དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 10 July 2012

འཚེ་བའི་མེ་བསྲེག་མ་གཏོང་། ། 

 


ཀྱེ་མ་ཧོ། །

 
ཀ་དག་བསམ་པ་དག་ཀྱང་། །
ཁ་བའི་ལ་རྒྱ་ཡིན་ཡང་། །
ག་ས་གང་ནས་འབར་བའི། །
ང་ཚོས་འཚེ་བ་སྤོང་དགོས། །
ཅ་ཅོའི་འབོད་པ་བཟང་ཡང་། །
ཆ་ལུགས་མུ་སྟེགས་སྤྱོད་པ། །
ཇ་རྩམ་རོལ་བའི་བོད་པས། །
ཉ་ཉོག་ལས་ཀ་མ་བྱེད། །
ཏ་ཐྰ་ག་ཏའི་སྙིང་དོན། །
ཐ་དག་ཞི་བདེ་འདོད་ན། །
ད་ལྟའི་མེ་མཆོད་འདི་ཚོ། །
ན་ཚའི་སྡུག་བསྔལ་ཁོ་ན། །
པ་ར་མི་ཏའི་ལྟ་སྤྱོད། །
ཕ་མའི་རྒྱུད་སྡེའི་དགོངས་པ། །
བ་གླང་དམར་མཆོད་ནང་བཞིན། །
མ་བྱེད་བོད་རིགས་སྤུན་ཟླ། །
ཙ་ར་ལེགས་པོ་གཅོད་དང་། །
ཚ་བསྲེག་དམྱལ་བ་མངོན་སུམ། །
ཛ་དྲག་རང་གིས་བཟོས་པ། །
ཝ་མོས་རྟུལ་ཞུགས་མིན་ནམ། །
ཞ་ལོང་འོན་སོགས་མིན་ན། །
ཟ་དགའ་འཐུང་སྐྱིད་མེད་པར། །
འ་ཅག་གངས་ཅན་ཚང་མས། །
ཡ་རབས་གནས་ལ་བརྩོན་ཡ། །
ར་བ་གངས་དཀར་ལྗོངས་སུ། །
ལ་རྒྱ་མེད་པ་མིན་ཀྱང་། །
ཤ་ཚ་སྙིང་རྗེ་འདི་འདྲ། །
ས་འདིར་མཐོང་འདོད་མི་འདུག །
ཧ་ཅང་ཐབས་ཤེས་བཟང་པོས། །
ཨ་རིག་བསྟན་སྲིད་གནས་ལ། །
གཞི་བྱེས་ཀུན་པོས་འབད་ནས། །
རང་ཆོས་བདག་ཏུ་ཟུངས་ཤིག །
ད་སྔོན་མེ་འབར་ཀློང་དུ། །
ཤི་གསོན་གཉེན་ཉེ་ཚང་མ། །
ཕན་བདེའི་ཐར་ལམ་ཐོབ་པར། །
སྙིང་ནས་སྨོན་ལམ་འདེབས་སོ། །
ད་ཕྱིན་དོན་མེད་འདི་འདྲའི། །
དལ་འབྱོར་མི་ལུས་རིན་ཆེན། །
སྙིང་པོ་དབེན་པའི་རང་གསོད། །
མ་བྱེད་ད་ནས་སྤོངས་ཤིག །
ཅེས་མེ་བསྲེག་གི་བརྙན་དཔར་དག་མཐོང་བའི་རྐྱེན་ལས་སྙིང་ནད་པ་ཤྲྰིས་མིག་ཆུ་དང་བཅས་གང་དྲན་བཅོས་བསྒྱུར་མེད་པར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ །

0 comments:

ཟིན་བྲིས་འཚོལ་ཡུལ