དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 6 February 2013
ཨེ་མ་ཧོ་དང་མགར་རྩེ་སོགས་ཀྱིས་གཟིགས།
|
[ 2013-2-6 23:16:50 | By: gmpq ]
|
ཨེ་མ་ཧོ་དང་མགར་རྩེ་སོགས་ཀྱིས་གཟིགས། ཡག་དང་བཙོག་གི་སྡང་ཞེན་བར་ནས།། གྲུབ་མཐའི་རྩོད་པ་དགོས་དོན་མི་འདུག། བདེན་དང་མི་བདེན་མཚམས་ཐིག་དྲང་མོ།། སྟོན་པ་ཆེན་པོས་སྔོན་ནས་བཏབ་ཡོད།། སྔགས་ལུགས་དྲངས་ནས་བདེན་དོན་གཅིག་ཁྱེར།། མདོ་ལུགས་བཟུང་སྟེ་དྲང་བཤད་གཉིས་བྱེད།། ཕན་ཚུན་བར་གྱི་བཤད་མཚམས་སྣེ་རེ།། བཙན་སྒྲིག་མ་བྱེད་རང་སར་བསྐྱུར་ཤོག། ཀླུ་སྒྲུབ་མཆོག་གི་དགོངས་བཞེས་དེ་དང་།། ཐོགས་མེད་ལགས་ཀྱི་གསུང་ཚུལ་དེ་གཉིས།། སྐབས་རེར་མཐུན་ལ་སྐབས་རེར་འགལ་བས།། ཨུ་ཚུགས་དྲགས་པོས་མཉམ་སྲེ་མ་བྱེད།། སྔ་རབས་པ་ཡི་བཤད་ཕྱོགས་དེ་དང་།། ཕྱི་རབས་ངོས་ཀྱིས་འདོད་པ་དེ་གཉིས།། འོ་ཆུ་བཞིན་དུ་ཟུང་འབྲེལ་མེད་པས།། མཐུན་དགོས་ཟེར་ནས་དཀའ་ངལ་མ་རྒྱོབ།། རྙིང་མ་བ་ཡི་སྤྱོད་པ་དེ་དང་།། གསར་མ་ཁག་གི་ལྟ་བ་དེ་གཉིས།། འགལ་འདུ་བར་ནས་ཁ་རྩོད་མ་སློངས།། ཡང་དག་དོན་ལ་དབྱེ་རུ་མེད་དོ།། ཨ་མ་ཧོ་ཡི་ཟེར་སྒྲོས་ཙམ་དང་།། མགར་རྩེ་ཟུང་གི་ལབ་སྟངས་དེ་གཉིས།། ཁ་སྣ་བར་ནས་སྐྱོན་རེ་བཙལ་ནས།། རྡོ་རྗེའི་ལུང་རིགས་སུ་ལ་མི་འདུག། བློ་བཟང་བསྟན་པའི་ཕུད་རྒྱག་དེ་དང་།། ཇོ་ལོག་མ་ཡི་དབྱེན་སྐྱོ་དེ་གཉིས།། ཕྱོགས་རེར་ལངས་ནས་བཤད་ཁུལ་ཙམ་ལས།། བར་འདུམ་ཞིག་ལ་ཁ་གཏད་བྱས་སོང་།། 2013 2 6ཉིན་འཕགས་ཆེན་གྱིས་སྦྱར། ཐུགས་དང་མི་མཐུན་པ་མཆིས་ན་ཀུན་ལ་ཉེས་བཤགས་ཞུ། བཟོད་པར་གསོལ། |
Subscribe to:
Post Comments (Atom)
0 comments:
Post a Comment