དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 20 September 2011
དཔལ་དགྱེས་པ་རྡོ་རྗེའི་བདེན་དཔུང་གི་ཞབས་བརྟན།
སྤྱི་
རྒྱལ་བའི་བསྟན་པ་སྤྱི་དང་དགེ་འདུན་དཀོན་མཆོག་གི་ཞིང་ས་ལ་འདི་འདྲ་དག་མ་གསུངས་རོགས། ཁྱད་པར་དུ་འབྲི་གུང་ཨ་ཕྱི་དྲ་བའི་བདག་པོ་འབྲུག་ཚེ་རིང་སོགས་དང་ཨེ་མ་ཧོའི་དྲ་ཞབས་པ་དག་གིས་བཀའ་བརྒྱུད་པ་སྤྱི་དང་། རྒྱལ་བ་འབྲི་གུང་པའི་བསྟན་པ་ལ་ནང་དཀྲུག་མི་གནང་བར་མཁྱེན་མཁྱེན། སྐྱབས་རྗེ་མཁན་ཆེན་བླ་མ་སང་དང་འབྲི་གུང་སྐྱབས་མགོན་ཆེ་ཚང་སོང་གི་ལོ་རྒྱུས་དག་མ་དྲ་བ་དེ་ཚོ་ནང་ན་འདུག ། ཁྱད་པར་མཁན་ཆེན་བླ་མ་སང་གི་ཞབས་བརྟན་གཉིས་འདིར་བཀོད་ཡོད། དེ་ཚོས་ཁྱེད་རྣམ་པར་ཡིད་ཆེས་མེད་ན་སྐྱ་བོ་དགེ་མེད་དག་གི་སྨྱོ་འབོད་རྐྱང་རྐྱང་རེད། དགོངས་དག་ཨེ་མ་ཧོའི་རིག་མཛོད་ལས་པར་བཤུས་བྱས་ཡོད། གཟིགས་དང་
༄༅། །ཞབས་བརྟན་སྨོན་ཚིག་བྱིན་རླབས་གཏེར་ཆེན་ཞེས་བྱ་བ་བཞུགས། །
༧ གོང་ས་ཏཱ་ལའི་བླ་མ། རྒྱ་གར
ཨོཾ་སྭ་སྟི།
ཀ་དག་གདོད་མའི་རང་རྩལ་འགག་མེད་དུ། །
ལྷུན་གྲུབ་རོལ་སྐུའི་མཛེས་པ་འབུམ་སྤྲོ་བའི། །
རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས། །
དགེ་ལེགས་བྱིན་ཆེན་ཕོབས་པའི་ཤིས་པ་སྩོལ། །
༄༅། །ཞབས་
༧ གོང་
ཨོཾ་
ཀ་
ལྷུན་
རྩ་
དགེ་
འཇམ་དཔལ༵་དགྱེས༵་པ༵འི་མཁྱེན་བརྩེ་ནུས་པའི་སྟོབས། །
མི་འགྱུར་རྡོ༵་རྗེའི༵་གསང་གསུམ་གཤིས་སུ་བརྟན། །
ཉམ་ཐག་འགྲོ་བ་འདྲེན་པའི་ཐུགས་རྗེ་ཅན། །
མཁན་ཆེན་བླ་མའི་ཞབས་པད་བརྟན་གྱུར་ཅིག །
མི་
ཉམ་
མཁན་
སྐྱབས་གནས་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་དང་། །
མཐུ་ལྡན་ཆོས་སྐྱོང་སྲུང་མའི་དམ་ཚིག་གིས། །
གཡོ་མེད་ལྷག་བསམ་བདེན་པའི་རེ་སྨོན་ལས། །
བསྟན་འགྲོའི་ཕན་བདེ་ཡུན་རིང་སྐྱོང་གྱུར་ཅིག །
མཐུ་
གཡོ་
བསྟན་
ཅེས་པ་འདི་ནི་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་ཞབས་བརྟན་སྨོན་ཚིག་ཅིག་འབྲི་དགོས་ཞེས། ༧ལམ་མཁྱེན་རྒྱལ་པོ་རིན་པོ་ཆེའི་ཞལ་སྔ་ནས་དང་།དད་དམ་དགེ་བ་སེར་སྐྱ་དུ་མ་ཞིག་ནས་བསྐུལ་ངོར། ཤྰཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོ་ནས།རབ་བྱུང་བཅུ་བདུན་པའི་ ཟླ༦་ཚེས་༡༠་ཕྱི་ལོ་༢༠༠༡་ཟླ་༨་ཚེས་༡༤ ཉིན་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་བྲིས་པ་དགེ་ལེགས་འཕེལ། ། ། །
༄༅། །མཁན་ཆེན་བླ་མའི་ཞབས་བརྟེན་རྡོ་རྗེ་ཕ་ལམ་བཞུགས་སོ། །
ལམ་མཁྱེན་༧རྒྱལ་པོ་རིན་པོ་ཆེ། ཨ་མི་རི་ཀ
ཨོྃ་སྭ་སྟི། །
མི་འགྱུར་འཕོ་བྲལ་བདེ་ཆེན་རྡོ་རྗེའི་གཟིས། །
གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་བཅོམ་པའི། །
དོན་དམ་རང་རིག་དཔལ་མགོན་བླ་མ་དང་། །
དབྱེར་མེད་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དགོངས། །
མི་
གཟུང་
དོན་
དབྱེར་
བརླབ་ཆེན་ཐུགས་བསྐྱེད་ཟབ་རྒྱས་ཆུ་གཏེར་དབུས། །
འཆད་རྩོད་རྩོམ་པའི་རི་གླིང་བཀོད་ལེགས་ཤིང་། །
ལྷག་བསམ་ཕྲིན་ལས་ཉི་ཟླའི་བརྒྱན་ཆ་ཅན་། །
དཔལ་ལྡན་མཁན་ཆེན་བླ་མ་ཞབས་བརྟན་གསོལ། །
འཆད་
ལྷག་
དཔལ་
དུས་འདིར་སྐྱེས་ཐོབ་དགེ་བའི་ཨུཏྤལ་ལ། །
སྦྱོར་བྱུང་ཡོན་ཏན་བྱེ་བའི་བདུད་རྩིས་ཕྱུག །
སྐལ་བཟང་བུང་བ་བསྡུད་པའི་སྨན་གཅིག་པུ། །
མཁན་ཆེན་དཔལ་དགྱེས་རྡོ་རྗེ་ཞབས་བརྟེན་གསོལ། །
སྦྱོར་
སྐལ་
མཁན་
ཕན་བདེའི་གཞིར་གྱུར་རྒྱལ་བསྟན་རིན་པོ་ཆེ། །
གངས་ལྗོངས་དད་བསོད་གོས་བཟང་རྩེར་བཀོད་པའི། །
ཐེག་དགུའི་ལམ་སྟོན་ཐར་བའི་དེད་དཔོན་མཆོག །
མཁན་ཆེན་དཔལ་ལྡན་བླ་མ་ཞབས་བརྟེན་གསོལ། །
གངས་
ཐེག་
མཁན་
གཞོམ་བྲལ་འགྱུར་བ་མེད་པའི་རྡོ་རྗེའི་སྐུ། །
ཕུལ་བྱུང་མཚན་དཔེའི་དཔལ་གྱིས་རྟག་འཁྱུད་ཅིང། །
མཐོང་ཐོས་དྲན་རེག་གཏན་བདེར་འདྲེན་པའི་དཔལ། །
དགྱེས་མཛད་སྐུ་ཡི་རྡོ་རྗེ་ཞབས་བརྟན་གསོལ། །
ཕུལ་
མཐོང་
དགྱེས་
འགགས་མེད་གསུང་གསང་མཚུངས་མེད་རྡོ་རྗེའི་སྒྲ། །
གང་འདུལ་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །
ཅི་དགར་འཇོ་བའི་རྒྱལ་བསྟན་གསལ་བའི་གཉེན། །
དགྱེས་མཛད་གསུང་གི་རྡོ་རྗེ་ཞབས་བརྟན་གསོལ། །
གང་
ཅི་
དགྱེས་
ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོའི་ཐུགས། །
འཕོ་མེད་བདེ་ཆེན་རྡོ་རྗེས་རྟག་འཁྱུད་ཅིང་། །
གཟུངས་སྤོབས་བློ་གྲོས་མཁྱེན་བརྩེའི་དཀྱིལ་འཁོར་རྫོགས། །
དགྱེས་མཛད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ། །
འཕོ་
གཟུངས་
དགྱེས་
དོན་དམ་ཆོས་ཉིད་སྤྲོས་པ་ལས་འདས་ཀྱང་། །
ཀུན་རྫོབ་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད། །
བདེན་གཉིས་ཟུང་འབྲེལ་རྟེན་འབྱུང་ཟབ་མོའི་མཐུས། །
དགྱེས་པ་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག། །
ཀུན་
བདེན་
དགྱེས་
ཐུགས་ལ་བརྣག་པ་གཞན་ཕན་ཁོ་ན་དང་། །
མཛད་པ་མཐའ་དག་བསྟན་འགྲོར་སྨིན་པའི་ཐབས། །
ཆེར་སྙིགས་དུས་འདིར་ཁྱོད་འདྲའི་བཤེས་གཉེན་སུ། །
དེ་བསླད་ཐུགས་བཞེད་ལྷུན་གྱིས་གྲུབ་གྱུར་ཅིག །
མཛད་
ཆེར་
དེ་
མཆོག་གསུམ་ཚེ་ལྷ་ཆོས་བསྲུང་བདེན་བྱིན་དང་། །
བདག་སོགས་དད་མོས་ལྷག་བསམ་རྣམ་དག་མཐུས། །
ཅི་ལྟར་གསོལ་བཏབ་སྨོན་པའི་འབྲས་བཟང་ཀུན། །
ཡོངས་གྲུབ་དོན་གཉིས་ཕུན་ཚོགས་བཀྲ་ཤིས་ཤོག །
བདག་
ཅི་
ཡོངས་
ཅེས་པའང་མཁན་སྤྲུལ་དཔལ་དགྱེས་པ་རྡོ་རྗེའི་འཁྲུངས་སྐར་དུས་ཆེན་དུ་འབྲི་གུང་ ལམ་མཁྱེན་རྒྱལ་པོ་འབོད་པས་འགྱོགས་འཕྲིན་དུ་ཕྱི་ལོ་༢༠༠༡ ༥ ༡ ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཏྲིན་སྒམ་པོ་པའི་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེ་ལེགས་འཕེལ། །༧རྒྱལ་པོ་རིན་པོ་ཆེའི་གསུངས་ལས་འདེམས་ཏེ་༢༠༠༩ ༡ ༡༥ཉིན་ དཔལ་དགྱེས་པ་རྡོ་རྗེས་བཀོད་པ་ཤྲྰི་སརྦ་དྷརྨྰ་བི་ཛ་ཡནྟུ།། །།
སྤྱི་
ཨོ་ཨོ། ད་ཡིན་ན་ལྗང་སྨྱུག་གངས་སྨྱུག་ gonpoརྣམས་ ཀྱི་གསུམ་གའམ་ཡང་ན་གང་རུང་ཞིག་ཨ་ཕྱི་དྲ་བའི་དྲ་བདག་འབྲུག་ཚེ་རིང་ཟེར་བ་དེ་ ཡིན་པ་ཤེས་སོང་། ཁོ་ནི་འབྲི་གུང་པ་ངོ་མ་ཞིག་རེད། རང་ཤ་བཅད་ནས་ཁྱིའི་སྔུན་ལ་གཡུག་པ་དེ་ཡག་པོ་མ་རེད། འདི་ན་ཆོས་བརྒྱུད་བཞིའམ་ལྔ་བོན་དང་བཅས་པའི་ཀློག་མཁན་འདུག་ག འབྲི་གུང་ལ་ཤ་ཞེན་ཡོད་མདོག་བྱས་ནས་རྒྱུ་མ་ཕྱི་ལོགས་ལ་སྟོན་པ་དེ་ངོ་མ་ཁྱད་ མཚར་རེད། སྔོན་མ་ང་ཆེ་ཚང་རིན་པོ་ཆེ་མཇལ་དུ་འགྲོ་སྐབས་གསེར་རྟའི་མི་ཞིག་གིས། ཉ་བསད་རྒད་པོ་དེ་ལ་འཇལ་རྒྱུ་ཅི་ཞིག་ཡོད་ནི་རེད་ཟེར། ཡིན་ན་ཡང་ཁོས་ཟེར་བ་དེ་གོང་གི་དོན་འགྲུབ་ཟེར་བ་དེའི་སྐད་ཆ་དང་ཁ་ཁ་རེད། ཁོས་ཟེར་ན་ཆེ་ཚང་རིན་པོ་ཆེ་ནུབ་ཕྱོགས་སུ་ཐོག་མར་ཕེབས་སྐབས་ཟ་ཁང་ཞིག་ཏུ་ལས་ ཀ་བྱས་པ་རེད། དེ་དུང་ཉ་བསད་ནི་རེད་ཟེར། དོན་འགྲུབ་ཀྱིས་ཟེར་བ་ལྟར་ལྷ་ས་ནས་ཉ་བསད་ནི་རེད་ཟེར་གྱི་མི་འདུག ཡིན་ན་ཡང་ངས་དེ་ལ་ཡི་ཆེས་བྱས་མེད། གང་ཡིན་ཟེར་ན་འབྲི་གུང་ཆེ་ཚང་ལྟ་བུའི་བླ་ཆེན་ཞིག་གིས་ཟ་ཁང་ནང་དུ་ལས་ཀ་བྱས་ ཡོད་རྒྱུ་མ་རེད་བསམ་པ་ཙམ་ཡིན། མ་གཞི་ཁོང་གིས་ཟ་ཁང་ནང་དུ་ལས་ཀ་བྱེད་མྱོང་ཡོད་ནི་རེད་དམ་མ་རེད། ཤེས་མཁན་ཚོས་གཅིག་གསུངས་རོགས། མ་ཤེས་