དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 29 January 2014

༄༅། །རྒྱ་རིགས་གྲོགས་པོ་ཡོངས་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ་བ་

གསེར་གྱི་རླུང་རྟ་སེར་པོ་ཞེས་བྱ་བ། །

ན་མོ་གུ་རུ་མཉྫུ་ཤྲྰི་ཡེ། །

ཀ་དག་ཀུན་བཟང་དགོངས་པ་མངོན་གྱུར་པས། །
ཁ་སྦྱོར་ཡན་ལག་བདུན་ལ་དབང་འབྱོར་པའི། །
གང་ཞིག་བསྟེན་ན་ཤེས་རབ་མཆོག་སྩོལ་ལྷ། །
ང་ཡིས་འཇམ་དཔལ་གཞོན་ནུར་སྙིང་ནས་གུས། །
 ཅ་ཡི་ན་ལ་གནམ་ལོ་གསར་ཚེས་སྐབས། །
ཆ་རྐྱེན་སྲོལ་རྒྱུན་འཛིན་པའི་རྒྱ་རིགས་ཀུན། །
ཇ་ཆང་ལོངས་སྤྱོད་ཚོགས་འཁོར་བཤམས་པ་རྣམས། །
ཉ་གང་ཟླ་བཞིན་བསོད་ནམས་ཞིང་དུ་འབུལ། །
ཏ་ཐྰ་ག་ཏའི་སྙིང་པོ་བྱང་ཆུབ་སེམས། །
ཐ་སྙད་ཤེས་བྱའི་སྒོ་འགྱེད་རྩིས་རིག་པས། །
ད་འདས་མ་འོངས་མཁྱེན་པའི་ཤིང་རྟ་བར། །
ན་མོ་མི་ཕྱེད་དད་པས་ཡང་ཡང་བསྔགས། །
པ་ར་མི་ཏའི་རྒྱ་བརྒྱུད་ཐེག་པ་དང་། །
ཕ་མའི་དགེ་བསྙེན་ཉན་རང་རྗེས་འཇུག་དང་། །
བ་གམ་བཟང་ངན་བར་བའི་ཁྱིམ་བདག་སོགས། །
མ་ལུས་རྒྱ་རིགས་ཡོངས་ལ་བདེ་ལེགས་ཞུ། །
ཙ་ཀོ་ར་བཞིན་མཐོ་སྒང་སྤུན་ཟླ་རྣམས། །
ཚ་གྲང་མནར་གཅོད་མྱོང་བར་མཐོང་ལགས་སམ། །
ཛ་ཡའི་བསྟན་པ་གཅིག་གི་ཆོས་མཆེད་ཚོས། །
ཝ་ལེར་ཐུགས་ལ་ཞི་བདེ་གནང་བར་མཛོད། །
ཞ་ཉེ་དངུལ་ལ་འགྲན་པའི་ཟླ་བྲལ་བཞིན། །
ཟ་ཧོམ་ཆེ་བའི་དམར་ཕྱོགས་རིང་ལུགས་ལས། །
འ་ཅག་ནང་པར་མཐུན་སྒྲིལ་ཟབ་རྒྱས་ཀྱིས། །
ཡ་རབ་བདེན་པའི་རྒྱལ་མཚན་བསྒྲེང་བར་རིགས། །
ར་བ་གངས་དཀར་མཛེས་པའི་བསིལ་ལྗོངས་དང་། །
ལ་ལུང་དུད་སྤྲིན་འཁྲིགས་པའི་རྒྱ་ཡུལ་ལ། །
ཤ་ཁྲག་མི་ལུས་བླངས་པའི་དོན་གོ་ལ། །
ས་ལམ་ཐོབ་ཕྱིར་སྙིང་པོའི་དམ་ཆོས་མཛོད། །
ཧ་ཤང་དགེ་བའི་ལས་འབྲས་དག་པས་བཙུན། །
ཨ་ཏིའི་ཟབ་དགུའི་གདམས་པའི་དོན་ལ་མཁས། །
རྒྱ་བོད་ཡབ་མེས་ཆོས་རིག་དཔལ་ཡོན་ཀུན། །
བཟང་གསུམ་ལྡན་པའི་ལོ་གསར་མཉམ་རོལ་ཤོག །
སྲོང་བཙན་ཁྲི་རྒྱལ་དམ་པའི་རྟེན་འབྲེལ་དང་། །
པན་ཆེན་ཆོས་རྗེ་བླ་མའི་བཀའ་དྲིན་ལས། །
རྒྱ་བོད་མཛའ་མཐུན་འབྲེལ་བའི་དམ་ཚིག་འདི། །
ནམ་ཉམས་མི་ཉམས་མདོ་སྔགས་བསྟན་པའི་ཆོས། །
འཛིན་སྐྱོང་སྤེལ་བས་ཕན་བདེ་རྒྱས་གྱུར་ཅིག །
ཅེས་པ་རབ་རྒྱན་ཆུ་སྦྲུལ་རྒྱ་ཟླའི་བཟང་ངམ་ཕྱི་ལོ་༢༠༡༤ ༡ ༣༡ ལ་ རྒྱ་རིགས་ཤིང་རྟ་ལོའི་ལོ་གསར་ཚེས་པ་ལ་རྒྱ་མོ་དད་གུས་དམ་ཚིག་ལྡན་པའི་མཁའ་འགྲོ་མ་ཡེ་ཤེས་ཆོས་སྒྲོན་དང་རིན་ཆེན་ཆོས་སྒྲོན་སོགས་ཀྱིས་བསྐུལ་བ་བཞིན་དུ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྨོན་འདུན་བཅས་ཐོལ་བྱུང་དུ་ཤྲྰི་ཨེ་མ་ཧོས་བོད་བརྒྱུད་རྣལ་འབྱོར་ཆོས་གླིང་གི་ཀུན་བཟང་ཆོས་གླིང་གི་རི་ཁྲོད་ནས་བྲིས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ