དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 29 March 2014
གངས་རི།།
ལྷག་བསམ་ཟོལ་མེད་ཀྱི་རང་གཤིས་དྭངས་མོ།
ཤེལ་དཀར་སྲ་གཟུགས་ཀྱི་གནམ་འདེགས་ཀ་བར་བསླངས།
གཞན་ཕན་སྙིང་རྗེ་ཡི་ཆབ་རྒྱུན་སྔོན་མོ།
རྨ་ཆུ་འབྲི་ཆུ་ཡིས་སྐྱེ་དགུའི་རེ་འདོད་བསྐངས།
ཏིང་འཛིན་གཡོ་མེད་ཀྱི་བསམ་གཞིགས་ཁྲོད་ནས།
འཛམ་གླིང་ཡོངས་གྲགས་ཀྱི་ནང་བསྟན་ཤེས་རིག་བསྐྱངས།
མགོན་མེད་ཉམ་ཐག་གི་སྙིང་རྗེའི་ཡུལ་ལ།
འཛམ་གླིང་གེ་སར་གྱི་རྒྱལ་བོ་གེར་དུ་སར།
མིའི་རིགས་ཞི་བདེ་དང་ཤེས་རིག་རྒྱས་སླད།
ཕྱག་ཟུང་མཐོན་པོ་རུ་བརྐྱངས་ནས་ཉི་ཟླ་མཁའ་རུ་སྒྲེངས།
༡༩༩༦ལོའི་ཟླ༢པའི་ཚེས༡ཉིན།
Subscribe to:
Post Comments (Atom)
0 comments:
Post a Comment