༄༅།། ཨེ་མ་ཧོའི་རིག་མཛོད།

The Treasury of Marvelous Wisdom

དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 15 September 2011

postheadericon ཀླུ་སྨྱོན་འགྲན་རྩོམ་གྱི་རྒྱབ་ཆོས་ཤེལ་དཀར་མེ་ལོང་། །

02:53 | Posted by ༄༅།། ཨེ་མ་ཧོའི་རིག་མཛོད་། | | Edit Post

ཀླུ་སྨྱོན་འགྲན་རྩོམ་གྱི་རྒྱབ་ཆོས་ཤེལ་དཀར་མེ་ལོང་།

ན་མོ་གུ་རུ་ནྰ་ག་བི་ཛ་ཡེ། །
ལྷག་བསམ་མཚུངས་མེད་བྱང་སེམས་རིན་པོ་ཆེ། །
བསྟན་པའི་རྒྱལ་མཚན་འཛིན་པའི་དགེ་བའི་བཤེས། །
གངས་ལྗོངས་སྙན་ངག་མཁན་པོ་ཧེ་རུ་ཀ །
ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །

མཁས་པའི་རྣམ་དཔྱོད་ལོག་པའི་དུག་ཏུ་འཁྲུལ། །
བླུན་པོ་བབ་ཅོལ་མཛེས་པའི་སྒྱུ་འཕྲུལ་མཐོང་། །
ང་རྒྱལ་སྙེམ་སྟོང་དབུ་འཕང་དགུང་ལས་མཐོ། །
ངན་སྤྱོད་གཡོ་སྒྱུ་མཁན་ཚོར་བག་ཡོད་མཛོད། །

བདེན་ཆེན་གཟུར་གནས་བློ་གྲོས་རྒྱ་མ་ལ། །
དོན་ཆེན་དྲང་པོ་འཇལ་ཚད་མ་ནོར་བར། །
གལ་ཆེན་ཚངས་ཐིག་གཞན་ལག་མ་ཤོར་བར། །
གཟི་དཔང་མཁྱེན་རྟོག་རྒྱ་རྡོ་མ་འཆོལ་དགོས། །

ཕྱི་རྫིག་ནང་སྟོང་སྒྱུ་མའི་གྲོང་ཁྱེར་འདིར། །
རྒྱུ་ནོར་དཔུང་བཙན་ཐོབ་དང་གོ་ས་རིགས། །
རྦད་ཀྱིས་ཆོད་ལ་དབུལ་ཕྱུག་མཁྱེན་རབ་ཀྱི། །
རྩོམ་རིག་བྱ་དགའ་འབུལ་ས་མ་ནོར་དགོས། །

མཁྱེན་རབ་རལ་གྲིས་རྨོངས་པའི་དུག་སྡོང་གཅོད། །
བྱམས་བརྩེ་བདུད་རྩིས་ནད་གདོན་བགེགས་རིགས་སོལ། །
ཐབས་ཤེས་རིག་པས་ཤེས་བྱ་རྒྱ་མཚོའི་མཇིངས། །
ཀླུ་སྨྱོན་རྩོམ་རིག་བྱ་དགའི་སྒོ་ཆེན་ཕྱེས། །

གཟུར་གནས་ཉི་མའི་འོད་ཟེར་ཀུན་ནས་འཕྲོ། །
བློ་ལྡན་ཟླ་བའི་བསིལ་ཟེར་རྣམ་པར་འཇོ། །
དོན་གཉེར་རྒྱུ་སྐར་བགྲང་ཡས་ལྷག་པར་འཕེལ། །
ཀླུ་སྨྱོན་རྩོམ་རིག་བྱ་དགའ་དར་རྒྱས་སྨོན། །

བདེན་ཆེན་སྡུག་ལ་མ་སྦྱར་གཟུར་གནས་ཚོ། །
དྲང་སྲོང་བཟོད་སྨྲའི་དཀའ་སྤྱད་གནང་བ་ལ། །
དོན་མེད་སྒྲོ་འདོགས་དམར་ཕྱོགས་ཚོགས་པའི་རིགས། །
ཁ་དེ་གྲོང་ཚོ་ཀུན་གྱིས་སྐྱག་པས་ཆོད། །

ཚུལ་ལ་དགོངས་དང་ཀླུ་སྨྱོན་ཧེ་རུ་ཀ །
དོན་ཆེན་འགག་ལ་ཐུག་པའི་དུས་ཚོད་ལ། །
རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་པར། །
སྣང་སྲིད་གསལ་བའི་གཤིན་རྗེའི་མེ་ལོང་དགོས། །

ལས་འབྲས་བདེན་པའི་རང་ཚུགས་ཟིན་དང་གཅིག །
རྟེན་འབྲེལ་བསླུ་མེད་བདེན་གཉིས་འགལ་མེད་གཉིས། །
ངོ་ལྐོག་ཀུན་མཚུངས་བྱང་སེམས་རིན་ཆེན་གསུམ། །
ལྡན་ན་རྩོམ་རིག་སྲིད་མཐའི་བར་དུ་གནས། །

དེས་ན་དྲ་ཐོག་བཀོད་པ་ཐམས་ཅད་ལས། །
དཔྱད་འདེམས་ཡིན་ན་བདག་གིས་ད་ནས་ཤེས། །
ཀུན་མཁྱེན་བླ་མའི་ལུག་རྫིའི་ཀི་སྒྲ་དང་། །
ཏྰ་ལའི་བླ་མའི་གསུང་བཤད་ལེགས་འདེམས་ཀྱིས། །

ཁ་བརྡ་དྲ་བའི་རྩོམ་རིག་ཉིད་ཡིན་ན། །
དྲི་མེད་ལྷག་བསམ་སྤོབས་པ་མཐའ་ཡས་དང་། །
གཞོན་ནུ་ཟླ་མེད་ནགས་ཀྱི་སེངྒེ་དང་། །
ལ་སྟོད་བུ་རྒོད་ལ་སོགས་སྨྱུག་མིང་རིགས། །

སྐྱབས་རྗེ་འཇིགས་མེད་བེ་རུ་འཇིགས་མེད་དང་། །
རྫ་ཚེ་རིག་རྡོར་སྒོམས་སྡེ་རྔ་བ་པ། །
དགེ་རབ་ཨ་རིག་རྣམ་གཉིས་དཔལ་དགྱེས་པ། །
གསེར་ཚུལ་བོན་རྒྱ་ལ་དྭགས་འཇམ་དཔལ་དང་། །

ཉི་མ་འཚོ་དང་གཡུ་མཚོ་ཚེ་རིང་སྐྱིད། །
སྙན་པའི་ངག་ལ་དབང་བའི་རྩོམ་རིག་པ། །
རབ་འབྲིང་ཐ་མའི་དབྱེ་བསལ་ཤིན་ཏུ་དཀའ། །
དེས་ན་འཛིན་མཚམས་ལེགས་པོ་ཡོད་པར་མཛོད། །

སྦྱོང་དངོས་རྗེས་གསུམ་འབྱུང་འགྱུར་ཡུན་གནས་པའི། །
ཁྱབ་བསྒྲག་གསལ་བཤད་ཤིན་ཏུ་གོ་སླ་བ། །
གོ་རིམ་མ་འདྲིས་མ་འཛིང་མ་ནོར་བ། །
ཕྱོགས་རིས་མེད་པའི་ལམ་སྟོན་ངེས་པར་དགོས། །

སྣུམ་ཟད་མར་མེ་ལྟ་བུའི་རིག་གཞུང་ལ། །
ཡག་དགའ་ཉེས་སྡུག་ཡོད་པའི་གངས་ཅན་པའི། །
རྩོམ་རིག་སྨྲ་བ་ཀུན་གྱི་སྙན་ལམ་དུ། །
གང་ཤར་གསལ་འདེབས་དགྱེས་པ་རྡོ་རྗེས་ཕུལ། །
ཡེ་ཤེས་ཀྱིས་སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༤ ལ་ སྙན་ངག་​གི་གྲས་སུ་བཀོད། |

ཀླུ་སྨྱོན་འགྲན་རྩོམ་གྱི་རྒྱབ་ཆོས་ཤེལ་དཀར་མེ་ལོང་ཞེས་པའི་སྐོར་ལ་མཆན་ ༢ བཀོད་འདུག

  1. ༡༽ འབྲི་གུང་འབྲུག་ཚེ་རིང་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༤ གི་ཆུ་ཚོད་ ༡༥ སྐར་མ་ ༥༦
    གཏི་མུག་མུན་པ་འཁྲིགས་པའི་དུར་ཁྲོད་ནས།།
    ཁྲག་གི་ཆར་བ་ཟིམ་ཟིམ་བབས་པའི་ཀློང༌།།
    དཔལ་དགྱེས་མི་སྡུག་མཚན་མ་རྣམ་དགུས་རྒྱན།།
    བསྟན་པ་དྲག་ཏུ་དཀྲུག་པའི་ལས་ལ་བྲེལ།།
  2. ༢༽ ཀརྨ་པ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༤ གི་ཆུ་ཚོད་ ༡༦ སྐར་མ་ ༣༢
    རང་སྣང་བྲན་དུ་བཀོལ་བ་བླུན་པོའི་སེམས།།
    མ་རྟོགས་ཕྱོགས་སུ་ལྷུང་བ་མཛེས་པའི་ཆོས།།
    ཐོབ་རེ་ཤོར་གྱིས་དོགས་པའི་ངང་ཚུལ་དག།
    མཐོང་ཚེ་གད་མོ་ཤོར་བ་འགོགས་ཐབས་བྲལ།།
Email This BlogThis! Share to X Share to Facebook

0 comments:

Post a Comment

Newer Post Older Post Home
Subscribe to: Post Comments (Atom)

ཟིན་བྲིས་འཚོལ་ཡུལ

བོད་ཡིག་གི་དྲ་རྒྱ

  • ༧གོང་ས་མཆོག
  • བོད་གཞུང་དྲ་རྒྱ
  • བོད་ཀྱི་དུས་བབ
  • བོད་ཀྱི་བང་ཆེན
  • ཁ་བརྡ

Pages

  • Home
  • ཡིད་མཐུན་གྱི་འོས་སྦྱོར།
  • བརྡ་འཕྲིན་གྱི་དོ་ར།
  • རེ་དྭོགས་ཀྱི་རྒྱ་མཚོ།
  • གང་ཤར་གྱི་གླུ་བྲོ།
  • བརྩེ་གདུང་གི་གླིང་ཀ
  • དད་གུས་གསོལ་སྟོན།
  • འཁོར་འདས་ཀྱི་ས་མཚམས
  • དམ་ཆོས་ཀྱི་ཞིང་ཁམས།
མ་ཡུམ་བོད་ཀྱི་དྲ་བ | བེ་རིའི་དཔེ་མཛོད | གངྒའི་ཆུ་རྒྱུན། | སྨྱོན་པའི་འཇིག་རྟེན། | འབའ་ཐང་གི་འགྱུར་ཁུག | |
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཨེ་མ་ཧོའི་རིག་མཛོད་ལ་དབང་བས་བཀའ་འཁྲོལ་མེད་པར་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

Blogger Template created with Artisteer.