དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 3 April 2014
ལྒ་མཆོད་རྟེན་དཀར་པོའི་ངོ་སྤྲོད་མདོར་བསྡུས།
ལྒ་མཆོད་རྟེན་དཀར་པོ་ནི་མདོ་ཁམས་ལྒ་ཡུལ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་རྩ་ཆེན་གསུམ་ལས་ཐུགས་ཀྱི་རྟེན་ལ་ལྒ་ཡི་རང་བྱོན་མཆོད་རྟེན་དཀར་པོ་ཞེས་པ་དེ་ཡིན།
དེ་ཡང་ཚེ་ལོ་ཉི་ཁྲིའི་དུས། སྐལ་བཟང་རྣམ་འདྲེན་གསུམ་པ་སངས་རྒྱས་འོད་སྲུང་གིས་རབ་གནས་བྱིན་བརླབས་མཛད་པའི་ཤེལ་གྱི་མཆོད་རྟེན་ཞིག་ལྷ་དང་མི་མིན། དྲི་ཟ་བཅས་པའི་ཡུལ་རྣམས་སུ་ལོ་ལྔ་བརྒྱ་རེ་བཞུགས་མཐར་ཀླུ་ཡུལ་དུ་གདན་འདྲེན་ཞུས་ནས་འོག་གཞི་མཁའ་འགྲོའི་ཕོ་བྲང་དུ་བཞུགས་སུ་གསོལ།
ཚེ་ལོ་བརྒྱ་པའི་དུས། སྐལ་བཟང་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དར་རྗེས། གུ་རུ་པདྨ་འབྱུང་གནས་ཁམས་ལྒ་ཡུལ་དུ་ཕེབས་སྐབས་འོག་མ་ཀླུ་ཡིས་གུ་རུ་ལ་ཕུལ། གུ་རུ་རིན་པོ་ཆེས་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་དབུས་གཙང་ས་གནད་མེ་བཙའ་ལ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་ཚུལ་གྱིས། ཁམས་སྟོད་འབྲི་ཆུའི་སྟོད་རྒྱུད་སྔོན་རྒྱ་བཟའ་ཀོང་ཇོ་ཕེབས་ནས་རྗེས་དྲན་དུ་བཞེངས་པར་གྲགས་པའི་གནས་ཤུལ་གྲུ་གསུམ་ས་གནད་ཀྱི་མེ་བཙའ་ལ་མཆོད་རྟེན་བཞེངས་པ་དང་སྤྲུལ་བ་ཤེལ་གྱི་མཆོད་རྟེན་ནང་སྙིང་དུ་བཞུགས་པར་མཛད། དེ་ནས་བཟུང་ལྒ་མཆོད་རྟེན་དཀར་པོའམ་རང་བྱོན་ཤེལ་གྱི་མཆོད་རྟེན་ཞེས་ཡོངས་སུ་གྲགས་པར་གྱུར།
ལོ་རྒྱུས་སྟེང་། གེ་སར་སྤྲུལ་པ་ཇོ་ཚེ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། འབྲུག་མཁན་པོ་ངག་དབང་ཡོན་ཏན་རྒྱ་མཆོ། བླ་མ་པད་མ་བསམ་གཏན། ལབ་མདའ་བེ་ཅང་དབང་སྡུད་རྒྱལ་པོ། རྗེ་བླ་མ་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེ་སོགས་ཀྱིས་མཆོད་རྟེན་ལ་བསྐྱར་གསོ་རྒྱ་བསྐྱེད་རིམ་པར་མཛད་ཅིང་། མི་ལོ་ཆིག་སྟོང་ལྷག་གི་རིང་ལ་ཐུབ་བསྟན་སྡེ་དགོན་ནས་བདག་གིར་མཛད་ནས་སྲུང་སྐྱོབ་ཚད་མེད་མཛད་སྟོབས་ཀྱིས་ད་བར་ཉམས་མེད་དུ་འགྲོ་བའི་དོན་དུ་བཞུགས་པར་ལགས།
གནས་ལ་གྲགས་ཆེ་བ་ལྒ་མཆོད་རྟེན་དཀར་པོ་ཞེས། ཨུ་རྒྱན་མཁའ་འགྲོའི་གནས་དང་། མཆོག་གི་དུར་ཁྲོད་ཆེན་པོ་བརྒྱད་དང་དབྱེར་མེད་པས་མ་མཁའ་འགྲོ་འདུ་བའི་གནས་སམ་མཁའ་འགྲོ་འབུམ་གྱི་གཏེར་ཁ་ཞེས་ཡོངས་སུ་གྲགས་པ་ཡིན།
Subscribe to:
Post Comments (Atom)
0 comments:
Post a Comment