དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 29 March 2014
ཁྲོན་པའི་སྦལ་བ།
 
རླན་གཤེར་ཁྲོན་པའི་རྫིང་བུ་ཡི་ཁྲོད་ན། །
མི་སྡུག་ལུས་ལ་སྦལ་རིགས་ཀྱི་གཙོ་བོ། །
ཀླུ་བདུད་ནག་པོའི་ཕོ་ཉ་ནི་ཡིན་སྐད། །
འཇིགས་གཟུགས་ངོམ་པའི་ཁྲོན་པ་ཡི་སྦལ་བ། །
སྟོབས་དང་མངའ་ཐང་ལྷ་ཆེན་པོས་བསྩལ་ལམ། །
འཁོར་དང་ལོངས་སྤྱོད་ཀླུ་ཡུལ་ནས་དྲངས་སམ། །
ཁྱོད་ལས་གཞན་ན་འཇིགས་རུང་ཡང་མེད་ལ། །
ཁྱོད་ལས་གཞན་པའི་སྐྱིད་པའང་མེད་པ། །
བདེན་ནོ་བདེན་ནོ་སྦལ་བ་ཁྱོད་བདེན་ནོ། །
སྐྱིད་དོ་སྐྱིད་དོ་སྦལ་བ་ཁྱོད་སྐྱིད་དོ།  །
མིག་གཉིས་ཅེར་བའི་ལྕོང་མོ་ཡི་གཙུག་རྒྱན། །
ཤ་ཚའི་ཚིག་གསུམ་ཞུ་བ་ལ་དགོངས་མཛོད། །
སྣ་ཚོགས་ཉམས་དགའི་སྐྱེད་ཚལ་གྱི་དོ་རར། །
ཉལ་བའི་རྟེན་ལ་རེག་འཇམ་གྱི་འདབ་མ། །
བཟའ་བའི་ཟས་ལ་རྩི་བཅུད་ཀྱི་ཟིལ་མངར། །
དཀར་དམར་ལང་ཚོ་མིག་དབང་གི་དགའ་སྟོན། །
མཁའ་ལམ་ཡངས་པོར་འཕུར་ལྡིང་གིས་འཇོ་བ། །
འདབ་ལྡན་བུང་བ་སྐྱིད་པ་དེ་མཐོང་ངམ། །
ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང་། །
 འབྲས་བུ་འབྱུང་བ་སྲིད་ན་མེད ། །
ཁྱེད་ཉིད་བསྐལ་བ་སྔོན་རོལ་ནས། །
ཆུ་ལ་གནས་ཀྱང་དེ་བཞིན་ནོ། །
ཁྱེད་ཉིད་རྒྱ་མཚོར་ཚུད་མིན་ལ། །
ཡངས་པའི་རྒྱལ་ཁམས་མི་རྒྱུ་བར། །
བཙོན་ར་ལྟ་བུའི་ཁྲོད་པ་རུ། །
ཀུན་དང་མི་མཐུན་གཟུགས་སུ་གྲུབ། །
ཁྱེད་རང་ཁྱེད་ལ་སྙིང་ཉེ་ན། །
རྨོངས་པའི་དྲ་རྒྱ་རིང་སྤངས་ཏེ། །
ཤེས་རབ་གོ་ཆ་ལུས་ལ་བགོས། །
སྙིང་ལ་འཇིགས་མེད་སྤོབས་པ་སྐྱེད། །
གསར་ལས་གསར་བའི་རྗེས་སུ་སྙོགས། །
ཁྲོན་པའི་ཁྲོད་ནས་མཆོང་ལ་ཤོག །
གླིང་བཞི་འཇིག་རྟེན་ཀུན་ཏུ་ཉུལ། །
རྒྱལ་ཁམས་ཡོངས་ལ་ལྟད་མོ་ལྟོས། །
ཁྱེད་ལ་བློ་མིག་གསར་བ་ཞིག །
ཁྱེད་ལ་འདུན་མ་གསར་བ་ཞིག །
སྐྱེ་འོང་ཨེ་གོ་སྦལ་བ་ལགས། །
༡༩༨༨ལོའིརྩེར་སྙེགདེབ་དང་པོའི་རྒྱབ་ཤོག་ནང་མར་བཀོད།

0 comments:

ཟིན་བྲིས་འཚོལ་ཡུལ