དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 3 April 2014
  དུས་འཁོར་གྲོང་གི་གནའ་གཞས།

ཕྱོགས་བཅུར་བཞུགས་པའི་རྒྱལ་སྲས། །
དེ་རིང་དབྱིངས་ནས་དགོངས་མཛོད། །
དུང་དཀར་ལྷ་ཡི་ལུང་པ། །
བསོད་ནམས་ཅན་གྱི་གདན་ས། །
ས་ལ་ས་ཡི་ངོ་མཚར། །
རྟེན་འབྲེལ་དུང་དཀར་གཡས་འཁྱིལ། །
སྙན་གྲགས་ཕྱོགས་བཅུར་ཁྱབ་སོང་། །
རི་ལ་རི་ཡི་ངོ་མཚར། །
གནས་རི་གཡུ་འབྲུག་རི་བོ། །
གཡུ་རལ་ལྷ་ལ་མཆོད་སོང་། །
ཆུ་ལ་ཆུ་ཡི་ངོ་མཚར། །
མཚོ་སྨན་ནོར་བུ་དགའ་འཁྱིལ། །
གཡས་འཁྱིལ་གཡོན་ནས་འཁོར་སོང་། །
གསེར་གྱི་ངང་པ་སེར་པོ། །
སྐད་སྙན་ཕྱོགས་ནས་བསྒྲགས་སོང་། །
དབྱར་གྱི་དཔལ་མོ་ཚེས་སོང་། །
ཆུ་ཆེན་ཆུ་བོ་རྒྱས་སོང་། །
མཚོ་སྨན་ངོ་མཚར་ཆེ་སོང་། །
ཡུལ་སྡེ་ཕུན་སུམ་ཚོགས་སོང་། །
ཤིང་ལ་ཤིང་གི་ངོ་མཚར། །
ལྕག་ཡུ་གཙུག་པའི་ལྗོན་ཤིང་། །
གཡུ་ཤིང་ཤུག་པ་རྒྱས་སོང་། །
རྩ་གཞི་ཆབ་ཀྱིས་གང་སོང་། །
རྩེ་མོ་དགུང་དང་མཉམ་སོང་། །
ལྷ་བྱ་ཁུ་ཡུག་བབ་སོང་། །
གསུང་སྐད་ཕྱོགས་ནས་གྲགས་སོང་། །
འདྲེན་པའི་བླ་མ་དྲན་སོང་། །
བྲག་ལ་བྲག་གི་ངོ་མཚར། །
བྲག་དཀར་དཔའ་བོ་ལྟ་རྩེ། །
སྒྲུབ་ཕུག་དབུ་མ་རྫོང་དུ། །
འབྲི་གསུམ་རང་བྱོན་འཁྲུངས་སོང་། །
རྡོ་རྗེའི་གནས་སྒོ་བྱེ་སོང་། །
རྡོ་ལ་རྡོ་ཡི་ངོ་མཚར། །
ཐང་རྒྱལ་རྫུ་འཕྲུལ་ཆིབས་རྡོ། །
གཡང་གཟར་བྲག་ལམ་བཏད་སོང་། །
གྲུབ་ཐོབ་རྒྱུན་མི་ཆད་སོང་། །
ཕུ་ལ་ཇོ་བོ་བཞུགས་ཡོད། །
བདེ་མོ་སྐུ་ཆེན་བཞུགས་ཡོད། །
མདའ་ན་ལྷ་མོ་བཞུགས་ཡོད། །
རྡོ་རྗེ་གཡུ་སྒྲོན་བཞུགས་ཡོད། །
ལྷ་ཆེན་རྨ་རྒྱལ་སྦོམ་ར། །
ངེད་རིགས་ཡུལ་ལ་ཕེབས་སོང་། །
ནོར་གྱི་གཏེར་ཁ་ཕྱེ་སོང་། །
རྐང་བཞི་ཕྱུག་གིས་གང་བྱུང་། །
རྩི་ཤིང་ལོ་ཏོག་རྒྱས་སོང་། །
འབྲུ་ཡིས་བང་མཛོད་གང་སོང་། །
མི་ལ་དགའ་སྐྱིད་འཛོམས་སོང་། །
གླུ་གར་རྩེད་མོ་ཚོགས་ཀྱིས། །
རྒྱལ་བ་སྲས་བཅས་མཆོད་དོ། །
ཡུལ་ཕྱོགས་རྒྱལ་ཁམས་ཐམས་ཅད། །
ཚེ་འདིར་བདེ་ཞིང་སྐྱིད་པ། །
ཕྱི་མ་རྫོགས་པའི་སངས་རྒྱས། །
ཐོབ་པའི་སྨོན་ལམ་འདེབས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ