དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 7 December 2012
ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ངང་ཚུལ། རྫོགས་ཆེན་པདྨ་སྐལ་བཟང་།
སྲིད་འདིར་ཆེ་བ་ཚངས་དབང་ལྷ་ཡི་ བདེ་འབྱོར་དག་ཀྱང་གཅིག་ཏུ་བརྟན་ མིན་གཡོ་ཞིང་འགྱུར་བའི་འདུས་བྱ ས་ཀྱི།།
རང་མཚང་ཉིད་ལས་སྐྱོ་བས་ཡིད་དབྱུ ང་ཞི་བསིལ་དམ་ཆོས་ལེགས་གསུང་ བཀའ་དང་དགོངས་འགྲེལ་དོན་གྱི་སྙི ང་པོའི་བཅུད།།
ངེས་འབྱུང་ལམ་གྱི་སྲོག་ཏུ་འཛིན་ མཁས་རྣམ་དག་ཁྲིམས་ཀྱི་བརྟུལ་ཞུ གས་ལ་གནས་དྲང་སྲོང་རྗེས་ཞུགས་ གང་ཟག་ཆེ།།
འཕྲལ་ཡུན་དགེ་བའི་གཏན་ལེགས་འདུ ན་མ་དོན་གཉིས་འབྲས་ལྡན་ཐར་དང་ ཐམས་ཅད་མཁྱེན་པ་མཆོག་ལ་རིངས་བར་ ཕྱོགས།།
ཆགས་སོགས་ཉོན་མོངས་དུག་ཅན་ཚེར་ མའི་ཚལ།།
ཞི་བར་མ་གྱུར་དེ་སྲིད་སྡུག་བསྔ ལ་གྱི།།
ཟུག་རྔུར་བཅས་ཕྱིར་ཆོས་འདུལ་པདྨ འི་མཚོར།།
ཞུགས་པའི་སྐྱེས་བུ་ངང་པའི་དེད་ དཔོན་བཞིན།།
གསེར་མདོག་བཙོད་དང་གུར་གུམ་ མདངས་འཛིན་སྟོན་པས་གནང་བའི་རྣམ་ གསུམ་ངུར་སྨྲིག་རྒྱལ་མཚན་མཛེས་ པས་ཡོངས་“སྤྲས་ཤིང་།།
དྲན་དང་ཤེས་བཞིན་བག་ཡོད་དང་བཅས་ སྤྱོད་ལམ་གཙང་ལྡན་འཁྲིལ་བག་ཆགས་ པའི་གོམ་སྟབས་དལ་བུས་ས་ཆེན་གནོ ན།།
བཅུ་གཉིས་སྦྱང་བའི་ཡོན་ཏན་ལ་ གནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ ལས་མི་འདའ་དམ་པའི་ཚུལ་དགུའི་ བདག་ཉིད་ཅན།།
ཤཱཀྱའི་རྗེས་ཞུགས་ཐུབ་པའི་བསྟན་ འཛིན་ས་གསུམ་འགྲོ་བའི་གཙུག་གིས་ བཏུད་པའི་ཚོགས་གཉིས་དཔལ་གྱི་ཞི ང་སར་བརྗིད།།
འཇིག་རྟེན་རིན་ཆེན་སྤུངས་པས་སྒྱ ུ་མའི་ལུས།།
བརྒྱན་པའི་བློ་ཆུང་བྱིས་པ་མང་ མཐོང་ཡང་།།
བསླབ་གསུམ་ནོར་བུའི་རྒྱན་གྱིས་ ཡོངས་སྤུད་པའི།།
ཕུལ་བྱུང་སྡེ་སྣོད་འཛིན་པ་བརྒྱ་ ལམ་ཙམ།།
དཀར་གསལ་ཟླ་བ་ཀུན་ནས་རྒྱས་འདྲའི ་ཞལ་གྱི་དཀྱིལ་འཁོར་གནག་སྣུམ་ དབུ་སྐྲའི་ལན་ཚར་གཡོ་མིན་དབུ་ཟླ ུམ་མཛེས།།
ཁྲ་ཟིལ་ཐོ་རངས་སྐར་ཆེན་འཛུམ་ལྟ འི་སྤྱན་ཟུང་འདོད་ཡོན་གཟུགས་ལ་ གཡེང་མིན་དམའ་བའི་ས་ལ་མཉམ་པར་ གཟིགས།།
ལྷ་ཡི་རྔར་མཚུངས་ཚངས་དབྱངས་གསུ ང་ནི་ཅ་ཅོའི་ངག་དང་ནམ་ཡང་མཛའ་མི ན་དབྱངས་སྙན་དམ་པའི་ཆོས་སུ་སྒྲོ ག།
“མཆོག་ཏུ་མི་གཡོ་མཁའ་འདྲའི་ཐུ གས་ཀྱང་ཀུན་ཉོན་རླུང་གིས་རྟག་ཏུ ་མི་རྫི་བྱང་ཆུབ་སེམས་དང་ཏིང་ འཛིན་བརྟན།།
ཉི་ཟླ་བྱེ་བའི་དཔལ་གྱིས་མཚོན་མི ན་ཞིང་།།
གཏེར་དང་ནོར་བུའི་མཛོད་ཀྱིས་བསྒ ྲུན་མིན་པའི།།
ཞི་དུལ་ལྟ་ན་སྡུག་པའི་གཟུགས་ འཆང་བ།།
འཕགས་ནོར་བདུན་གྱིས་མཛེས་བྱས་སྲ ིད་འདིར་རྨད།།
ཟོག་པོ་ཁྲམ་རྐྱལ་གཡོ་སྒྱུའི་ མཁན་པོ་འཇིག་རྟེན་བསླུ་བྱེད་གྲུ བ་གཏེར་རྫུན་མའི་ལྟར་སྣང་མིག་གི ་བསྐྱེད་རིམ་དང་།།
ཕྱོགས་རེར་ཞེན་པའི་ལྟ་གྲུབ་ཁ་ འཛིན་ཆོས་བརྒྱད་ལྷུར་ལེན་ཆགས་སྡ ང་དྲག་པོའི་ཀུན་དཀྲིས་ཅན་གྱི་ བཙུན་པའི་གཟུགས།།
གནས་སྐབས་གཞན་དང་མཐར་ཐུག་རང་བསླ ུའི་བསྟན་སེལ་ཆོམ་པོ་བདུད་ཀྱི་ བཤེས་གཉེན་ལོག་འཚོས་བརྒྱགས་པའི་ གཟི་མདངས་ཅན།།
སྙིགས་མའི་རང་མཚང་ཕྱི་རུ་ཤར་བའི ་ལྟས་དག་མཐོང་ནས་དང་བའི་སེམས་པ་ ཚངས་སྤྱོད་དུལ་བ་ཁྱེད་ལ་ཤོར།།
“གང་གཱའི་ཀླུང་གི་རྡུལ་མཉམ་བསྐ ལ་པ་རུ།།
རྒྱལ་དང་སྲས་རྣམས་བསྙེན་པའི་དགེ ་ལས་ཀྱང་།།
བདེ་གཤེགས་བསྟན་ལ་བསླབ་པ་གཅིག་ འཛིན་པའི།།
བསོད་ནམས་དུས་འདིར་འཕགས་ཞེས་རྒྱ ལ་བས་གསུངས།།
དེ་སླད་ཐུབ་པ་མཆོག་གི་བསྟན་པ་ཕྱ ི་ཡི་མཁར་དང་མངའ་ཐང་གིས་མིན་འདུ ་འཛིའི་འཁོར་གྱིས་དེ་བས་མིན།།
ནང་དུ་འདིར་སྣང་བདེ་ལ་ཞེན་པའི་ སྟོབས་འབྱོར་གྱིས་མིན་ཆེ་དགུས་ འདུད་པའི་སྙན་གྲགས་བཀུར་སྟིའི་ ལ་རྒྱས་མིན།།
ཚུལ་གནས་ཐོས་དང་བསམ་སྒོམ་སྟོབས་ ཀྱི་ཤེས་རབ་ཆེ་དང་གཞན་ཕན་དག་པས་ དེ་ལ་རི་མོར་བགྱིད་པའི་ཕྱིར།།
ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ གཟུགས་བརྙན་ཡི་གེའི་ལམ་ནས་རི་མོ ར་བྲིས་འདིས་དེར་མོས་ཀུན་ཀྱང་དེ ་འདྲར་ཤོག།
____________________________________________
ཀ་རྩོམ་མུན་སེལ་སྒྲོན་མེ།
ཀ་བ་གཡུ་འབྲུག་རིས་ཀྱི་ཁང་བཟང་ གི་དབུས་ན༎
ཁ་དོག་འཇའ་འོད་འཁྲུགས་པའི་ཟློས་ གར་གྱི་བྲོ་རར༎
ག་ལེར་འགྱིང་ཉམས་སྟོན་པའི་ལྕམ་ དྲལ་གྱི་ན་གཞོན༎
ང་ཡི་གྲོགས་པོ་རིགས་མཐུན་གདུང་ དྲུག་གི་ཕུ་ནུ༎
ཅ་ཅོ་རྣ་བར་གཟན་པའི་སྒྲ་དབྱངས་ དང་འགྲོག་པའི༎
ཆ་བྱད་སྤྲེལ་མ་མི་ཡི་པྲ་ཚག་གི་ ཆས་གོས༎
ཇ་ལ་དམར་པོ་བཅིངས་བའི་རང་རིགས་ ལ་མི་མཛའ༎
ཉ་ཉོག་གཏམ་གྱིས་རང་མཚང་ཕྱི་རོལ་ དུ་འདོན་ཡོང་༎
ཏ་རེ་སྒྲོལ་མའི་ཞལ་འདོན་ངག་སྒོ་ ལ་མེད་ཀྱང་༎
ཐ་མག་དུག་རྫས་འགྲེམ་པའི་ངན་སློ བ་ཀྱི་གདོན་འདྲེས༎
ད་ལྟ་ཕལ་ཆེར་ཆང་རག་རྒྱན་པོ་ཡི་ ཞོར་དུ༎
ན་ཚོད་གཞོན་པའི་གཅེས་སྲོག་འཕྲོ ག་པ་འདིར་གཟོབས་མཛོད༎
པ་བ་ཨ་མའི་བློ་གཏད་སྙིང་སྡུག་གི ་གཅེན་གཅུང་༎
ཕ་མྱེས་སྤྲེལ་རྒན་རྒྱལ་པོའི་གདུ ང་རིགས་ཀྱི་རྒྱུད་འཛིན༎
བ་ལང་ཕྱུགས་ལྟར་བླུན་པའི་སྲོལ་ ངན་འདི་སྤོངས་ལ༎
མ་རིག་རྨོངས་པ་སེལ་བའི་ཤེས་རབ་ ཅིག་བསྟེན་རན༎
ཙ་ར་ཅུང་ཟད་འཕྱིས་པའི་ཕ་ནོར་གྱི ་རྟེན་གསུམ༎
ཚ་གྲང་ཁྱད་དུ་བསད་པའི་རིགས་གཞུ ང་གི་བང་མཛོད༎
ཛ་དྲག་ཇི་ཙམ་ཆེ་ཡང་བྲོན་དངུལ་ དང་མ་བརྗེ༎
ཝ་ཁུང་དུ་བས་བདུགས་འདྲའི་རྗེས་ འགྱོད་ཅིག་ཁུག་ངེས༎
ཞ་གི་ཞི་གི་མདོ་མེད་མནོག་ཆུང་གི ་བྱ་བ༎
ཟ་ཁ་འཐུང་མྱིག་བཙག་པའི་མིག་རྒྱ ང་འདི་སྐྱུངས་ལ༎
འ་ཅག་འགྲོ་བ་མི་ཡི་མདུན་གྲལ་ལ་ སླེབ་ཆེད༎
ཡ་རབས་ལྷག་བསམ་གཙང་མའི་ཀུན་སྤྱོ ད་ཅིགབསྟེན་འཚལ༎
ར་སྐྱེས་མགོ་ལ་བཞག་པའི་རིལ་མ་ཡི ་དཔེ་བཞིན༎
ལ་ལ་ལང་ཤོར་ངན་པ་བཀུར་སྟི་ཡིས་ བཀྱག་ཀྱང་༎
ཤ་ཚ་སྙིང་རྗེ་མེད་པའི་གཤིས་ངན་ གྱི་སྤྱོད་པས༎
ས་སྟེང་ངན་དཔེ་འཇོག་པའི་གཏམ་དོ ན་ལ་ཟོན་མཛོད༎
ཧ་རི་ཧུ་རེས་ཧོད་རྒྱུག་སྣང་མེད་ དུ་ཤོར་ན༎
ཧ་གོ་དོན་མ་རྟོགས་པའི་ན་གཞོན་གྱ ི་གསར་བུའི༎
ཨ་གསར་གཏམ་ལ་ཆགས་པའི་མི་ཚེ་ཡི་ མདུན་ལམ༎
ཨ་ལོང་སྒོར་མོར་བཀུག་འདྲའི་གད་ ཁུག་ལ་གཅུར་སྲིད༎
ཨ་ལ་དེ་ཙམ་གར་ཡིན་ཐོལ་བྱུང་གི་ བརྡོལ་ཚིག།
ཨ་ཅང་ཞུ་ཕོད་མ་བསམ་སྙིང་ཁོང་གི་ བདེན་གཏམ༎
ཨ་མཚར་རྩེད་མོའི་ཚུལ་གྱིས་ཡིག་ རིས་སུ་བཀོད་པ༎
ཨ་རོགས་རིགས་མཐུན་གྲོགས་ཀྱི་སྤྱ ན་ལམ་དུ་ཤོར་ཐལ༎
རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ ཆེའི་སྙན་རྩོམ་གཅེས་བཏུས་ལས།
Subscribe to:
Post Comments (Atom)
0 comments:
Post a Comment