དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 28 November 2012

མེས་པོ་དྲན་གླུ


དོན་གྲུབ་རྡོ་རྗེ།
ལྷུན་པོ་གངས་རིའི་དབུ་རྩེ་མཁའ་ལ་བསྙེགས།།
སེང་གེ་དཀར་མོའི་རྩལ་ཆེན་འདེཊ་པའི་གཞིས།།
ཕ་ཡུལ་བསིལ་ལྡན་རི་བོའི་འདས་དོན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བྱམས་སེམས་བརྩེ་བ་ལྷན་སྐྱེས་མི་ཡི་གཤིས།།
ཡ་རབས་སྤྱོད་པ་རིགས་བཟང་ལྷ་ཡི་རྒྱུད།།
གདོང་དྲུག་རུས་ཀྱི་མཆེད་ཁུངས་ཡབ་ཡུམ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
པོ་ཏ་ལ་རིའི་དབུ་འཕང་དགུང་ལས་མཐོ།།
རྒྱ་ཕིབས་སེར་བོའི་གསེར་འོད་གླིང་བཞིར་འཕྲོས།།
མི་དབང་སྲོང་བཙན་རྒྱལ་པོའི་མཛད་འཕྲིན་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
བསྟན་པ་རིན་ཆེན་ཆོས་ཀྱི་སྒོ་མོ་ཕྱེས།།
བཅུ་ཕྲག་རིག་པའི་བང་མཛོད་བོད་དུ་འབྱེད།།
མེས་དབོན་དམ་པའི་བཀའ་དྲིན་སྙིང་ནས་དྲན།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།
དྭངས་གཙང་ས་གཞི་ལྷ་ཡི་ཞིང་ཁམས་ཆེ།།
གངས་ཆབ་བསིལ་མ་ལྷང་ལྷང་འབབ་པའི་ཡུལ།།
ཁ་བ་གངས་ཅན་རང་གི་ཕ་ཡུལ་དྲན།།
དྲན་པའི་གཞས་ཆུང་སེམས་ཀྱི་འདུན་པ་ཡིན།།

0 comments:

ཟིན་བྲིས་འཚོལ་ཡུལ