དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 5 December 2012
༄༅།
།དགའ་ལྡན་ལྔ་མཆོད་ཆེན་མོའི་སྒྲུབ་ཐབས་རིན་ཆེན་སྒྲོན་མེ། །
ཨེ་མ་ཧོ།
།
དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།
།
འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་ནས།
།
ཆོས་སྤྱོད་ཡན་ལག་བཅུ་བར་འབད།
།
བསྟན་འགྲོར་ཕན་བདེ་ཡོང་བར་སྨོན།
།
ཕྱག་འཚལ་རྒྱལ་བ་སྲས་བཅས་དང་།
།
མཆོད་པ་རྣམ་ལྔའི་སྤྲིན་ཆེན་འབུལ།
།
ལས་ཉོན་བག་ཆགས་སྡིག་པ་བཤགས།
།
ཚོགས་བསགས་དགེ་ལ་རྗེས་ཡི་རང་།
།
འགྲོ་ཁམས་སྨིན་པར་ཆོས་འཁོར་བསྐུལ།
།
མྱ་ངན་མི་འདའ་ཞབས་བརྟན་གསོལ།
།
དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ།
།
ཞི་ལྷག་ངང་ནས་སྒོམ་ལ་འབད།
།
ཞི་སྐུ་ཐུབ་པ་ཆེན་པོ་སྒོམ།
།
མཚན་བཟང་དཔེ་བྱད་རབ་ཏུ་རྒྱན།
།
ཚངས་དབྱངས་རྟེན་འབྱུང་ཟབ་མོ་དོན།
།
ཡང་ཡང་བསམ་ཞིང་རྗེས་དྲན་བྱ།
།
ཤྰཀྱ་ཐུབ་པའི་བསྟན་འཛིན་མཆོག
།
ཨོ་རྒྱན་པདྨའི་སྤྲུལ་པའི་སྐུ།
།
དགེ་སློང་བློ་བཟང་གྲགས་པ་ལ།
།
ཡོན་ཏན་ཤེས་པས་སྐྱབས་སུ་འགྲོ།
།
རྙེད་དཀའི་མི་ལུས་རིན་ཆེན་ལ།
།
མི་རྟག་འཆི་བའི་དྲན་སྐུལ་དང་།
།
འཁོར་བ་སྡུག་བསྔལ་རྒྱལ་མཚོ་ལས།
།
ཐར་ཕྱིར་དགེ་སྒྲུབ་སྡིག་སྤང་བྱ།
།
དེ་ལྟར་ངེས་འབྱུང་རྣལ་མའི་ངང་།
།
བྱང་ཆུབ་སེམས་གཉིས་ལེགས་བརྩོན་ནས།
།
དག་མཉམ་བདེན་པའི་ངང་དུ་གནས།
།
རྟེན་འབྱུང་དབུ་མའི་གོ་བ་གཅིག
།
བདེ་ཆེན་ཕྱག་རྒྱའི་མྱོང་བ་གཉིས།
།
རྫོགས་ཆེན་རིག་པའི་རྟོགས་པ་གསུམ།
།
རྒྱལ་ཀུན་སྒྲུབ་པའི་མཆོད་པ་འབུལ།
།
སེར་སྣ་བྲལ་བའི་མཆོད་འབུལ་དང་།
།
ཟུག་ངུ་བྲལ་བའི་བཟོད་པ་སྒོམ།
།
ལུང་རྟོགས་མཁྱེན་པའི་ཤེས་རབ་ཀྱིས།
།
དུག་གསུམ་འཁྲུལ་བའི་རྩ་བ་གཅོད།
།
སྙིགས་དུས་འགྲོ་ལ་བསོད་ནམས་མཐུ་བསྐྲུན་པའི།
།
རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ།
།
གསུང་གི་སྙིང་པོ་རིག་ལམ་མདོ་སྔགས་གཞུང་།
།
དགེ་ལུགས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག
།
ཐུགས་རྗེ་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས།
།
མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས།
།
མཐུ་སྟོབས་ནུས་པའི་བདག་ཉིད་རྡོ་རྗེ་འཛིན།
།
བློ་བཟང་རྒྱལ་བའི་བསྟན་པ་དར་གྱུར་ཅིག
།
རྒྱལ་བསྟན་སྤྱི་དང་བོད་བརྒྱུད་བསྟན་པ་ལ།
།
ཉེས་པའི་གདོན་དུ་སླད་པའི་དམ་སྲིའི་དཔུང་།
།
འདྲེ་ལ་སྐྱབས་བཅོལ་གྲོགས་ཀྱི་སྲོག་འཕྲོག་པའི།
།
དགེ་རྫུན་དེ་ཀུན་རྩ་ནས་ཞི་གྱུར་ཅིག
།
ཐོས་བསམ་མདོ་སྔགས་རིག་གནས་བཤད་པས་འཛིན།
།
ལམ་རིམ་བྱང་ཆུབ་ཐབས་ཚུལ་སྒྲུབ་པས་སྐྱོང་།
།
རིམ་གཉིས་ཟུང་འཇུག་བདེན་པ་དགེ་བས་སྤེལ།
།
དགེ་ལུགས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
།
ཅེས་པ་འདི་རང་རབ་རྒྱན་ཆུ་འབྲུག་མགོ་ཟླའི་མཁའ་འགྲོ་འདུ་བའི་དུས་ཆེན་ནམ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྗེ་ཙོང་ཁ་པའི་འདས་མཆོད་དུ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་དཔལ་ལྡན་ལྷ་མོས་བསྐུལ་བ་བཞིན་དུ་ཤྰཀྱའི་དགེ་སྦྱོང་བ་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་གང་དྲན་དུ་གསོལ་བ་འདེབས་པ་དོན་དང་ལྡན་པར་གྱུར་ཅིག
། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །
Subscribe to:
Post Comments (Atom)
0 comments:
Post a Comment