དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 29 March 2014
ང་ཡི་བླ་མ་ཕྱི་ན་མེད།།
ང་ཡི་བླ་མ་ནང་ན་ཡོད།།  
རང་སེམས་ཆོས་སྐུར་བསྲེས་ནས་ཡོད།།  
སྐུ་ལ་འདས་གྲོངས་ཡོད་མ་མཆིས།།
 

ང་ཡི་བླ་མ་ཕྱི་ན་མེད།།    
ང་ཡི་བླ་མ་ནང་ན་ཡོད།།  
ཟ་བའི་དུས་སུ་མགྲིན་པའི་དབུས་སུ་བཞུགས།།  
ཉལ་བའི་དུས་སུ་སྙིང་གའི་དཀྱིལ་ན་བཞུགས།།   
སྒོམ་པའི་དུས་སུ་སྤྱི་བོའི་གཙུག་ན་ཡོད།། 
འགྲོ་བའི་དུས་སུ་ཕྲག་པ་གཡས་ན་ཡོད།།  
ང་ཡི་བླ་མ་ལྷོ་ནུབ་སྲིན་ཡུལ་མེད།།  
ང་ཡི་བླ་མས་སེམས་ཀྱི་མ་རིག་ཚོལ།།       
 
ང་ཡི་མཁའ་འགྲོ་ཕྱི་ན་མེད།།  
ང་ཡི་མཁའ་འགྲོ་རྩ་བར་རྒྱུ།།   
གནས་ཆེན་སོ་གཉིས་བདག་པོ་བྱེད།།       
ནམ་དགོས་དུས་སུ་ལྷན་དུ་རོལ།།

 
ང་ཡི་ཞིང་ཁམས་དཔག་མེད་ཕྱི་ན་མེད།།   
ང་ཡི་ཞིང་ཁམས་ནང་སེམས་གསལ་ལེར་ཡོད།།  
འདི་ནས་དཔག་ཚད་བརྒྱ་ཡི་ཕ་རོལ་མེད།།   
རང་སེམས་སྙིང་གི་ཙི་ཏའི་དབུས་ན་ཡོད།།   
 
ང་ཡི་དམྱལ་བ་ས་འོག་རིམ་པར་མེད།།  
ང་ཡི་དམྱལ་བ་རང་ལུས་སྨད་དུ་ཡོད།།  
ཅི་བྱ་ཅི་བྱེད་སེམས་རིག་ཡར་ལ་བསྟོད།།  
སྐད་ཅིག་སྐད་ཅིག་ལྷོད་ན་དམྱལ་བར་འགྲོ།།  

 
བླ་མ་ཡི་དམ་ཆོས་སྐྱོང་དཀོན་མཆོག་གསུམ།། 
བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ།།  
ཐ་སྙད་འདོགས་ལུགས་མི་གཅིག་ཁ་ཁ་ལས།།   
རང་ལུས་སྦས་ཏེ་རྒྱལ་བའི་དཀྱིལ་འཁོར་སྤྲུལ།། 

 
བླ་མ་ཡི་དམ་མཁའ་འགྲོ་གསུམ།། 
རྩ་དང་རླུང་དང་ཐིག་ལེ་གསུམ།།   
ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ།། 
ངོ་བོ་རང་བཞིན་ཐུགས་རྗེ་གསུམ།།  

གདོད་ནས་དབྱེར་མེད་རོ་གཅིག་ཡིན།།  
ང་དང་ཁྱོད་བཅས་འཐེན་འཁྱེར་དང་།།   
ཕྱོགས་རིས་གྲུབ་མཐའ་བརྩད་བརྩད་ནས།། 
སངས་རྒྱས་ས་ལ་རྒྱང་ཐག་རིང་།།   
ཁྱོད་དང་ངེད་གཉིས་ཨ་མའི་བུ།། 
ཕྱོགས་རུས་འཐེན་ཁྱེར་རྦད་དེ་ཆོད།།  
དད་པ་དག་སྣང་དབྱིངས་ལ་འཕྱོར།།   
 
ཨ་མ་ངོ་ཤེས་རྫུན་ཚིག་མིན།།

བཙལ་རྒྱུ་མེད་དེ་གམ་ན་འདུག།    
འཛིན་དུ་མེད་དེ་དབྱིངས་ན་འཛུམ།།   
འཚོལ་མཁན་མེད་དེ་རང་ཉིད་བོར།།  
བྱ་བྱེད་མེད་དེ་རང་བབས་ཞོག།  

0 comments:

ཟིན་བྲིས་འཚོལ་ཡུལ