དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Saturday, 29 March 2014
༄༅།།རིས་མེད་གྲུབ་མཐའ།།
རྒྱལ་སྲས་ཚང་།
བདག་ནི་བན་དེ་ཕྱོགས་མི་འཛིན།།
བོན་པོ་ཕྱོགས་ལ་ལྡང་བ་མིན།།
གང་ཞིག་རིགས་པར་ལྡན་པའི་ཚིག །
བཀུར་འོས་བཀུར་བ་དམ་པའི་རྟགས།།
བོན་དཀར་བཞག་ཅིང་བོན་ནག་བསྣུབས།།
བླ་མ་ཨོ་རྒྱན་པད་མས་མཛད།།
བན་ལ་བོན་འདྲེས་བོན་ལ་བན།།
འདྲེས་ཞེསཐུའུ་བཀྭན་ཉི་མས་གསུངས།།
བོན་ཀྱི་དཀར་པོའི་ལུགས་སྲོལ་དག།
ཚ་རྐོང་ནང་གི་ཚ་དཔར་བཞིན།།
ལྷ་ལ་གསོལ་ཅིང་འདྲེ་ཡང་འདུལ།།
བོད་པ་རྒན་པོའི་ཉམས་སུ་བླངས།།
གཤིན་རྩིས་བག་རྩིས་ལ་སོགས་པ།།
མི་ཕམ་འཇམ་དབྱངས་བོན་ནས་དྲངས།།
ལྷ་བསངས་བཏང་ནས་ལ་ཙེ་བསྟོད།།
བོད་པ་རྒན་པོའི་ཉམས་སུ་བླངས།།
བོད་ཀྱི་བན་དེ་སད་མི་བདུན།།
དེ་ཡི་མཆོག་གྱུར་བེ་རོ་ཙ།།
བན་མིན་བོན་མིན་བླ་མ་ལ།།
ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི།།
མདོ་སྒྱུ་སེམས་གསུམ་རྙིང་མའི་རྒྱུད།།
མདོ་ནི་དགོངས་པ་འདུས་པ་དང།།
སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་།།
བྱང་སེམས་ཀུན་བྱེད་རྒྱལ་བོ་ཡིན།།
ཨ་རྫོགས་སྙན་གསུམ་བོན་པོའི་རྒྱུད།།
གྲུབ་ཐོབ་དགོངས་མཛོད་རི་ཁྲོད་པས།།
ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་བ།།
བྲུ་རྒྱལ་གཡུང་དྲུང་བཅོ་ལྔ་མཛད།།
བཞོད་སྟོད་དངོས་གྲུབ་གྲགས་པ་ཡིས།།
རྫོགས་ཆེན་ཀློང་ཆེན་གཏེར་ནས་དྲངས།།
གྱེར་སྤུངས་སྣང་བཞེད་ལོད་པོ་ཡིན།།
དུས་རབས་བརྒྱད་པར་སྙན་བརྒྱུད་སྤེལ།།
རྫོགས་ཆེན་མ་ཧཱ་ཡོ་གའི་རྫོགས་རིམ་དང་༎
ལྷུན་གྲུབ་ལྟ་བ་ཀ་དག་ལྟ་བ་རྣམས༎
བཅུད་ཕྱུངས་མདོ་རུ་དྲིལ་བ་རྫོགས་པ་ཆེ༎
ཨ་ཏི་ཡོ་ག་ཐེག་དགུའི་རྩེ་མོར་གྲུབ༎
བེ་རོ་ཙ་ནས་རྒྱ་གར་དུ།།
སློབ་དཔོན་ཤྲཱི་སིངྷཱ་མཇལ།།
རྫོགས་པ་ཆེན་པོའི་ཆོས་རྣམས་ཞུས།།
རིག་པའི་ཁུ་བྱུག་བོད་དུ་བསྒྱུར།།
སློབ་དཔོན་ཤྲཱི་སིངྷཱ་ཡང་།།
རྒྱ་ནག་ཡུལ་དུ་སྐུ་འཁྲུངས་ཤིང་།།
རྒྱ་དཀར་ཡུལ་དུ་གནས་བཅའ་ཞེས།།
རྒྱལ་བ་ཀློང་ཆེན་རམ་འབྱམས་གསུངས།།
མ་ཧཱ་ཡོ་གའི་རྒྱུད་སྡེར་མངའ་བརྙེས་པའི།།
གནུབས་རིགས་སངས་རྒྱས་ཡེ་ཤེས་ལ།།
ཕྱིས་སུ་སངས་རྒྱས་སྦས་པར་འབོད།།
བསམ་གཏན་མིག་སྒྲོན་བསྟན་བཅོས་མཛད།།
དེ་ཡི་སློབ་དཔོན་གཉན་དཔལ་དབྱངས།།
བསམ་གཏན་མིག་སྒྲོན་འགྲེལ་བ་ཡི།།
རྫོགས་ཆེན་བསྟན་བཅོས་འགའ་ཡང་བརྩམས།།
དུས་རབས་བཅོ་ལྔ་ནང་རོལ་དུ།།
རྙིང་མའི་གཞུང་དཔེ་བརྒྱ་ཡར་འཕེལ།།
རཏྞ་གླིང་བའི་དཔེ་ཚོགས་སྒྲིག།
རྙིང་མ་རྒྱུད་འབུམ་ཞེས་སུ་གྲགས།།
མཁས་པ་རོང་ཟོམ་ཆོས་བཟང་གི།
ཐེག་ཆེན་ཆོས་ལ་འཇུག་པ་བརྩམས།།
རྫོགས་ཆེན་གཞུང་ལ་དག་སེལ་བྱ།།
ཡིན་ཡང་བསྟན་བཅོས་དོན་མེད་གྱུར།།
སྐྱེ་བོ་རྫས་ལས་གྲུབ་པའི་ལུས།།
འོད་ལུས་འགྲུབ་པའི་ལྟ་བ་ཉིད།།
བོན་ཀྱི་དུས་རབས་ནམ་ཟིན་ན།།
དུས་རབས་བཅུ་གཅིག་ཡིན་ནམ་དཔྱད།།
སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ།།
རྒྱ་ཆེན་སྤྱོད་བརྒྱུད་ཟབ་མོ་ལྟ་བརྒྱུད་དང།།
སྙིང་བོ་ཐུགས་བརྒྱུད་གསུམ་དུ་ཡོད་པར་འདོད།།
སྐུ་གསུང་ཐུགས་ཀྱི་བརྒྱུད་ལ་གསོལ་བ་འདེབས།།
སྙིང་བོའི་བསྟན་པ་གནས་བརྟན་འོད་སྲུངས་གཏད།།
རི་བོ་བྱ་རྐང་འགོག་པ་སྙོམས་པར་བཞུགས།།
མ་འོངས་རྗེ་བཙུན་བྱམས་པ་མགོན་པོ་ལ།།
ཤཱཀྱ་ཐུབ་པའི་བསྟན་པ་འདིའོ་གཏོད།།
བོད་དུ་རྫོགས་ཆེན་གཞུང་ལ་མངའ་བརྙེས་ཤིང་།།
རིས་མེད་གྲུབ་མཐའ་འཛིན་པའི་སྐྱེ་བོ་ལ།།
རྒྱལ་བ་ཀློང་ཆེན་རྡོ་རྗེ་གླིང་བ་དང་།།
རིས་མེད་རིང་ལུགས་སྐྱོང་ལ་ཆེས་དཔའ་བ།།
འཇམ་པའི་དབྱངས་དངོས་མཁྱེན་བརྩེ་དབང་བོ་དང་༎
ཀུན་ཁྱབ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་།།
མཆོག་གྱུར་གཏེར་ཆེན་གླིང་བ་ཕྱག་གི་ཡུལ།།
བོན་མིན་བན་མིན་གྲུབ་དབང་ཤར་རྫ་བ།།
བཀྲ་ཤིས་རྒྱལ་མཚན་དཔལ་ལ་དད་པའི་ཡུལ།།
གསར་མིན་རྙིང་མིན་ཏཱ་ལའི་བླ་མ་མཆོག།
རྒྱལ་དབང་ལྔ་བ་མི་ཕྱེད་སྙིང་ནས་འདུད།།
བསམ་ཡས་བདུད་འདུལ་སྔགས་པ་གླིང་།།
གསང་སྔགས་ལྷ་ཚོགས་ལྷ་ཁང་ཡོད།།
རྫོགས་ཆེན་གཞུང་དོན་སྤེལ་ཕྱིར་བཞེངས།།
རྦ་བཞེད་མཁན་པོས་གླེང་མ་མྱོང་།།
བོད་རྒྱལ་སིལ་བུར་འཐོར་བའི་དུས།།
དབའ་དང་འབྲོ་གཉིས་གྲལ་རིམ་ཕྱེས།།
དབའ་ཡིས་རྒྱ་གར་ཆོས་ལ་དད།།
འབྲོ་ཡིས་རྒྱ་ནག་ཧྭ་ཤང་གཅེས།།
(འབྲོོ་བཟའ་བྱང་ཆུབ་རྗེ་ཡང་རབ་ཏུ་བྱུང་)
རྒྱལ་བོ་གནམ་རི་སྲོང་བཙན་གྱིས།།
བོད་ཁམས་གཅིག་གྱུར་བྱེད་པའི་དུས།།
དབའ་ཡིས་བྱས་རྗེས་ཆེན་པོ་བཞག།
ཡེ་ཤེས་དབང་བོ་དབའ་ཚང་འཁྲུངས།།
རྒྱལ་བོ་ཁྲི་སྲོང་ལྡེ་བཙན་དུས།།
དབའ་ཡི་བློན་པོ་གསལ་སྣང་གིས།།
མཁན་ཆེན་ཞི་འཚོ་གདན་འདྲེན་དང་།།
རབ་ཏུ་བྱུང་ནས་ཡེ་ཤེས་དབང་།།
ཞི་འཚོ་མྱ་ངན་འདས་རྗེས་སུ།།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས།།
བཅོམ་ལྡན་འདས་ཀྱི་རིང་ལུགས་ལ།།
ཡེ་ཤེས་དབང་བོའི་གོ་མིང་གནངས།།
བོ་ངྷི་ས་ཏྭ་མཁན་ཆེན་ཞི་བ་འཚོས།།
བོད་དུ་རྣལ་འབྱོར་སྤྱོད་པའི་དབུ་མ་སྤེལ།།
གཞི་ནི་ཐམས་ཅད་ཡོད་སྨྲའི་སྡེ་བ་བཙུགས།།
བོད་དུ་སད་མི་མི་བདུན་རབ་ཏུ་བྱུང་།།
དེ་ཡི་ཐུགས་སྲས་ཀ་མ་ལ་ཤཱི་ལས།།
དབུ་མ་སྣང་བ་ཞེས་བྱའི་བསྟན་བཅོས་མཛད།།
ཆོས་ལུགས་ཁ་ཁྱེར་འགྲན་རྩོད་ཕྱོགས་རིས་ཀྱིས།།
བསམ་ཡས་སྒྲ་བསྒྱུར་གླིང་དུ་ལྐོག་གསོད་བྱས།།
ཡེ་ཤེས་དབང་བོས་ཆོས་ཀྱི་མདུན་ས་བཟུང་།།
ཞང་བློན་འདུན་ས་ལས་མཐོ་གོ་གནས་དགོས།།
རབ་བྱུང་འཚོ་རྟེན་རྐྱེན་རིས་དུད་ཁྱིམ་གསུམ།།
ཁྲི་གཙུག་ལྡེ་བཙན་བཞི་བསྣན་དུད་ཁྱིམ་བདུན།།
སློབ་དཔོན་ཆེན་པོ་བལ་བོའི་ཡུལ་དུ་སྤྱུགས།།
བཻ་རོ་ཙ་ན་ཚ་བ་རོང་དུ་ཕུད།།
རྒྱ་ནག་ཧྭ་ཤང་ཏུན་ཧོང་ཡུལ་དུ་བསྐྱལ།།
ཁྲི་སྲོང་ལྡེ་བཙན་ཟུང་ཀར་མཚམས་ལ་ཕེབས།།
རབ་བྱུང་དར་ནས་དམག་དོན་ཉམས་པ་ལ།།
སྔགས་པ་གནོད་མེད་གྲྭ་བཙུན་ཁྱིམ་དུ་ཕབས།།
ཆོས་ཀྱི་མདུན་ས་བསམ་ཡས་མཁན་པོས་བཟུང་།།
ཆོས་ལས་ལྷག་པའི་སྲིད་ལ་ཐེ་གཏོགས་ཐེབས།།
བསམ་ཡས་མཁན་པོ་སྐུ་ཐོག་དགུ་བ་ཡིས།།
ལྷ་སྲས་དར་མ་ཉག་ཕྲན་མདའ་ལ་དྲངས།།
མ་ཞང་ཁྲོན་པ་གསོན་པོ་དུར་དུ་སྦས།།
བོ་ངྷི་ས་ཏྭའི་ཞལ་ལ་རྟས་འཕྲ་བརྒྱབ།།
ཀཱ་མ་ཤི་ལས་མཁལ་མ་མཉེས་ནས་བཀྲོངས།།
སྙིང་བོ་སྙིང་བོའི་བསྟན་པ་དར་གྱུར་ཅིག།
བདག་ནི་བན་དེ་ཕྱོགས་མི་འཛིན།།
བོན་པོ་ཕྱོགས་ལ་ལྡང་བ་མིན།།
གང་ཞིག་རིགས་པར་ལྡན་པའི་ཚིག །
བཀུར་འོས་བཀུར་བ་དམ་པའི་རྟགས།།
བོན་དཀར་བཞག་ཅིང་བོན་ནག་བསྣུབས།།
བླ་མ་ཨོ་རྒྱན་པད་མས་མཛད།།
བན་ལ་བོན་འདྲེས་བོན་ལ་བན།།
འདྲེས་ཞེསཐུའུ་བཀྭན་ཉི་མས་གསུངས།།
བོན་ཀྱི་དཀར་པོའི་ལུགས་སྲོལ་དག།
ཚ་རྐོང་ནང་གི་ཚ་དཔར་བཞིན།།
ལྷ་ལ་གསོལ་ཅིང་འདྲེ་ཡང་འདུལ།།
བོད་པ་རྒན་པོའི་ཉམས་སུ་བླངས།།
གཤིན་རྩིས་བག་རྩིས་ལ་སོགས་པ།།
མི་ཕམ་འཇམ་དབྱངས་བོན་ནས་དྲངས།།
ལྷ་བསངས་བཏང་ནས་ལ་ཙེ་བསྟོད།།
བོད་པ་རྒན་པོའི་ཉམས་སུ་བླངས།།
བོད་ཀྱི་བན་དེ་སད་མི་བདུན།།
དེ་ཡི་མཆོག་གྱུར་བེ་རོ་ཙ།།
བན་མིན་བོན་མིན་བླ་མ་ལ།།
ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི།།
མདོ་སྒྱུ་སེམས་གསུམ་རྙིང་མའི་རྒྱུད།།
མདོ་ནི་དགོངས་པ་འདུས་པ་དང།།
སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་།།
བྱང་སེམས་ཀུན་བྱེད་རྒྱལ་བོ་ཡིན།།
ཨ་རྫོགས་སྙན་གསུམ་བོན་པོའི་རྒྱུད།།
གྲུབ་ཐོབ་དགོངས་མཛོད་རི་ཁྲོད་པས།།
ཨ་ཁྲིད་ཐུན་མཚམས་བརྒྱད་ཅུ་བ།།
བྲུ་རྒྱལ་གཡུང་དྲུང་བཅོ་ལྔ་མཛད།།
བཞོད་སྟོད་དངོས་གྲུབ་གྲགས་པ་ཡིས།།
རྫོགས་ཆེན་ཀློང་ཆེན་གཏེར་ནས་དྲངས།།
གྱེར་སྤུངས་སྣང་བཞེད་ལོད་པོ་ཡིན།།
དུས་རབས་བརྒྱད་པར་སྙན་བརྒྱུད་སྤེལ།།
རྫོགས་ཆེན་མ་ཧཱ་ཡོ་གའི་རྫོགས་རིམ་དང་༎
ལྷུན་གྲུབ་ལྟ་བ་ཀ་དག་ལྟ་བ་རྣམས༎
བཅུད་ཕྱུངས་མདོ་རུ་དྲིལ་བ་རྫོགས་པ་ཆེ༎
ཨ་ཏི་ཡོ་ག་ཐེག་དགུའི་རྩེ་མོར་གྲུབ༎
བེ་རོ་ཙ་ནས་རྒྱ་གར་དུ།།
སློབ་དཔོན་ཤྲཱི་སིངྷཱ་མཇལ།།
རྫོགས་པ་ཆེན་པོའི་ཆོས་རྣམས་ཞུས།།
རིག་པའི་ཁུ་བྱུག་བོད་དུ་བསྒྱུར།།
སློབ་དཔོན་ཤྲཱི་སིངྷཱ་ཡང་།།
རྒྱ་ནག་ཡུལ་དུ་སྐུ་འཁྲུངས་ཤིང་།།
རྒྱ་དཀར་ཡུལ་དུ་གནས་བཅའ་ཞེས།།
རྒྱལ་བ་ཀློང་ཆེན་རམ་འབྱམས་གསུངས།།
མ་ཧཱ་ཡོ་གའི་རྒྱུད་སྡེར་མངའ་བརྙེས་པའི།།
གནུབས་རིགས་སངས་རྒྱས་ཡེ་ཤེས་ལ།།
ཕྱིས་སུ་སངས་རྒྱས་སྦས་པར་འབོད།།
བསམ་གཏན་མིག་སྒྲོན་བསྟན་བཅོས་མཛད།།
དེ་ཡི་སློབ་དཔོན་གཉན་དཔལ་དབྱངས།།
བསམ་གཏན་མིག་སྒྲོན་འགྲེལ་བ་ཡི།།
རྫོགས་ཆེན་བསྟན་བཅོས་འགའ་ཡང་བརྩམས།།
དུས་རབས་བཅོ་ལྔ་ནང་རོལ་དུ།།
རྙིང་མའི་གཞུང་དཔེ་བརྒྱ་ཡར་འཕེལ།།
རཏྞ་གླིང་བའི་དཔེ་ཚོགས་སྒྲིག།
རྙིང་མ་རྒྱུད་འབུམ་ཞེས་སུ་གྲགས།།
མཁས་པ་རོང་ཟོམ་ཆོས་བཟང་གི།
ཐེག་ཆེན་ཆོས་ལ་འཇུག་པ་བརྩམས།།
རྫོགས་ཆེན་གཞུང་ལ་དག་སེལ་བྱ།།
ཡིན་ཡང་བསྟན་བཅོས་དོན་མེད་གྱུར།།
སྐྱེ་བོ་རྫས་ལས་གྲུབ་པའི་ལུས།།
འོད་ལུས་འགྲུབ་པའི་ལྟ་བ་ཉིད།།
བོན་ཀྱི་དུས་རབས་ནམ་ཟིན་ན།།
དུས་རབས་བཅུ་གཅིག་ཡིན་ནམ་དཔྱད།།
སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ།།
རྒྱ་ཆེན་སྤྱོད་བརྒྱུད་ཟབ་མོ་ལྟ་བརྒྱུད་དང།།
སྙིང་བོ་ཐུགས་བརྒྱུད་གསུམ་དུ་ཡོད་པར་འདོད།།
སྐུ་གསུང་ཐུགས་ཀྱི་བརྒྱུད་ལ་གསོལ་བ་འདེབས།།
སྙིང་བོའི་བསྟན་པ་གནས་བརྟན་འོད་སྲུངས་གཏད།།
རི་བོ་བྱ་རྐང་འགོག་པ་སྙོམས་པར་བཞུགས།།
མ་འོངས་རྗེ་བཙུན་བྱམས་པ་མགོན་པོ་ལ།།
ཤཱཀྱ་ཐུབ་པའི་བསྟན་པ་འདིའོ་གཏོད།།
བོད་དུ་རྫོགས་ཆེན་གཞུང་ལ་མངའ་བརྙེས་ཤིང་།།
རིས་མེད་གྲུབ་མཐའ་འཛིན་པའི་སྐྱེ་བོ་ལ།།
རྒྱལ་བ་ཀློང་ཆེན་རྡོ་རྗེ་གླིང་བ་དང་།།
བློ་བཟང་ཆོས་རྒྱན་ལྔ་བ་ཆེན་མོ་བྱོན།།
རིས་མེད་རིང་ལུགས་སྐྱོང་ལ་ཆེས་དཔའ་བ།།
འཇམ་པའི་དབྱངས་དངོས་མཁྱེན་བརྩེ་དབང་བོ་དང་༎
ཀུན་ཁྱབ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་།།
མཆོག་གྱུར་གཏེར་ཆེན་གླིང་བ་ཕྱག་གི་ཡུལ།།
བོན་མིན་བན་མིན་གྲུབ་དབང་ཤར་རྫ་བ།།
བཀྲ་ཤིས་རྒྱལ་མཚན་དཔལ་ལ་དད་པའི་ཡུལ།།
གསར་མིན་རྙིང་མིན་ཏཱ་ལའི་བླ་མ་མཆོག།
རྒྱལ་དབང་ལྔ་བ་མི་ཕྱེད་སྙིང་ནས་འདུད།།
བསམ་ཡས་བདུད་འདུལ་སྔགས་པ་གླིང་།།
གསང་སྔགས་ལྷ་ཚོགས་ལྷ་ཁང་ཡོད།།
རྫོགས་ཆེན་གཞུང་དོན་སྤེལ་ཕྱིར་བཞེངས།།
རྦ་བཞེད་མཁན་པོས་གླེང་མ་མྱོང་།།
བོད་རྒྱལ་སིལ་བུར་འཐོར་བའི་དུས།།
དབའ་དང་འབྲོ་གཉིས་གྲལ་རིམ་ཕྱེས།།
དབའ་ཡིས་རྒྱ་གར་ཆོས་ལ་དད།།
འབྲོ་ཡིས་རྒྱ་ནག་ཧྭ་ཤང་གཅེས།།
(འབྲོོ་བཟའ་བྱང་ཆུབ་རྗེ་ཡང་རབ་ཏུ་བྱུང་)
རྒྱལ་བོ་གནམ་རི་སྲོང་བཙན་གྱིས།།
བོད་ཁམས་གཅིག་གྱུར་བྱེད་པའི་དུས།།
དབའ་ཡིས་བྱས་རྗེས་ཆེན་པོ་བཞག།
ཡེ་ཤེས་དབང་བོ་དབའ་ཚང་འཁྲུངས།།
རྒྱལ་བོ་ཁྲི་སྲོང་ལྡེ་བཙན་དུས།།
དབའ་ཡི་བློན་པོ་གསལ་སྣང་གིས།།
མཁན་ཆེན་ཞི་འཚོ་གདན་འདྲེན་དང་།།
རབ་ཏུ་བྱུང་ནས་ཡེ་ཤེས་དབང་།།
ཞི་འཚོ་མྱ་ངན་འདས་རྗེས་སུ།།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས།།
བཅོམ་ལྡན་འདས་ཀྱི་རིང་ལུགས་ལ།།
ཡེ་ཤེས་དབང་བོའི་གོ་མིང་གནངས།།
བོ་ངྷི་ས་ཏྭ་མཁན་ཆེན་ཞི་བ་འཚོས།།
བོད་དུ་རྣལ་འབྱོར་སྤྱོད་པའི་དབུ་མ་སྤེལ།།
གཞི་ནི་ཐམས་ཅད་ཡོད་སྨྲའི་སྡེ་བ་བཙུགས།།
བོད་དུ་སད་མི་མི་བདུན་རབ་ཏུ་བྱུང་།།
དེ་ཡི་ཐུགས་སྲས་ཀ་མ་ལ་ཤཱི་ལས།།
དབུ་མ་སྣང་བ་ཞེས་བྱའི་བསྟན་བཅོས་མཛད།།
ཆོས་ལུགས་ཁ་ཁྱེར་འགྲན་རྩོད་ཕྱོགས་རིས་ཀྱིས།།
བསམ་ཡས་སྒྲ་བསྒྱུར་གླིང་དུ་ལྐོག་གསོད་བྱས།།
ཡེ་ཤེས་དབང་བོས་ཆོས་ཀྱི་མདུན་ས་བཟུང་།།
ཞང་བློན་འདུན་ས་ལས་མཐོ་གོ་གནས་དགོས།།
རབ་བྱུང་འཚོ་རྟེན་རྐྱེན་རིས་དུད་ཁྱིམ་གསུམ།།
ཁྲི་གཙུག་ལྡེ་བཙན་བཞི་བསྣན་དུད་ཁྱིམ་བདུན།།
སློབ་དཔོན་ཆེན་པོ་བལ་བོའི་ཡུལ་དུ་སྤྱུགས།།
བཻ་རོ་ཙ་ན་ཚ་བ་རོང་དུ་ཕུད།།
རྒྱ་ནག་ཧྭ་ཤང་ཏུན་ཧོང་ཡུལ་དུ་བསྐྱལ།།
ཁྲི་སྲོང་ལྡེ་བཙན་ཟུང་ཀར་མཚམས་ལ་ཕེབས།།
འཛམ་གླིང་རྒྱལ་བོས་སུམ་གཉིས་དཀྱིལ་འཁོར་བཟུང་།།
ཁྲི་ཡི་དར་མས་མུ་མཐུད་ཤར་ཕྱོགས་བསྐྱེད།། རབ་བྱུང་དར་ནས་དམག་དོན་ཉམས་པ་ལ།།
སྔགས་པ་གནོད་མེད་གྲྭ་བཙུན་ཁྱིམ་དུ་ཕབས།།
ཆོས་ཀྱི་མདུན་ས་བསམ་ཡས་མཁན་པོས་བཟུང་།།
ཆོས་ལས་ལྷག་པའི་སྲིད་ལ་ཐེ་གཏོགས་ཐེབས།།
བསམ་ཡས་མཁན་པོ་སྐུ་ཐོག་དགུ་བ་ཡིས།།
ལྷ་སྲས་དར་མ་ཉག་ཕྲན་མདའ་ལ་དྲངས།།
མ་ཞང་ཁྲོན་པ་གསོན་པོ་དུར་དུ་སྦས།།
བོ་ངྷི་ས་ཏྭའི་ཞལ་ལ་རྟས་འཕྲ་བརྒྱབ།།
ཀཱ་མ་ཤི་ལས་མཁལ་མ་མཉེས་ནས་བཀྲོངས།།
སྙིང་བོ་སྙིང་བོའི་བསྟན་པ་དར་གྱུར་ཅིག།
Subscribe to:
Post Comments (Atom)
0 comments:
Post a Comment