དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 29 January 2013
ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡི་རྣམ་
སྲིད་གསུམ་ཁམས་ཀྱི་རྨོངས་པའི་མུན། །
ཤེས་རབ་རྩལ་གྱི་སྣང་བ་ཡིས། །
ཅིག་ཅར་ཉིད་དུ་སེལ་མཛད་པ། །
བླ་མ་འཇམ་དབྱངས་བཞད་པར་འདུད། །
མ་སྨད་བོད་ཀྱི་ལྗོངས་ཆེན་དུ། །
མཁས་པའི་མཁས་པར་གྱུར་བ་ཡི། །
རླབས་ཆེན་ཞབས་སེན་འོད་པོ་ཆེ། །
དོན་གྱིས་ཀུན་མཁྱེན་ཉིད་དུ་གྱུར། །
ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ཀྱི། །
ནང་ཚན་དབལ་ཤུལ་དཔོན་རྒྱུད་དེ། །
ཡབ་ཡུམ་དཔལ་འབུམ་ཐར་མོ་བྱམས། །
གཉིས་ལས་ངོ་མཚར་ལྟས་ཀྱིས་བལྟམས། །
དགུང་གྲངས་ལྔ་ནི་བཞེས་པའི་ཚེ། །
མཚོ་ཆེན་སྔོན་པོའི་ཉེ་འགྲམ་དུ། །
རྒྱལ་དབང་ལྔ་བ་ཆེན་མོ་ཡི། །
མཛེས་ཞལ་མཐོང་ནས་མཇལ་ཁ་ཐོབ། །
དགུང་ལོ་བདུན་ཙམ་ལོན་པ་ན། །
ཁུ་བོ་བསོད་ནམས་ལྷུན་འགྲུབ་ཀྱིས། །
འབྲི་ཀློག་རི་མོ་སྨན་དཔྱད་སོགས། །
གནས་ཀུན་ཆ་ཙམ་ནང་བྱན་བྱས། །
དགུང་ལོ་བཅུ་གསུམ་བཞེས་པའི་ཚེ། །
འདུལ་འཛིན་ཡེ་ཤེས་རྒྱ་མཚོ་ལས། །
རབ་བྱུང་སྡོམ་པའི་ཚུལ་བཞེས་ནས། །
ངུར་སྨྲིག་གར་གྱི་རྣམ་པར་རོལ། །
དེ་ལས་འཇིགས་བྱེད་རྗེས་གནང་གསན། །
སྒྲུབ་པ་ལྷུར་བླངས་སྐུ་མཚམས་མཛད། །
ཡ་མ་ར་ཛཱ་བྱེ་ཆེན་བསྙེན། །
མཚན་དུ་ཞལ་གཟིགས་དངོས་སུ་ཐོབ། །
དགུང་ལོ་བཅུ་དྲུག་བཞེས་པའི་ཚེ། །
དགེ་སྦྱོར་ཕྱོགས་ལ་འབད་ཕྱིར་དུ། །
སྐུ་ཆིངས་གྲོལ་བར་མི་བྱ་ཞིང་། །
མི་གཟིམ་ཞེས་བྱའི་དམ་བཅའ་གསུངས། །
ཉེར་གཅིག་དགུང་གྲངས་བཞེས་པ་ན། །
ཡབ་ཡུམ་ཟུང་ལ་གནང་བསྩལ་ཏེ། །
དབུས་གཙང་ཕེབས་ཁར་སྐུ་བསྙུང་ནས། །
ཆོས་ལ་བར་ཆད་ཅུང་རེ་མཆིས། །
གྲུབ་དབང་སྐལ་ལྡན་རྒྱ་མཚོའི་དྲུང་། །
འཇམ་དཔལ་ནག་པོ་ཆེན་པོ་ཡི། །
རྗེས་གནང་ཞུས་ནས་ཁྲུས་བགྱིས་ཏེ། །
ཉམས་གྲུབ་ཐམས་ཅད་རང་སར་ཞི། །
དུས་དེར་དབུས་གཙང་ཆིབས་བསྒྱུར་ཚེ། །
ཉིན་དེར་ཐོན་སའི་རི་ལུང་རྣམས། །
ཐུགས་ལ་གསལ་ལེར་ཤར་བ་དང་། །
གཞི་བདག་རྣམས་ཀྱིས་སྤྱན་འདྲེན་བྱས། །
དཀའ་ཚེགས་ལུས་ལ་མ་སེམས་པར། །
རང་ཡུལ་རྒྱབ་ཀྱིས་བསྐྱུར་བ་ཡིས། །
ལྡང་ལ་རི་བོར་འབྱོན་པའི་ཚེ། །
ཕྱག་དྲུག་མགོན་པོས་ཞལ་གཟིགས་ཐོབ། །
གནས་མཆོག་ལྷ་སར་མཇལ་བའི་ཚེ། །
རྟེན་གཙོ་འཇམ་དབྱངས་གྱང་ཐིམ་མས། །
ཕྱག་དར་བཞེས་ཏེ་འཛུམ་མཛད་ཀྱིས། །
ཀུན་མཁྱེན་འཇམ་དབྱངས་བཞད་པར་གསོལ། །
ལྷ་སའི་འབྲས་སྤུངས་དགོན་པ་རུ། །
མཆོད་མཇལ་ཕྱག་ཕེབས་གནང་སྐབས་སུ། །
རྒྱལ་དབང་གོང་མའི་སྡེར་སྐུ་ཞིག །
སྐུ་དངོས་གྱུར་ཏེ་གསུང་མང་འབྱོན། །
རྒྱལ་དབང་བསོད་ནམས་རྒྱ་མཚོ་ཡིས། །
དངོས་སུ་བཞེངས་པའི་ཙོང་ཁའི་སྐུ། །
ངོ་མཚར་བཀྲ་ཤིས་སྟས་དང་བཅས། །
རྗེ་དངོས་གྱུར་ཏེ་ལུང་བསྟན་གནང་། །
ལོ་དེའི་ཧོར་ཟླ་དགུ་བའི་ནང་། །
བློ་གསལ་བྱེ་བའི་བསྟི་གནས་མཆོག །
དཔལ་ལྡན་བཀྲ་ཤིས་སྒོ་མང་བའི། །
ཆོས་གྲྭ་ཆེན་མོའི་ཆོས་སྒོར་ཞུགས། །
མཁན་ཆེན་ཀླུ་འབུམ་བློ་གྲོས་དྲུང་། །
རྩོད་རྒྱུགས་བརྩི་བཞག་ལེགས་པར་གསན། །
ཆོས་ཐུན་གཉིས་གསུམ་སོང་བ་ན། །
རྩོད་གྲྭར་བགྲོ་གླེང་ཤར་ཤར་བྱེད། །
ཉེར་གཉིས་དགུང་ལོ་བཞེས་པའི་ཚེ། །
གཞུང་གསར་ཕྱག་ཕེབས་དགེ་རྒན་དུ། །
ལྕང་སྐྱ་ངག་དབང་ཆོས་ལྡན་མཆོག །
བསྟེན་ནས་ལེགས་བཤད་མཛོད་ཀྱིས་གཏམས། །
ལྕགས་ཁྱིའི་ལོ་སྟེ་ཉེར་གསུམ་དུས། །
འཛིན་གྲྭ་ཕར་ཕྱིན་སྐབས་དང་པོར། །
ཕེབས་ནས་ཟུར་བཀོལ་བཞི་དང་ནི། །
རྣམ་བཤད་གསེར་ཕྲེང་ཞིབ་གཟིགས་མཛད། །
འཇམ་དབྱངས་མི་ཡི་བོངས་ཚོད་ཅན། །
ཡུན་རིང་བསྟེན་བས་ཤེར་ཕྱིན་གྱི། །
དོན་ཀུན་ལྷག་མེད་ཐུགས་ཆུད་དེ། །
མདོ་རྒྱུད་ཆུ་དྭངས་རྡེའུ་བཞིན་གསལ། །
དགུང་ལོ་ཉེར་བཞི་ལོན་པའི་ཚེ། །
འཛིན་གྲྭ་ཕར་ཕྱིན་རྫོགས་ཉེ་དུས། །
དགོངས་པ་རབ་གསལ་ཐུགས་འཛིན་ཁར། །
རྗེ་བཙུན་འདུལ་མཛོད་དཔྱད་པས་རྫོགས། །
གཞུང་ལུགས་མང་དུ་ཐོས་པ་དང་། །
གཞན་དོན་མ་ལུས་ལྷུར་ལེན་སྒོས། །
ཞར་ལ་ལམ་སྔགས་འཇིགས་བྱེད་ཀྱི། །
བསྐྱེད་རྫོགས་མན་ངག་དུ་མ་གསན། །
ཐུན་མོང་རིག་གཞུང་སྒྲ་སྙན་སོགས། །
མཚམས་སུ་གཟིགས་རྟོག་ལེགས་བྱས་པས། །
ཕར་ཕྱིན་དམ་བཅའི་དུས་སྐབས་སུ། །
གཞུང་བརྒྱ་མ་ལུས་ཐུགས་སུ་ཆུད། །
དགུང་ལོ་ཉེར་ལྔ་ཆུ་བྱི་ལ། །
རྒྱ་བོད་གཞུང་ལུགས་སྤྱི་དང་ནི། །
རྗེ་ཉིད་དབུ་མའི་གཞུང་ལྔ་དང་། །
སྟོང་ཐུན་བཅས་ལ་ཞིབ་གཟིགས་མཛད། །
དགུང་ལོ་ཉེར་དྲུག་བཞེས་པ་ན། །
གསང་གི་ཕུ་ནེའུ་ཐོག་ཏུ་ནི། །
བཀའ་བཅུའི་གྲྭ་སྐོར་མཛད་པ་དང་། །
སྙན་གྲགས་ས་སྟེང་ཁྱབ་ལུང་བསྟན། །
དགུང་ལོ་ཉེར་བདུན་ཤིང་སྟག་ལོར། །
དམར་པོ་ཕོ་བྲང་པོ་ཏ་ལར། །
རྒྱལ་དབང་ལྔ་བ་ཆེན་མོ་ལས། །
བསྙེན་པར་རྫོགས་པའི་སྡོམ་པ་མནོས། །
དགུང་ལོ་སོ་གསུམ་བཞེས་པའི་ཚེ། །
འབྲས་སྤུངས་རྒྱབ་ཀྱི་རི་བོ་སྟེ། །
དགེ་འཕེལ་ཞེས་བྱའི་རི་ཁྲོད་དུ། །
སྒྲུབ་པར་མཛད་ཅིང་ཉམས་ལེན་བྱས། །
སྦྱིན་རྒྱམ་སྨིན་གྲོལ་ཆོས་རྒྱལ་གཉིས། །
རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་སོགས། །
བསྟེན་ནས་མདོ་རྒྱུད་མན་ངག་རྣམས། །
གསན་ཏེ་དྲང་ངེས་མཐའ་དཔྱོད་བརྩམས། །
བཞི་བཅུ་དགུང་ལོར་རི་ཁྲོད་དེར། །
བསམ་གཟིགས་བརྩམས་ཤིང་ཞེ་གཉིས་ལོར། །
གྲུབ་རྩ་གསུངས་ཤིང་དེའི་རང་འགྲེལ། །
དབུ་ཚུགས་ང་གཉིས་ལོ་བར་རྫོགས། །
དགུང་ལོ་ཞེ་བརྒྱད་ཤིང་ཕག་ལོར། །
དབུ་མའི་མཐའ་དཔྱོད་གཏེར་མཛོད་བརྩམས། །
སྡེ་སྲིད་མཆོག་གིས་བསྡུས་ཚན་ལ། །
དུ་ཡོད་ཅེས་དྲིས་རྩ་ཚིག་བརྩམས། །
གཞན་ཡང་ལོ་དེར་ལམ་རིམ་གྱི། །
མཆན་འགྲེལ་གསེར་གྱི་འཁོར་ལོ་ཡང་། །
བརྩམས་ལ་ང་གསུམ་ལོ་བར་དུ། །
སྡེ་སྲིད་ཀྱིས་བསྐུལ་རྣམ་འགྲེལ་བརྩམས། །
དེ་ལྟར་དགུང་ལོ་སོ་གསུམ་ནས། །
ང་གསུམ་རི་བོ་དགེ་འཕེལ་དུ། །
སྒྲུབ་ལ་རྩེ་གཅིག་གཞོལ་བ་ཡིས། །
ལྷག་ལྷའི་ཞལ་གཟིགས་རིག་ཀློང་རྡོལ། །
ཞར་ལ་ལམ་རིམ་འཁྲིད་ལྔ་དང་། །
དབང་ལུང་མན་ངག་མཐའ་ཡས་གནང་། །
ཚངས་དབྱངས་རྒྱ་མཚོའི་བཀའ་བཞིན་དུ། །
སྒོ་མང་མི་འཇིགས་ཁྲི་ལ་བཞུགས། །
གྲྭ་ཚང་བརྩི་བཞག་གཏོང་ཕྱིར་དུ། །
འདུལ་མཛོད་ཕར་ཕྱིན་ཡིག་ཆ་མཛད། །
གཞན་ཡང་བྲག་གཡབ་སྤྲུལ་སྐུས་ཞུས། །
འཇིགས་བྱེད་ཆོས་འབྱུང་ལ་སོགས་བརྩམས། །
དགུང་ལོ་ཉེར་གཅིག་སོ་གཉིས་བར། །
དབུས་ནས་མདོ་སྔགས་རིག་གཞུང་སྦྱངས། །
དགུང་ལོ་སོ་གསུམ་ང་གསུམ་བར། །
རི་བོ་དགེ་འཕེལ་ཞེས་བར་བཞུགས། །
དགུང་ལོ་ང་གསུམ་ལྕགས་འབྲུག་ནས། །
དྲུག་ཅུ་མེ་ཕག་སྒོ་མང་གི། །
བླ་མ་མཛད་ནས་ཆོས་སྲིད་གཉིས། །
ཟུང་དུ་འབྲེལ་ནས་གྲྭ་ཚང་བསྐྱངས། །
རེ་གཅིག་རེ་གཉིས་ལོ་བར་དུ། །
ཕ་བོང་ཁ་ཡི་མཁན་པོ་སོགས། །
དབུས་གཙང་ཕྱོགས་ལ་ཆོས་སྦྱིན་ནས། །
སེམས་ཅན་ཀུན་ཡིད་ཚིམ་པར་མཛད། །
རབ་འབྱམས་གྲགས་པ་རིན་ཆེན་དང་། །
རབ་འབྱམས་བློ་བཟང་དོན་འགྲུབ་མཆོག །
ཐུགས་སྲས་ངག་དབང་བཀྲ་ཤིས་སོགས། །
བཤེས་གཉེན་འཁོར་བཅས་མདོ་སྨད་བྱོན། །
རྒྱལ་བའི་ལུང་གིས་ཟིན་པ་ཡི། །
བླ་བྲང་བཀྲ་ཤིས་འཁྱིལ་བ་ནི། །
རབ་བྱུང་བཅུ་གཉིས་ས་གླང་ལོ། །
གཅིག་བདུན་ཐིག་དགུར་ཕྱག་འདེབས་མཛད། །
དེ་ལྟར་མཛད་ཆེན་ལྷུར་བཞེས་ནས། །
ས་གསུམ་སྒྲོན་མེ་གཅིག་པུ་ཞེས། །
ཞབས་ཀྱི་པད་མོར་ཕྱག་བྱས་ཏེ། །
བསྔགས་བརྗོད་སྒྲ་དབྱངས་སྲིད་ལས་བརྒལ། །
སྐུ་ཉིད་གདུལ་བྱ་རབ་རྫོགས་ཏེ། །
དགུང་ལོ་དོན་བཞི་ལྕགས་གླང་སྟེ། །
སྤྱི་ལོ་གཅིག་བདུན་གཉིས་གཅིག་གི། །
གཉིས་པའི་ལྔ་ཉིན་གཟིགས་སྐུ་བསྡུས། །
ཐར་ཀོ་ཀི་ལའི་སྒྲ་དབྱངས་ཅེས་བྱ་བ་བཞུགས་སོ།
།
ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ།
སྲིད་གསུམ་ཁམས་ཀྱི་རྨོངས་པའི་མུན། །
ཤེས་རབ་རྩལ་གྱི་སྣང་བ་ཡིས། །
ཅིག་ཅར་ཉིད་དུ་སེལ་མཛད་པ། །
བླ་མ་འཇམ་དབྱངས་བཞད་པར་འདུད། །
མ་སྨད་བོད་ཀྱི་ལྗོངས་ཆེན་དུ། །
མཁས་པའི་མཁས་པར་གྱུར་བ་ཡི། །
རླབས་ཆེན་ཞབས་སེན་འོད་པོ་ཆེ། །
དོན་གྱིས་ཀུན་མཁྱེན་ཉིད་དུ་གྱུར། །
ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ཀྱི། །
ནང་ཚན་དབལ་ཤུལ་དཔོན་རྒྱུད་དེ། །
ཡབ་ཡུམ་དཔལ་འབུམ་ཐར་མོ་བྱམས། །
གཉིས་ལས་ངོ་མཚར་ལྟས་ཀྱིས་བལྟམས། །
དགུང་གྲངས་ལྔ་ནི་བཞེས་པའི་ཚེ། །
མཚོ་ཆེན་སྔོན་པོའི་ཉེ་འགྲམ་དུ། །
རྒྱལ་དབང་ལྔ་བ་ཆེན་མོ་ཡི། །
མཛེས་ཞལ་མཐོང་ནས་མཇལ་ཁ་ཐོབ། །
དགུང་ལོ་བདུན་ཙམ་ལོན་པ་ན། །
ཁུ་བོ་བསོད་ནམས་ལྷུན་འགྲུབ་ཀྱིས། །
འབྲི་ཀློག་རི་མོ་སྨན་དཔྱད་སོགས། །
གནས་ཀུན་ཆ་ཙམ་ནང་བྱན་བྱས། །
དགུང་ལོ་བཅུ་གསུམ་བཞེས་པའི་ཚེ། །
འདུལ་འཛིན་ཡེ་ཤེས་རྒྱ་མཚོ་ལས། །
རབ་བྱུང་སྡོམ་པའི་ཚུལ་བཞེས་ནས། །
ངུར་སྨྲིག་གར་གྱི་རྣམ་པར་རོལ། །
དེ་ལས་འཇིགས་བྱེད་རྗེས་གནང་གསན། །
སྒྲུབ་པ་ལྷུར་བླངས་སྐུ་མཚམས་མཛད། །
ཡ་མ་ར་ཛཱ་བྱེ་ཆེན་བསྙེན། །
མཚན་དུ་ཞལ་གཟིགས་དངོས་སུ་ཐོབ། །
དགུང་ལོ་བཅུ་དྲུག་བཞེས་པའི་ཚེ། །
དགེ་སྦྱོར་ཕྱོགས་ལ་འབད་ཕྱིར་དུ། །
སྐུ་ཆིངས་གྲོལ་བར་མི་བྱ་ཞིང་། །
མི་གཟིམ་ཞེས་བྱའི་དམ་བཅའ་གསུངས། །
ཉེར་གཅིག་དགུང་གྲངས་བཞེས་པ་ན། །
ཡབ་ཡུམ་ཟུང་ལ་གནང་བསྩལ་ཏེ། །
དབུས་གཙང་ཕེབས་ཁར་སྐུ་བསྙུང་ནས། །
ཆོས་ལ་བར་ཆད་ཅུང་རེ་མཆིས། །
གྲུབ་དབང་སྐལ་ལྡན་རྒྱ་མཚོའི་དྲུང་། །
འཇམ་དཔལ་ནག་པོ་ཆེན་པོ་ཡི། །
རྗེས་གནང་ཞུས་ནས་ཁྲུས་བགྱིས་ཏེ། །
ཉམས་གྲུབ་ཐམས་ཅད་རང་སར་ཞི། །
དུས་དེར་དབུས་གཙང་ཆིབས་བསྒྱུར་ཚེ། །
ཉིན་དེར་ཐོན་སའི་རི་ལུང་རྣམས། །
ཐུགས་ལ་གསལ་ལེར་ཤར་བ་དང་། །
གཞི་བདག་རྣམས་ཀྱིས་སྤྱན་འདྲེན་བྱས། །
དཀའ་ཚེགས་ལུས་ལ་མ་སེམས་པར། །
རང་ཡུལ་རྒྱབ་ཀྱིས་བསྐྱུར་བ་ཡིས། །
ལྡང་ལ་རི་བོར་འབྱོན་པའི་ཚེ། །
ཕྱག་དྲུག་མགོན་པོས་ཞལ་གཟིགས་ཐོབ། །
གནས་མཆོག་ལྷ་སར་མཇལ་བའི་ཚེ། །
རྟེན་གཙོ་འཇམ་དབྱངས་གྱང་ཐིམ་མས། །
ཕྱག་དར་བཞེས་ཏེ་འཛུམ་མཛད་ཀྱིས། །
ཀུན་མཁྱེན་འཇམ་དབྱངས་བཞད་པར་གསོལ། །
ལྷ་སའི་འབྲས་སྤུངས་དགོན་པ་རུ། །
མཆོད་མཇལ་ཕྱག་ཕེབས་གནང་སྐབས་སུ། །
རྒྱལ་དབང་གོང་མའི་སྡེར་སྐུ་ཞིག །
སྐུ་དངོས་གྱུར་ཏེ་གསུང་མང་འབྱོན། །
རྒྱལ་དབང་བསོད་ནམས་རྒྱ་མཚོ་ཡིས། །
དངོས་སུ་བཞེངས་པའི་ཙོང་ཁའི་སྐུ། །
ངོ་མཚར་བཀྲ་ཤིས་སྟས་དང་བཅས། །
རྗེ་དངོས་གྱུར་ཏེ་ལུང་བསྟན་གནང་། །
ལོ་དེའི་ཧོར་ཟླ་དགུ་བའི་ནང་། །
བློ་གསལ་བྱེ་བའི་བསྟི་གནས་མཆོག །
དཔལ་ལྡན་བཀྲ་ཤིས་སྒོ་མང་བའི། །
ཆོས་གྲྭ་ཆེན་མོའི་ཆོས་སྒོར་ཞུགས། །
མཁན་ཆེན་ཀླུ་འབུམ་བློ་གྲོས་དྲུང་། །
རྩོད་རྒྱུགས་བརྩི་བཞག་ལེགས་པར་གསན། །
ཆོས་ཐུན་གཉིས་གསུམ་སོང་བ་ན། །
རྩོད་གྲྭར་བགྲོ་གླེང་ཤར་ཤར་བྱེད། །
ཉེར་གཉིས་དགུང་ལོ་བཞེས་པའི་ཚེ། །
གཞུང་གསར་ཕྱག་ཕེབས་དགེ་རྒན་དུ། །
ལྕང་སྐྱ་ངག་དབང་ཆོས་ལྡན་མཆོག །
བསྟེན་ནས་ལེགས་བཤད་མཛོད་ཀྱིས་གཏམས། །
ལྕགས་ཁྱིའི་ལོ་སྟེ་ཉེར་གསུམ་དུས། །
འཛིན་གྲྭ་ཕར་ཕྱིན་སྐབས་དང་པོར། །
ཕེབས་ནས་ཟུར་བཀོལ་བཞི་དང་ནི། །
རྣམ་བཤད་གསེར་ཕྲེང་ཞིབ་གཟིགས་མཛད། །
འཇམ་དབྱངས་མི་ཡི་བོངས་ཚོད་ཅན། །
ཡུན་རིང་བསྟེན་བས་ཤེར་ཕྱིན་གྱི། །
དོན་ཀུན་ལྷག་མེད་ཐུགས་ཆུད་དེ། །
མདོ་རྒྱུད་ཆུ་དྭངས་རྡེའུ་བཞིན་གསལ། །
དགུང་ལོ་ཉེར་བཞི་ལོན་པའི་ཚེ། །
འཛིན་གྲྭ་ཕར་ཕྱིན་རྫོགས་ཉེ་དུས། །
དགོངས་པ་རབ་གསལ་ཐུགས་འཛིན་ཁར། །
རྗེ་བཙུན་འདུལ་མཛོད་དཔྱད་པས་རྫོགས། །
གཞུང་ལུགས་མང་དུ་ཐོས་པ་དང་། །
གཞན་དོན་མ་ལུས་ལྷུར་ལེན་སྒོས། །
ཞར་ལ་ལམ་སྔགས་འཇིགས་བྱེད་ཀྱི། །
བསྐྱེད་རྫོགས་མན་ངག་དུ་མ་གསན། །
ཐུན་མོང་རིག་གཞུང་སྒྲ་སྙན་སོགས། །
མཚམས་སུ་གཟིགས་རྟོག་ལེགས་བྱས་པས། །
ཕར་ཕྱིན་དམ་བཅའི་དུས་སྐབས་སུ། །
གཞུང་བརྒྱ་མ་ལུས་ཐུགས་སུ་ཆུད། །
དགུང་ལོ་ཉེར་ལྔ་ཆུ་བྱི་ལ། །
རྒྱ་བོད་གཞུང་ལུགས་སྤྱི་དང་ནི། །
རྗེ་ཉིད་དབུ་མའི་གཞུང་ལྔ་དང་། །
སྟོང་ཐུན་བཅས་ལ་ཞིབ་གཟིགས་མཛད། །
དགུང་ལོ་ཉེར་དྲུག་བཞེས་པ་ན། །
གསང་གི་ཕུ་ནེའུ་ཐོག་ཏུ་ནི། །
བཀའ་བཅུའི་གྲྭ་སྐོར་མཛད་པ་དང་། །
སྙན་གྲགས་ས་སྟེང་ཁྱབ་ལུང་བསྟན། །
དགུང་ལོ་ཉེར་བདུན་ཤིང་སྟག་ལོར། །
དམར་པོ་ཕོ་བྲང་པོ་ཏ་ལར། །
རྒྱལ་དབང་ལྔ་བ་ཆེན་མོ་ལས། །
བསྙེན་པར་རྫོགས་པའི་སྡོམ་པ་མནོས། །
དགུང་ལོ་སོ་གསུམ་བཞེས་པའི་ཚེ། །
འབྲས་སྤུངས་རྒྱབ་ཀྱི་རི་བོ་སྟེ། །
དགེ་འཕེལ་ཞེས་བྱའི་རི་ཁྲོད་དུ། །
སྒྲུབ་པར་མཛད་ཅིང་ཉམས་ལེན་བྱས། །
སྦྱིན་རྒྱམ་སྨིན་གྲོལ་ཆོས་རྒྱལ་གཉིས། །
རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་སོགས། །
བསྟེན་ནས་མདོ་རྒྱུད་མན་ངག་རྣམས། །
གསན་ཏེ་དྲང་ངེས་མཐའ་དཔྱོད་བརྩམས། །
བཞི་བཅུ་དགུང་ལོར་རི་ཁྲོད་དེར། །
བསམ་གཟིགས་བརྩམས་ཤིང་ཞེ་གཉིས་ལོར། །
གྲུབ་རྩ་གསུངས་ཤིང་དེའི་རང་འགྲེལ། །
དབུ་ཚུགས་ང་གཉིས་ལོ་བར་རྫོགས། །
དགུང་ལོ་ཞེ་བརྒྱད་ཤིང་ཕག་ལོར། །
དབུ་མའི་མཐའ་དཔྱོད་གཏེར་མཛོད་བརྩམས། །
སྡེ་སྲིད་མཆོག་གིས་བསྡུས་ཚན་ལ། །
དུ་ཡོད་ཅེས་དྲིས་རྩ་ཚིག་བརྩམས། །
གཞན་ཡང་ལོ་དེར་ལམ་རིམ་གྱི། །
མཆན་འགྲེལ་གསེར་གྱི་འཁོར་ལོ་ཡང་། །
བརྩམས་ལ་ང་གསུམ་ལོ་བར་དུ། །
སྡེ་སྲིད་ཀྱིས་བསྐུལ་རྣམ་འགྲེལ་བརྩམས། །
དེ་ལྟར་དགུང་ལོ་སོ་གསུམ་ནས། །
ང་གསུམ་རི་བོ་དགེ་འཕེལ་དུ། །
སྒྲུབ་ལ་རྩེ་གཅིག་གཞོལ་བ་ཡིས། །
ལྷག་ལྷའི་ཞལ་གཟིགས་རིག་ཀློང་རྡོལ། །
ཞར་ལ་ལམ་རིམ་འཁྲིད་ལྔ་དང་། །
དབང་ལུང་མན་ངག་མཐའ་ཡས་གནང་། །
ཚངས་དབྱངས་རྒྱ་མཚོའི་བཀའ་བཞིན་དུ། །
སྒོ་མང་མི་འཇིགས་ཁྲི་ལ་བཞུགས། །
གྲྭ་ཚང་བརྩི་བཞག་གཏོང་ཕྱིར་དུ། །
འདུལ་མཛོད་ཕར་ཕྱིན་ཡིག་ཆ་མཛད། །
གཞན་ཡང་བྲག་གཡབ་སྤྲུལ་སྐུས་ཞུས། །
འཇིགས་བྱེད་ཆོས་འབྱུང་ལ་སོགས་བརྩམས། །
དགུང་ལོ་ཉེར་གཅིག་སོ་གཉིས་བར། །
དབུས་ནས་མདོ་སྔགས་རིག་གཞུང་སྦྱངས། །
དགུང་ལོ་སོ་གསུམ་ང་གསུམ་བར། །
རི་བོ་དགེ་འཕེལ་ཞེས་བར་བཞུགས། །
དགུང་ལོ་ང་གསུམ་ལྕགས་འབྲུག་ནས། །
དྲུག་ཅུ་མེ་ཕག་སྒོ་མང་གི། །
བླ་མ་མཛད་ནས་ཆོས་སྲིད་གཉིས། །
ཟུང་དུ་འབྲེལ་ནས་གྲྭ་ཚང་བསྐྱངས། །
རེ་གཅིག་རེ་གཉིས་ལོ་བར་དུ། །
ཕ་བོང་ཁ་ཡི་མཁན་པོ་སོགས། །
དབུས་གཙང་ཕྱོགས་ལ་ཆོས་སྦྱིན་ནས། །
སེམས་ཅན་ཀུན་ཡིད་ཚིམ་པར་མཛད། །
རབ་འབྱམས་གྲགས་པ་རིན་ཆེན་དང་། །
རབ་འབྱམས་བློ་བཟང་དོན་འགྲུབ་མཆོག །
ཐུགས་སྲས་ངག་དབང་བཀྲ་ཤིས་སོགས། །
བཤེས་གཉེན་འཁོར་བཅས་མདོ་སྨད་བྱོན། །
རྒྱལ་བའི་ལུང་གིས་ཟིན་པ་ཡི། །
བླ་བྲང་བཀྲ་ཤིས་འཁྱིལ་བ་ནི། །
རབ་བྱུང་བཅུ་གཉིས་ས་གླང་ལོ། །
གཅིག་བདུན་ཐིག་དགུར་ཕྱག་འདེབས་མཛད། །
དེ་ལྟར་མཛད་ཆེན་ལྷུར་བཞེས་ནས། །
ས་གསུམ་སྒྲོན་མེ་གཅིག་པུ་ཞེས། །
ཞབས་ཀྱི་པད་མོར་ཕྱག་བྱས་ཏེ། །
བསྔགས་བརྗོད་སྒྲ་དབྱངས་སྲིད་ལས་བརྒལ། །
སྐུ་ཉིད་གདུལ་བྱ་རབ་རྫོགས་ཏེ། །
དགུང་ལོ་དོན་བཞི་ལྕགས་གླང་སྟེ། །
སྤྱི་ལོ་གཅིག་བདུན་གཉིས་གཅིག་གི། །
གཉིས་པའི་ལྔ་ཉིན་གཟིགས་སྐུ་བསྡུས། །
Subscribe to:
Post Comments (Atom)
0 comments:
Post a Comment