དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 5 September 2011
༩ཁ་བརྡ་དྲ་ཞབས་ཀྱི་འུར་སྒྲོག་པ་ཚོ་ལ་ཕུལ་བ་དཀར་ནག་རིལ་སྒྲིལ།
 
ན་མོ་ཁ་ཁ་མུ་ཁ་ཧེ།
ཁ་བའི་ལ་རྒྱ་ཅན་གྱི་ཕོ་རྒོད་ཚོ། །
ཁ་བརྡ་བོད་སྐད་བཤད་སའི་དྲ་བ་འདིར། །
ཁ་ནས་ཅི་བཤད་ཁོག་ལ་མ་བཟུང་བར། །
ཁ་བྱང་ལག་བྱང་བོད་ཡིག་བྱང་ཆུབ་ཕྱིར། །
ཁ་བརྡའི་ཡིག་རྩོད་རྩེད་མོ་རྩེ་བར་གྱིས། །
 
ཁ་མཚར་རྩེད་མོ་གཏམ་གྱི་རྒྱན་ཆ་འདོགས། །
ཁ་མཆུ་འཚང་འདྲི་གྱོད་ཀྱི་རྩ་བ་ཚུགས། །
ཁ་བཤད་སྟོང་པ་ཆུ་ཡི་རྦུ་ཝ་ཡིན། །
ཁ་ཡག་ངོ་བསྟོད་གྲོགས་ཀྱི་བསླུ་ཁྲིད་རིགས། །
ཁ་ལ་གང་བབ་བཤད་ན་ཁ་ལྕེ་བདེ། །
 
ཁ་གཡང་རང་བཙན་ཀི་སྒྲ་ཐོག་མར་བོས། །
ཁ་སྡིག་དམོན་ངན་དགྲ་གྲོགས་མ་ནོར་བར། །
ཁ་བརྡ་བདེན་པའི་རང་བཞིན་དབྱངས་གསལ་དག །
ཁ་ཁོག་མ་གསང་ཀུན་རྟོག་རི་མོའི་གཟུགས། །
ཁ་གྲོ་ལོ་བརྒྱ་ཁ་བའི་ལོ་རྒྱུས་ཕྲིས། །
 
ཁ་ཏོན་དགེ་སྦྱོར་བཀའ་བསྟན་གླེགས་བམ་ཀློགས། །
ཁ་དགེ་བཀྲ་ཤིས་ཁ་བཏགས་གླུ་བྲོ་རིགས། །
ཁ་འཇམ་ཁོག་རྩུབ་ཡིན་ཀྱང་ཁ་བརྡ་ཤོད། །
ཁ་ལྐུགས་ཁ་ཀྱོག་མིན་ན་ཁ་བརྡ་འདིར། །
ཁ་ཁྱག་ཁ་མཁས་སྟོང་གི་དོ་ར་ལེགས། །
 
ཁ་རོག་མ་འདུག་ཁ་རུ་ཁ་ཐུག་ཤོད། །
ཁ་ཞེ་མ་འཛེམ་ཁ་བཙན་སུ་ཆེར་འབོད། །
ཁ་ཅིག་ཁ་ཁ་དམ་བཅའ་ཁ་ཆེམས་ཞོགས། །
ཁ་གཏད་ཁ་མཐུན་ཁ་དྲལ་ཁ་རལ་རིགས། །
ཁ་རྣོ་ཚིག་བཙན་ཚང་མ་ཨེ་ཐོན་ལྟོས། །
 
ཁ་བའི་སྐད་ཡིག་བསམ་ན་ཁ་བརྡར་ཤོག །
ཁ་ཆེ་ཁ་ཆུང་ཁ་བའི་སྤུན་ཟླ་རྣམས། །
ཁ་རྒྱ་ཁོག་རྒྱ་བསྐྱོད་ལ་ཁ་བརྡ་གླེང་། །
ཁ་ཙམ་མིན་པར་ཁ་ལག་མ་བཟུང་བར། །
ཁ་བརྡ་དྲ་བའི་བསྟན་པ་འཛིན་སྐྱོང་སྤེལ། །
ཞེས་པ་ཁ་བརྡ་དྲ་བའི་དྲ་གྲོགས་ཀུན་ལ་རྩེད་མོ་ཀུ་རེའི་ཚུལ་དུ་ཅི་དྲན་ཤྲྰི་སྨྱོན་པས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ