དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 6 February 2013
གཡང་ཕྱུག་འཚོ།
༼མེ་ཏོག་ཚོམ་བུ༽འི་འགྲན་བསྡུར་ཁྲོད་ཐམས་ཅད་འར་ལ་གཏད་མྱོང་བའི་བོད་མོ་གཡང་ཕྱུག་འཚོ།
འགྲན་ཞུགས་ཚར་རྗེས་ཀྱི་༼སྐར་ཆེན་༽གཡང་ཕྱུག་འཚོ།
ཧི་མ་ལ་ཡའི་སྲས་མོ།
བོད་ཀྱི་དེང་གཞས་པ་གཡང་ཕྱུག་འཚོ།
![](http://blog.amdotibet.cn/files/UploadFiles/2013-02/05170044421.jpg)
------སྔོན་གླེང་།
བདག་ནི་དེང་གཞས་ཕྱོགས་ལ།།
དཔྱོད་པའི་བློ་མིག་མེད་ཀྱང་།།
འོད་སྡེར་གསར་པ་ཉོས་ནས།།
ཅེར་གྱིས་བལྟ་དགོས་བྱུང་ཡོད།།
ཅོར་གྱིས་ཉན་དགོས་ཆགས་ཡོད།།
སྡུག་ཡ་དགོད་གྲོགས་དེ་ཡིན།།
བསུན་སྣང་བསུབ་རོགས་དེ་ཡིན།།
རེས་གཟའ་ཉི་མའི་ཉི་མ།།
ད་ཐེངས་སྐྱིད་ལ་མ་ཤར།།
སྨྲེང་སྐྱོའི་གདོང་ལ་ཕོག་ནས།།
བུ་ཆུང་སྒོ་ཁར་འཁྱར་ཡོད།།
སྒོ་ཁར་འཁྱར་བའི་སྲང་ན།།
ཁྱོད་རང་འོད་ལ་བྱོན་འདུག།
འོད་ལ་བྱོན་པའི་ཁྱོད་ཀྱིས།།
བདག་ལ་ཉི་མ་དྲོ་བྱུང་།།
སེམས་ཀྱི་ཤ་རུས་དྲོས་བྱུང་།།
དྲོས་ཏེ་ཁྱོད་ལ་བཞུར་བྱུང་།།
![](http://www.sangdhor.com/manage/news_p//d6fccacd6159ca9b1f9d2a67163f612b[1].jpg)
![](http://www.sangdhor.com/manage/cn_salt_editor1/editor/images/smiley/msn/heart.gif)
བདག་རང་རྒྱལ་སར་ཡོད་དུས།།
ཁྱོད་ཀྱིས་རྒྱལ་ཁ་རྩོད་དུས།།
ཤ་རུས་ཞེན་ཕྱོགས་ཤིག་གིས།།
མེ་ཏོག་མང་པོ་ཕུལ་མྱོང་།།
ཕ་ཡུལ་ཉེ་ཕྱོགས་ཤིག་གིས།།
འཕྲིན་ཐུང་ཅི་འདོད་བསྐུར་མྱོང་།།
དེ་ལྟར་བྱས་པའི་ཁྱོད་རང་།།
ཡར་ལ་སོང་ན་འདོད་མྱོང་།།
འདོད་པའི་འདོད་པ་ཁྲིད་དེ།།
བརྙན་འཕྲིན་མདུན་ལ་རུབ་མྱོང་།།
དཔྱད་འདེམ་དགེ་རྒན་དེ་ཚོས།།
ཕན་ཚུན་ཁ་བརྡ་བྱས་ན།།
གན་ཚོས་ལྐོག་ལབ་བརྒྱབ་སྟེ།།
གནག་གིན་མེད་དམ་བསམ་ནས།།
སྔངས་སྐྲག་མགོ་ལ་བབ་མྱོང་།།
འཚིག་པ་ཟོས་ནས་བསྡད་མྱོང་།།
དཔྱད་སྒྲོག་མདོ་འཛིན་དེ་དག།
སྐད་སྦུག་ཁ་ལ་བཙུགས་ནས།།
སྐར་གྲངས་འདོན་གྲབས་བྱས་ཚེ།།
འགྲན་མི་ཁྱོད་རང་ཡིན་ཡང་།།
ང་རང་འཚབ་ཅིང་འཚབ་སྟེ།།
འཆི་ལ་ཁད་ཅིག་བྱས་ཤིང་།།
གློ་སྙིང་གཉིས་ཀ་བོར་བཞག།
དེ་དུས་ཁྱོད་ཀྱི་མིང་ལ།།
སྒོ་ང་ནག་པོ་བཏགས་ཤིང་།།
ཁོ་ཅག་ཀྱལ་ཀ་བྱས་ཀྱང་།།
ང་ནི་དུངས་ཀས་བླུན་ཏེ།།
ཟུར་ཟ་མིན་འགྲོ་བསམ་སོང་།།
![](http://blog.amdotibet.cn/files/UploadFiles/2013-02/05170401187.jpg)
སྨུག་ཅིང་སྣུམ་ཞེད་ཆེ་བ།།
བོད་མིའི་བྱད་བཞིན་མིན་ནམ།།
ཀྱུག་ཀྱུག་འཁྱུག་ནས་ཡོང་བ།།
ཁྱོད་ཀྱི་འཇོན་ཐང་མིན་ནམ།།
ལང་ཚོའི་འོད་ཀྱི་སྒྲོག་གུ།
བརྟོལ་ཞིང་སྒྲོག་བཞིན་འོང་ན།།
གར་སྟེགས་འོད་དུ་བྲུགས་ནས།།
ཡུད་ཙམ་ཆུ་ཡིས་ཁུར་སོང་།།
བོད་གླུ་བླངས་ན་མར་རེད།།
དགྱ་གླུ་བླངས་ན་རྐང་རེད།།
གོས་ལྭ་ནག་པོ་མནབ་ཅིང་།།
གླིང་བུ་འཕྲེད་དུ་བཟུང་བའི།།
ཨ་མདོའི་རོང་མོ་ཆུང་ཆུང་།།
ང་ཅག་ཁྱོད་ལ་རེ་བའི།།
མིག་ཟུང་ཞེ་ལ་སྦངས་ཡོད།།
ཞེ་ཁོག་བརྩེ་བས་བཤལ་ཡོད།།
རྒྱལ་ཁའི་དབུ་རྒྱན་ཕྱར་མཁན།།
ཁྱོད་རང་མིན་འགྲོ་མ་འདོད།།
ཡིན་ཡང་མཚར་ཞིང་མཚར་བ།།
འཇིག་རྟེན་འཁོར་བའི་གཤིས་ཀ།
ཨ་མཚར་མཚར་རྒུའི་ནང་དུ།།
ང་ཚོ་ཚང་མ་བཙུད་ཡོད།།
དེ་ལ་བཙུད་པའི་ཁྱོད་ཀྱང་།།
ཡར་གྱི་རྩེ་མོར་མ་སླེབས།།
ང་ཚོ་ཚང་མ་མཚར་ཏེ།།
འཚེར་སྣང་མ་གཏོགས་མི་འདུག།
མིན་ཡང་མཚར་ཤེད་ཆེ་སྟེ།།
ཁྱོད་རང་དེ་ལས་མཚར་རོ།།
རང་འདོན་ཁོ་ནའི་ཆེད་དུ།།
བསྟོད་གླུ་གཅིག་ཀྱང་མ་བླངས།།
ང་ཚོ་བཙོང་རྩིས་མ་བྱས།།
ངོ་དགའི་ཟུར་ཙམ་མ་བསྟན།།
ཟླ་བ་དེ་དག་རིང་ལ།།
ཉིན་ཞག་དེ་ཚོའི་ཡུན་ལ།།
ལྕགས་ཀྱིས་བརྡུང་བའི་སྒལ་ཚིགས།།
གནམ་ལ་བསྒྲེངས་ནས་ཐོན་བྱུང་།།
གྲེ་འགྱུར་བསམ་པའི་ནང་ལ།།
ང་ཚོ་བཟུང་ནས་སླེབས་བྱུང་།།
དེ་ནི་ཁྱོད་ཀྱིས་ང་ཚོར།།
བསྟན་པའི་ལྟད་མོ་མིན་ནམ།།
དེ་ནི་མཚར་པོ་མིན་ནམ།།
ཏག་ཏག་མཚར་པོ་རེད་བཞག།
འཆར་གཞི་སྔོན་ནས་གྲུབ་ཅིང་།།
ཛ་དྲག་རྗེས་སུ་འཁྲབ་པའི།།
གསུམ་འཛུལ་བཞི་ལྷུང་སྐབས་སུ།།
ཁྱོད་རང་བཞི་རུ་བྲིས་འདུག།
ཁ་ཡག་ལུང་པ་གང་གིས།།
ཁྱོད་ལ་བཅར་འདྲི་བྱས་བྱུང་།།
ལག་པ་རྫུན་མ་མང་པོས།།
ཁྱོད་ལ་བདེ་མོ་བཞག་བྱུང་།།
བཅར་འདྲི་ལག་པའི་ཁ་དེ།།
ཁྱོས་ཀྱང་གཏམ་གྱིས་བཅད་བྱུང་།།
འགྲོ་ཁའི་མིག་མདངས་དེ་ཡིས།།
ང་ཚོ་ཉལ་སར་འཕངས་བྱུང་།།
དེ་ནི་ཁྱོད་དང་ང་ཚོ།།
ཉེ་ཞིང་ཉེ་བའི་མགོ་ཡིན།།
དེ་དག་ང་རང་ཁྱོད་ལ།།
སེམས་ཀྱིས་བཅར་བའི་ཐོ་ཡིན།།
![](http://blog.amdotibet.cn/files/UploadFiles/2013-02/05170830359.jpg)
![](http://www.sangdhor.com/manage/cn_salt_editor1/editor/images/smiley/msn/lightbulb.gif)
བགྲང་བྱ་གསུམ་ཙམ་འགོར་སོང་།།
རྒྱུན་དུ་གར་ཡོད་མི་ཤེས།།
དགྱ་སྐད་བརྙན་འཕྲིན་ཁང་གི།
ལོ་སར་གླུ་དེར་མཉན་ཡོད།།
གློག་བརྙན་ཞིག་ཀྱང་འཁྲབ་པའི།།
འཚམ་སྦྱོར་བརྡ་ཁྱབ་རིག་ཡོད།།
སྐད་གྲགས་ཆེ་བའི་ཁྱོད་ལ།།
དོ་སྣང་ཁེ་མཚར་མ་བྱུང་།།
ང་འདྲས་དོ་སྣང་བྱུང་ཡང་།།
བྱུང་དང་མ་བྱུང་གཅིག་ཡིན།།
![](http://blog.amdotibet.cn/files/UploadFiles/2013-02/05171057578.jpg)
![](http://www.sangdhor.com/manage/cn_salt_editor1/editor/images/smiley/msn/thumbs_up.gif)
ཡིན་ཡང་མ་བསམ་ས་ནས།།
ཁྱོད་རང་ཡང་བསྐྱར་ཐོན་བྱུང་།།
ཀ་ཁའི་སྐེ་རྒྱན་བཏགས་ནས།།
བོད་བཟོས་ཤོམ་ལྭ་གོན་ནས།།
ལང་ཚོའི་སྐ་རགས་བཅིངས་ནས།།
གླིང་བུ་འོར་གྱིས་བུས་ནས།།
བོད་སྐད་ཚིག་འབྲུ་གྱེར་ནས།།
སྒྱུ་མའི་རྐང་བ་གཡུག་ནས།།
འཕྲུལ་གྱི་ལག་པ་བཀྱགས་ནས།།
འོད་ཀྱི་མིག་ཟུང་ཕྱེས་ནས།།
ཟུམ་བུས་བལྟས་ཤིང་བགྲད་ནས།།
ཡར་འགྲོ་མར་འགྲོ་བྱས་ནས།།
རྫི་མའི་མཐུག་ས་བསྟན་ནས།།
ཕར་རྒྱུགས་ཚུར་རྒྱུགས་བྱས་ནས།།
འཇོ་སྒེག་འདི་ཞེས་ངོམ་ནས།།
བཟི་རྒྱུ་མེད་པ་དེ་དག།
བསམ་བཞིན་བཟི་རུ་བཅུག་ནས།།
དགོད་རྒྱུ་མེད་པ་དེ་དག།
མདུན་དུ་དགོད་པར་བྱས་ནས།།
ངུ་ལ་ཁད་ཀྱི་ང་ཡང་།།
འདི་ནས་འདི་ལྟར་བགད་ནས།།
ཁྲེས་པོས་ནོན་པ་རྣམས་ཀྱང་།།
ག་ཤེད་ལངས་སུ་བཅུག་ནས།།
གཉིད་ཀྱིས་གཟིར་བ་དེ་དག།
སད་དེ་བལྟ་བར་བྱས་ནས།།
སྲང་ནས་འགྲོ་བ་དག་ཀྱང་།།
བསྡད་དེ་ཧད་པར་བྱས་ནས།།
བརྙན་འཕྲིན་གམ་གྱི་དེ་ཚོར།།
མ་ཤེས་སྦྲིད་སྨན་བླུད་ནས།།
རླངས་འཁོར་བསྐོར་མཁན་དེ་ཚོ།།
མ་གནག་ཉེན་ཁར་གཏད་ནས།།
ཕྲག་དོག་བྱེད་མཁན་དག་ལ།།
མ་འགྲན་ཕམ་ཁ་བྱིན་ནས།།
བསྟོད་པ་བྱེད་མཁན་རྣམས་ཀྱིས།།
བསྟོད་མི་ཤེས་པར་བཏང་ནས།།
སྨད་པ་འདོད་མཁན་རྣམས་ཀྱི།།
སེམས་ལ་ལྕགས་ཟྭ་བརྒྱབ་ནས།།
སྨྱོ་རྟགས་འདྲ་ཞིག་ཤར་ནས།།
གྲུབ་རྟགས་འདྲ་ཞིག་བསྟན་ནས།།
ཐམས་ཅད་ལྐུགས་པར་བརྫིས་ནས།།
ཡོད་ཚད་གླེན་པར་བསྒྱུར་ནས།།
རྒྱུ་འབྲས་རྟེན་འབྲེལ་བསྲུང་ནས།།
ཉེས་པ་མང་པོ་བཟོས་ནས།།
སྒྱུ་རྩལ་ཕངས་མེད་སྦྱིན་ནས།།
ང་ཚོ་གང་བར་བྱས་ནས།།
སླར་ཡང་སྟོངས་པར་བཏང་ནས།།
རྒན་གཞོན་མེད་པར་བཅོམ་ནས།།
སྐྱ་སེར་མེད་པར་བཀུག་ནས།།
གློ་བ་བླངས་ཏེ་བརྒྱབ་ནས།།
མཆིན་པ་བཀོག་སྟེ་གཉོག་ནས།།
ཚང་ར་གསིལ་ཏེ་འཛེར་ནས།།
འཕུང་མགོ་དྲས་ཏེ་མནན་ནས།།
མྱོས་བུམ་བཅད་དེ་བླུད་ནས།།
བགད་དེ་ངུ་རུ་བཅུག་ནས།།
སྡུག་ཅིང་སྤྲོ་བར་བྱས་ནས།།
ས་སྣོག་རྡོ་སྣོག་བཏང་ནས།།
ཡར་འཕེན་མར་འཕེན་བགྱིས་ནས།།
བསྒྱལ་ཏེ་ཤི་བར་བྱས་ནས།།
ཤི་ཡང་གསོན་པོར་མངགས་ནས།།
གཏན་ཚུགས་ཚང་མ་བཅག་ནས།།
སྐྱོན་ཆ་མེད་པར་བྱས་ནས།།
རྣམ་བཞག་ཚང་མ་གཏོར་ནས།།
གནས་ལུགས་སྲོག་ལྟར་བརྩིས་ནས།།
ཀུན་སྤྱོད་ཚང་མ་བཤིག་ནས།།
བོད་མོའི་ཁྱད་ཆོས་མངོན་ནས།།
དགའ་མཁན་དེ་དག་བསད་ནས།།
ཅི་འདི་མེད་པར་བཏང་ནས།།
ཁྱོད་ལ་དུང་བའི་ང་རང་།།
སྙིང་གིས་བཟུང་སྟེ་དྲུད་ནས།།
གུ་ཡངས་མེད་པར་དྲུད་ནས།།
སྙན་ངག་རྩོམ་དུ་བཅུག་ནས།།
འོས་སྦྱོར་བྱེད་དུ་བཅུག་ནས།།
བསྟོད་པ་འབྲི་རུ་བཅུག་ནས།།
ད་རུང་ཤུགས་ཀྱིས་བཙིར་ནས།།
ཉིན་དཀར་དྲན་དུ་བཅུག་ནས།།
མཚན་མོར་སྨྲེང་དུ་བཅུག་ནས།།
བསམ་བཞིན་ཁེར་རྐྱང་བཏང་ནས།།
དཀའ་ཁག་མང་པོར་གཏད་ནས།།
རྩོམ་འཕྲོར་བཞག
Subscribe to:
Post Comments (Atom)
0 comments:
Post a Comment