དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 2 September 2013
མཁའ་འགྲོ་མ་རིག་འཛིན་ཆོས་སྐྱིད་དབང་མོའི་སྐུ་དཔར།
རྩ་ཆེན་འགའ།


ཨེ་མ་ཧོ། །
དྲང་པོའི་བརྩེ་དུང་དཀར་པོ་གླིང་ལ་ཕྱོགས། །
བདེན་པའི་ལུང་བསྟན་གསལ་བའི་སྒྲོན་མེ་འབར། །
རྟེན་འབྲེལ་བསླུ་མེད་མངོན་དུ་འགྱུར་བའི་ལྕམ། །
རིག་འཛིན་ཆོས་སྐྱིད་དབང་མོ་རྒྱལ་གྱུར་ཅིག
ཤྲྰིས་སོ། །



ནོར་བཟང་ལྗོན་པའི་ཡུལ་དུ་ཕེབས་སོ་ལོ༎
ར་མ་ཎཱ་ཡིས་སྲིན་ཡུལ་འགྲིམས་སོ་སྐད༎
བདག་གིས་སྤྲིན་གྱི་རྒྱ་མཚོ་ལན་གསུམ་དུ༎
བརྒལ་ཏེ་སྙིང་གི་ནོར་བུ་ལག་ཏུ་བླངས༎
སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་གསུངས། །
 
 
ཧྲཱིཿ རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ་མཐའ་ཡས།། ཚེ་དབང་རིག་འཛིན་པདྨ་རྒྱལ་པོའི་སྐུ།། ཚེ་ཡི་ཡེ་ཤེས་མཁའ་འགྲོ་མནྡ་ར།། ཚེ་ཡི་རིག་འཛིན་རྒྱ་མཚོའི་བྱིན་མཐུ་ཡིས།། གསང་བདག་བདེ་ཆེན་དཔའ་བོའི་ཐབས་ཀྱི་གྲོགས།། ཚེ་འཛིན་ཌཱཀྐི་ཆོས་སྐྱིད་དབང་མོ་ཡི།། སྐུ་ཚེ་མི་ཤིག...ས་རྡོ་རྗེའི་ཁམས་སུ་བརྟན།། ཕྲིན་ལས་སྣང་བས་ས་གསུམ་ཁྱབ་པར་ཤོག། ཅེས་པ་འདི་ནི་ཕྱི་ལོ་༢༠༡༡ཟླ་༤པའི་ཚེས་༡༨ཉིན་གྱི་ཐོ་རང་ལ་དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བ་བཞིན་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཡི་གེར་བཀོད་ཅིང་། ཚེས་༢༤ཉིན་སྟག་ཚང་སེང་གེ་རྫོང་ནས་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་གྱི་མདུན་དུ་སྙན་གསན་ཕུལ་བ་དགེ་ལེགས་འཕེལ།

ཨ་རིའི་ལྔ་སྡེ་མེ་ལན་ཌི་ནས
 
 
དེབ་དང་པོ། །
 
 
རིག་འཛིན་ཆོས་སྐྱིད་དབང་མོ་རྒྱ་གར་ནས།
 
 
 
 
 

 
མཁའ་འགྲོ་རིག་འཛིན་ཆོས་སྐྱིད་དབང་མོ་དང་སློབ་དཔོན་སྣ་ཚོགས་གཟུགས་ཅན་རྣམ་གཉིས་ཀྱི་ཐང་ཁ་བྱིན་ཆེན་བཞུགས་སོ། །
ཨེ་མ་ཧོ། །
ཡབ་ཡུམ་མི་འབྲལ་རྟག་ཏུ་འགྲོག །
ཟུང་འཇུག་བདེ་ཆེན་བརྟན་ཏུ་གནས། །
དམ་ཚིག་མི་འགྱུར་གཡུང་དྲུང་སྐུ། །
ཡིད་བཞིན་ནོར་བུ་རྒྱལ་གྱུར་ཅིག །
ཅེས་མཁའ་འགྲོའི་དུས་ཆེན་ལ་སློབ་དཔོན་ཡབ་ཡུམ་ལ་དད་གུས་ཅན་ཤྲྰིས་སྨོན་པར་དགེའོ། །
 
 
 
 

 

0 comments:

ཟིན་བྲིས་འཚོལ་ཡུལ