དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 6 December 2012

༢༠༡༢ལོར་འཛམ་གླིང་འཇིག་པར་གླེང་བ་ནི་ཁུངས་མེད་ཡིན་པར་སྒྲུབ་འདུག


རྩོམ་ཁུངས།༼ CCTV-13 ཟླ་འོད་ཀྱིས་བསྒྱུར།




སྤྱི་ཟླ་༡༠ཕྱི་ཚེས་༥ཉིན་གནས་ཚུལ་ཐོན་པར་གཞིགས་ན་མེག་སེ་ཀོ་མ་ཡཱ་མི་རིགས་ཀྱི་མ་འོངས་ལུང་བསྟན་གཞིར་བཟུང་ན་སྤྱི་ལོ་༢༠༡༢ལོ་ནི་འཛམ་གླིང་འཇིག་ཁའི་ལོ་ཡིན་པར་ལོ་བརྩིས་ཀྱིས་སྒྲུབ་བྱེད་བཀོད་རྗེས་འཛམ་གླིང་ཡོངས་ལ་འཇིགས་སྣང་ཆེན་པོ་བཟོས་ཡོད་པ་རེད། མ་ཡཱ་མི་རིགས་ཀྱི་མེས་པོའི་ལོ་བརྩིས་ལྟར་ན་སྤྱི་ལོ་༢༠༡༢ལོའི་དགུན་གྱི་ཉི་ལྡོག་གི་དུས་ཚོད་ནི་ལོ་ཁྲི་14.4འདས་པའི་དུས་འཁོར་གྱི་མཇུག་མཚམས་ཤིག་མཚོན་ཡོད། དུས་འཁོར་འདིའི་བརྩི་སྟངས་ནི་མ་ཡཱ་མིའི་ངག་རྒྱུན་ནང་ཁོ་ཚོའི་མེས་པོས་འཛམ་གླིང་འདི་བཀོད་པའི་ཉིན་དེ་ནས་བཟུང་འགོ་ཚུགས་ཡོད་ཅིང་། བསྐྱར་ཟློས་ཐེངས་༡༢བྱས་ཟིན་པ་དང་ཐེངས་༡༣པའི་མཇུག་རྫོགས་ཀྱི་དུས་ཚོད་ནི་སྤྱི་ལོ་༢༠༡༢ལོར་འཁེལ་གྱི་ཡོད་པ་དང་འཇིག་རྟེན་བཀོད་པ་ནས་ད་བར་དུས་འཁོར་ལོ་གྲངས་༥༢༠༠ཏག་ཏག་ཡོངས་སུ་རྫོགས་ཀྱི་ཡོད་པས་སོ།

ཡིན་ནའང་མིག་སྔར་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ལས་ཁང་ནས་སྤྱི་ལོ་༢༠༡༢ལོར་ས་གོ་ལ་དང་བར་ཐག་ཉེ་བའི་བརྟན་སྐར་ཚད་འདས་སྐར་གསར་གྱི་རྣམ་པའི་ཐོག་ནས་འབར་གས་བྱེད་པར་བློ་འཚབ་དགོས་དོན་མེད་ལ་དེ་བས་སྲོག་ལ་ཐུག་པའི་ཉེན་ཚབས་ཡང་ཡོང་ཐབས་མེད་པ་གསལ་བཤད་བྱས་འདུག དེ་བཞིན་གནམ་རིག་སྐར་རྩིས་མཁས་པས་ཀྱང་ཐེ་ཚོམ་གྱི་དྲ་བ་ཡོངས་སུ་བཅད་ནས་ས་ཡི་གོ་ལར་ད་ལྟའི་ཆར་གནོད་ཚབས་ཆེ་བའི་མངོན་མེད་ཀྱི་བརྟན་སྐར་ཡེ་ནས་མེད་པའི་སྒྲུབ་བྱེད་ཀྱང་བཀོད་ཡོད་འདུག །

0 comments:

ཟིན་བྲིས་འཚོལ་ཡུལ