དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 30 March 2014
སྤྲེལ་ལོ་སྤྲེལ་ཟླའི་གར་འཆམ་དུས་ཆེན་ནམ་ཨོ་རྒྱན་ཚེས་བཅུའི་དུས་མཆོད།
བོད་ཟླ་ལྔ་བའི་ཚེས༡༠ནང་།
༄༅།།སྤྲེལ་ལོ་སྤྲེལ་ཟླའི་དུས་ཆེན་ནི་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལོ་འཁོར་རེའི་སྤྲེལ་ལོ་ནམ་ཤར་གྱི་བོད་ཟླ་ལྔ་བའི་ནང་སྐྱོར་མོ་ལུང་གི་ཡུལ་གྲུ་མང་བོས་ཚེས་བཅུ་བའི་སྐྱིད་སྡུག་ནས་གུ་རུ་མཚན་བརྒྱད་དང་ལོ་འཁོར་བཅུ་གཉིས་ཀྱི་འཆམ་སྟེག་རྒྱུ་ཡོད། དེ་དུས་ལོ་ཆུང་ཞིག་གིས་སྤྲེའུ་གདོང་འབག་དང་ཤུབས་གྱོན་ཏེ་ལུས་ཀྱི་རྩལ་རྩེད་སྣ་ཚོགས་བྱེད་ཅིང་། རྔ་རོལ་དང་དུང་རྒྱ་འབུད་དཀྲོལ་མཁན་ཚོས་ཞྭ་མོ་འབོག་ཏོ་དང་། ཕྲག་པ་གཡོན་པའི་སྟེང་སི་ཤན་ནམ་འབུ་རས་ཀྱི་ལེམ་ལྡེང་ཞིག་གྱོན་སྲོལ་དང་། རོལ་མོ་དཀྲོལ་མཁན། རྔ་བརྡུང་མཁན་སོགས་ཚང་མ་ཁྱིམ་པ་ཤ་སྟག་ཡིན། གུ་རུ་མཚོ་སྐྱེས་རྡོ་རྗེའི་ཞལ་འབག་གྱོན་མཁན་འཆམ་དཔོན་ནི་ལྷ་ཆུ་བཙན་ཁང་གི་སྐུ་བརྟེན་ནས་བྱེད་ཅིང་། གུ་རུ་རིན་པོ་ཆེ་དོན་སྐབས་ཚེས་བཅུ་བ་ཚོས་སྤོས་སྣེ་དང་། སྤྱན་རྒྱ་གཏོང་བ། འཆམ་པ་བྱིངས་རྣམས་མཚན་བརྒྱས་སོ་སོའི་ཞལ་འབག་གྱོན་ཞིང་ཕྱག་མཚན་ཐོགས་ཏེ་འཆམ་རར་གྲལ་བསྒྲིགས་ནས་དོན་གྱི་ཡོད། བུད་མེད་གཞོན་ནུ་མ་གཉིས་ཀྱིས་འཆམ་གོས་དང་འབག་མ་གྱོན་པར་ལྷ་ས་ཁུལ་གྱི་བུད་མེད་ཀྱི་རྒྱན་གོས་གཟབ་འཆོར་སྤྲས་ཏེ་གཅིག་གི་ལག་ཏུ་མེ་ཏོག་གིས་བརྒྱན་པའི་བུ་པ་ཞིག་དང་། གཅིག་གི་ལག་ཏུ་ཐོད་པ་ཞིག་ཐོག་ནས་གཙོ་བོའི་གཡས་གཡོན་དུ་ཡོང་བ་དེ་གཉིས་ལྷ་ལྕམ་མན་ད་ར་བ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཚུལ་བྱེད་པ། ཁོང་ཚོས་ལྷ་སའི་གཙུག་ལག་ཁང་གི་ཁྱམས་ར་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་གཞོལ་པ་ལས་ཁུངས་ཀྱི་མདུན་བཅས་སུ་འཆམ་སྟེག་རྒྱུ་ཡོད་ལ། 
ཡང་བོད་ཟླ་ལྔ་བའི་ཚེས་བཅུའི་ཉིན་སྐྱ་རེངས་དང་བོ་དང། ཉི་ཟེར་གྱི་མགོ་མ་བྱས་ནས་ཡེར་བ་ལྷ་རི་སྙིང་བོའི་མགུལ་དུ་ཨོ་རྒྱན་སངས་རྒྱས་གཉིས་པ་ཞེས་རྒྱ་གར་ཤར་ནུབ་མཚམས་སུ་ཡོད་པའི་མཁའ་འགྲོའི་གནས། སྔགས་སྐད་དུ་ཨོ་ཊ་ཡ་ན་ཟེར་བའི་ཞིང་དུ་སྐུ་འཁྲུངས་པ། བོད་དུ་གསང་སྔགས་ཀྱི་བསྟན་པ་སྤེལ་བར་ཤིན་ཏུ་སྐུ་དྲིན་ཆེ་བ་དེ་ཉིད་ཀྱི་འཁྲུངས་སྐར་དུས་ཆེན་ལ་ལྷ་སའི་གྲོང་མི་དང་ཉེ་འཁོར་གྱི་གཞིས་མི་མང་བོ་མཇལ་དུ་འགྲོ་སྲོལ་ཞིག་ཆགས་འདུག་ལ། ལྷག་པར་དུ་ལྷོ་ཁའི་ཤེལ་བྲག་དང་ལྷོ་བྲག་མཁར་ཆུའི་ས་ཕྱོགས་ནས་རྒྱས་སྤྲོ་གནང་བའི་དུས་ཆེན་ཞིག་རེད། ལོ་རེར་དགའ་སྟོན་ཆུང་བ་རེ་དང་། ལོ་བཅུ་གཉིས་ནས་དགའ་སྟོན་ཆེན་པོ་ཞིག་རོལ་བ་རེད། དགའ་སྟོན་ཆེན་པོ་རོལ་བའི་དུས་སུ། འབྲུག་ཡུལ་ལ་དྭགས་ས་ཆའི་ནང་བསྟན་པ་དང་བོད་ཁུལ་གྱི་གྲྭ་བ་མང་བོ་འདུས་ནས་ཆོས་འདོན་པ་དང་རྩེད་མོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།
ཇི་སྐད་དུ། རིག་འཛིན་འཇིགས་མེད་གླིང་བས་མཛད་པའི་ཚེས་བཅུའི་ཕན་ཡོན་གསོལ་འདེབས་ལས། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བསྐལ་བཟང་འདིར་བྱོན་སངས་རྒྱས་སྟོང་རྩ་ཀུན།། སྤངས་རྟོགས་མཉམ་ཞིང་འགྲོ་ལ་ཐུགས་བརྩེ་ཡང།། གངས་རིའི་ཁྲོད་འདིར་ཁྱོད་དང་མཚུངས་པ་ཡི།། བཀའ་དྲིན་བརྗོད་དུ་མེད་པར་བསམ་གྱིན་དད།། ཁ་བ་ཅན་འདི་ལག་ན་པདྨ་ཡི།། གདུལ་བྱར་རྒྱལ་བས་ལུང་བསྟན་མཛད་པའི་དོན།། མེས་དབོན་གསུམ་དང་ཨོ་རྒྱན་ཆེན་པོ་ཡིས།། མཛད་པའི་རྣམ་ཐར་ལས་གཞན་དམིགས་སུ་མེད།། གུ་རུ་ང་སྒོམས་ང་སྒྲུབས་ང་རྗེས་སྙོགས།། ང་མཐོང་སངས་རྒྱས་ཀུན་མཐོང་ང་ཉིད་ནི།། བདེ་གཤེགས་འདུས་པའི་ངོ་བོ་ཉིད་ཡིན་པས།། ཚེས་བཅུ་བྱུང་རེས་བོད་དུ་འབྱོན་ཞེས་གསུངས།། དེ་ཕྱིར་རྣམ་ཐར་དྲན་པས་གསོལ་བ་འདེབས།། ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ།། ངྷ་ན་ཀོ་ཤར་པདྨའི་སྦུབས་ལས་བྱོན།། རྒྱལ་ཟླར་ཨིནྟྲ་བོ་ངྷིས་སྤྱན་དྲངས་ཏེ།། རྒྱལ་བུར་མངའ་གསོལ་རྡོ་རྗེའི་ལམ་མཆོག་བསྙེན།།མཆུ་ཟླར་རྒྱལ་སྲིད་སྤངས་ནས་བསིལ་ཚལ་དུ།། བརྟུལ་ཞུགས་སྤྱོད་པས་མཁའ་འགྲོ་དབང་དུ་བསྡུས།། དབོ་ཟླ་བསྟན་ལ་རིམ་བཞིན་བཀྲི་པའི་སླད།། སློབ་དཔོན་བྲ་བྷ་ཧ་སྟིས་རབ་ཏུ་བྱུང།། ནག་ཟླར་ཟ་ཧོར་རྒྱལ་བོས་གསོན་བསྲེགས་ཚེ།། མེ་ཡང་ཆུར་བསྒྱུར་སུམ་རྩེན་ལྷ་ཡིས་བསྟོད།། ས་ཟླར་ཨོ་རྒྱན་རྒྱལ་བོས་ཡབ་ཡུམ་གཉིས།། ལྷན་གཅིག་མེར་བསྲེགས་ལོག་སྲེད་ཅན་དག་ཀྱང་།། རང་དབང་མེད་པར་དད་པའི་གནས་ལ་བཀོད།། སྣོན་ཟླར་ལྷོ་ཕྱོགས་མཐར་སྐྱེས་རྒྱལ་ཁམས་སུ།། བསྟན་ལ་འཁུ་བའི་མུ་སྟེགས་ཐོག་གིས་བསྒྲལ།། གྲོ་བཞིན་ཟླ་བར་མཐའ་འཁོབ་ཟངས་གླིང་གི། མུ་སྟེགས་རྒྱལ་བོས་ཟངས་ཆེན་ཁ་སྦྱར་ནང་།། བཅུག་ནས་ཆུ་ཀླུང་བསྐྱུར་ཡང་རྫུ་འཕྲུལ་གྱིས།། ནམ་མཁའ་གཤེགས་པའི་མོད་ལ་ཆུ་ཀླུང་ཡང་།། གྱེན་ལྡོག་སྡིག་སྤྱོད་རྒྱལ་བོའི་གནས་འཇིག་ལ།། ཉེ་བས་སྤ་བཀོངས་བཟོད་གསོལ་སྐྱབས་སུ་བསྟེན།། ཁྲུམས་ཟླར་མུ་སྟེགས་ངན་པའི་ཟས་དུག་གིས།། བཀྲོངས་པར་སེམས་ཀྱང་གནོད་པ་མེད་ཀྱི་སྟེང་།། གཟི་མདངས་ལྷག་པར་རྒྱས་པའི་ངང་ཚུལ་བསྟན།། ཐ་སྐར་ཟླ་ལ་ཡང་ལེ་ཤོད་དུ་ཕེབས།། བལ་བོད་གཉིས་ཀའི་ལྷ་འདྲེས་ཐོ་འཚམས་ཀྱང་།། རྡོ་རྗེ་གཞོན་ནུའི་སྐུར་བཞེངས་དམ་ལ་བཞག། སྨིན་དྲུག་ཟླ་བར་བོད་ཡུལདབུས་སུ་བྱོན།། ཧས་པོ་རི་རྩེར་ལྷ་སྲིན་དམ་ལ་བཞག། རྒྱལ་བསྟན་བོད་དུ་དར་བ་ཁྱོད་གཅིག་པུའི།། དྲིན་ལ་གཞན་དྲིན་མི་འཇོག་བསམ་གྱིན་དད།། དབོ་ཟླར་སྲིན་ཡུལ་གཤེགས་པ་ལ་དགོངས་ནས།། མཆིམས་ཕུར་ཡོན་མཆོད་བཀའ་བགྲོས་བོད་ཡུལ་ཀུན།། གཏེར་གྱིས་གཏམས་པའི་སྟ་གོན་དང་འབྲེལ་བར།། གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད།། དེ་ཕྱིར་བྱུང་ངོ་ཅོག་གི་ཚེས་བཅུ་རྣམས།། ཁྱོད་ཀྱིས་མཛད་པ་ཕྲིན་ལས་དུས་ཆེན་དང་།། མ་དང་མཁའ་འགྲོ་འདུ་བའི་སྐབས་ཡིན་པས།། ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་།། འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལ།།རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་།། ཆར་ཆུ་འབེབས་ཤིང་མི་ཕྱུགས་ནད་རིམས་ཞི།། སད་སེར་དབུལ་ཕོངས་དམག་འཁྲུགས་གོད་ཁ་སོགས།། འཇིག་རྟེན་དུས་ཀྱི་རྒུད་པ་ཇི་སྙེད་ཀུན།། ཚེས་བཅུའི་དུས་མཆོད་བཟུང་ནས་གསོལ་འདེབས་ཀྱི།། བྱིན་རླབས་ཁོ་ནས་ཞི་བ་མངོན་སུམ་ཕྱིར།། ཞལ་བཞེས་དུས་ལ་བབ་པོ་ཐུགས་རྗེས་གཟིགས།། བོད་འབངས་བསམ་ཡོད་ཐམས་ཅད་ཁྱོད་ལ་དད།། བསམ་མེད་དྲིན་ཅན་ཕ་མ་དག་ལ་ཡང་།། འཁུ་བར་བྱེད་ན་ཁྱེད་ཀྱི་ཐུགས་རྗེ་ལ།། ཉེ་རིང་མ་མཆིས་ཐུགས་དམ་རྒྱུད་བསྐུལ་ལོ།། བོད་འབངས་ནམ་ཡང་ཡལ་བར་མི་འདོར་བའི།། ཞལ་བཞེས་དུས་ལ་བབ་པོ་ཐུགས་རྗེས་གཟིགས།། བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས།། ཞེས་པ་ལས་ཟླ་རེའི་ཚེས་བཅུར་ཁོང་གིས་མཛད་ཆེན་བསྟན་པ་དང་ཟླ་རེའི་ཚེས་བཅུར་བྱུང་རེས་བོད་དུ་འབྱོན་ཞེས་གསུང་གིས་ཞལ་བཞེས་གནང་བ་ལྟར་བོད་ཁུལ་གྱི་ས་ཕྱོགས་སོ་སོ་ན་ཟླ་རེའི་ཚེས་བཅུ་ཞེས་དཔལ་མགོན་བླ་མ་དམ་པར་རྗེས་དྲན་གྱིས་རྣམ་དཀར་དགེ་བ་ལ་བརྩོན་བཞིན་པའོ།།

0 comments:

ཟིན་བྲིས་འཚོལ་ཡུལ