི་དབང་ཕྱུག་ཁྱེད་ལ་མངའ། །
ཕ་རོལ་ཕྱིན་དྲུག་སྤྱོད་པའི་སེམས་དཔའ་ཆེ། །
ལམ་ལྔ་མཐར་ཕྱིན་ཕེབས་པའི་མྱ་ངན་འདས། །
ཆུང་ནས་རབ་ཏུ་བྱུང་སྟེ་བཤད་སྒྲུབ་བརྩོན། །
ཆེ་ནས་བསྟན་འགྲོའི་དོན་ཆེན་བདག་གིར་བཞེས། །
གངས་ལྗོངས་བསྟན་སྲིད་འཛིན་པའི་དགེ་བའི་བཤེས། །
སྐུ་ཚེའི་འཕེན་པ་རྫོགས་པ་ཀྱེ་མ་ཧུད། །
ན་ནིང་སྔ་འགྱུར་བསྟན་པའི་ཁྲི་འཛིན་གནང་། །
ད་ལོ་གྱ་བརྒྱད་མཛད་པ་མཐའ་མ་སྐྱོང་། །
མི་རྟག་རང་གཤིས་སྟོན་པའི་བླ་མ་རྗེ། །
གློ་བུར་དགོངས་པ་རྫོགས་པ་ཀྱེ་མ་ཧུད། །
པན་ཆེན་བླ་མ་བཙོན་ལས་མ་གྲོལ་གོང་། །
ཏྰ་ལའི་བླ་མ་གསེར་ཁྲིར་མ་ཕེབས་གོང་། །
མཁན་ཆེན་བླ་མའི་དགོངས་པ་གཞན་ལ་ཕྱོགས། །
གངས་ལྗོངས་ལས་དབང་རླུང་རྟ་མ་ཆག་གམ། །
མ༵་ལུས་འགྲོ་ཀུན་བྱམས་པའི་བླ་མ་ཁྱེད། །
མ༵་དག་སྒྱུ་ལུས་གཟིམ་པའི་ཚུལ་བསྟན་ཀྱང་། །
མ༵་རུང་ལོག་པར་འཁྱམ་པའི་སེམས་ཅན་དོན། །
མ༵་འགྱིང་སླར་ཡང་མྱུར་ཏུ་བྱོན་པར་མཁྱེན། །
ཅི་དྲན་ཐོལ་བྱུང་དུ་ཤྲྰིས་ཕུལ་བ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment