དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 3 April 2014
༄༅། །ལྒ་མཆོད་རྟེན་དཀར་པོའི་ལོ་རྒྱུས་དང་འབྲེལ་བའི་གསོལ་འདེབས་མཁའ་འགྲོ་དགྱེས་པའི་མཆོད་གླུ
                                 ན་མོ་གུ་རུ།
               དང་པོར་མ་འཁྲུལ་ཆོས་སྐུ་ཉག་གཅིག་ལས། །
བར་དུ་མ་རིག་འཁོར་འདས་གཉིས་སུ་སྣང་། །
དོན་ལ་མ་སྐྱེས་དག་དང་མ་དག་མེད། །
ཐམས་ཅད་བྱེད་པོའི་རིན་ཆེན་སེམས་ལ་འདུད། །
རྣམ་འདྲེན་གསུམ་པ་བདེ་གཤེགས་འོད་སྲུང་གི །
ཐུགས་ཀྱི་འོད་ལས་སྤྲུལ་བའི་མཆོད་རྟེན་སྤྲོས། །
ལྷ་སྲིན་སྡེ་བརྒྱད་རལ་བའི་གཙུག་ཏུ་མཆོད། །
ཐུགས་རྗེ་བསམ་མི་ཁྱབ་ལ་གསོལ་བ་འདེབས། །
འོག་གཞིར་སྣ་ཚོགས་བཀོད་པའི་་གཞལ་ཡས་ཁང་།
ཕོ་བྲང་གླིང་དགུའི་དབུས་སུ་ཀླུ་ཡིས་དྲངས། །
སྟེང་འོག་ཀུན་ནསརིགས་ལྔའི་མ་ཚོགས་བསྐོར། །
མཁའ་འགྲོ་འབུམ་གྱི་གཏེར་ལ་གསོལ་བ་འདེབས། །
མ་མོ་གཙོ་མོ་རྡོ་རྗེ་གཡུ་ཡི་སྒྲོན། །
ཉེར་བཞིའི་ཞིང་གི་མཁའ་འགྲོ་སྤྲིན་ལྟར་འདུས། །
སྒྲུབ་པོའི་བུ་ཡི་གང་བཅོལ་འཕྲིན་ལས་སྒྲུབ། །
དངོས་གྲུབ་ཀུན་གྱི་གཏེར་ལ་གསོལ་བ་འདེབས། །
སྨོན་ལམ་དབང་གིས་གུ་རུ་གནས་འདིར་བྱོན། །
ཐུགས་རྗེའི་དབང་གིས་མཁའ་འགྲོའི་གནས་སྒོའི་ཕྱེས། །
སྤྲུལ་པ་དུ་མས་ཐམས་ཅད་དོན་ལྡན་མཛད། །
གནས་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས། །
དཀྱིལ་འཁོར་དབུས་ལས་གུ་རུས་སྤྱན་དྲངས་པས། །
ཤེལ་གྱི་མཆོད་རྟེན་གཙུག་ཏོར་ས་སྟེང་འཁྲུངས། །
གུ་རུ་རྩ་གསུམ་རྒྱ་མཚོས་རབ་གནས་མཛད། །
མི་ཡུལ་འགྲོ་དོན་བྱོན་ལ་གསོལ་བ་འདེབས། །
ཉིན་མོ་མི་དང་མཚན་མོ་ལྷ་འདྲེས་བཞེངས། །
ནང་དུ་ཤེལ་གྱི་མཆོད་རྟེན་སྙིང་པོར་བཞུགས། །
ལྒ་ཡུལ་ནང་བསྟན་དར་བའི་འགོ་བོ་ཚུགས། །
ལྒ་ཡི་མཆོད་རྟེན་དཀར་པོར་གསོལ་བ་འདེབས། །
དེ་རྗེས་གེ་སར་སྤྲུལ་པ་ཇོ་ཚེ་དང་། །
འགྲོ་མགོན་འཕགས་པ་དཔལ་ལྡན་ཆོས་སྐྱོང་ཞབས། །
དབང་ཆེན་དགྱེས་རྡོར་ཆོས་དབྱིངས་རྡོ་རྗེ་སོགས། །
བྱིན་འབེབས་རབ་གནས་མཛད་ལ་གསོལ་བ་འདེབས། །
རྡོ་རྗེ་འཆང་དངོས་དཔལ་ལྡན་ཆོས་སྐྱོང་གིས། །
བུམ་གཏེར་སྦས་ཤིང་ཁྲོམ་དབང་མཛད་པའི་ཚེ། །
དགོན་དང་མཆོད་རྟེན་འཇའ་ཡིས་ཟུང་དུ་སྦྲེལ། །
མ་སྒྲིག་རྟེན་འབྲེལ་འགྲིགས་ལ་གསོལ་བ་འདེབས། །
གར་གྱི་དབང་ཕྱུག་དགྱེས་རབ་རྡོ་རྗེ་ལ། །
ཡི་དམ་རྟ་མགྲིན་དངོས་སུ་ཞལ་སྟོན་ཚེ། །
སྤྲུལ་བའི་མཆོད་རྟེན་མཁའ་འགྲོའི་གཏེར་ཁ་ཞེས། །
རང་བྱུང་གསང་མགུར་བཞེས་ལ་གསོལ་བ་འདེབས། །
གྲུབ་པའི་དབང་ཕྱུག་ཆོས་དབྱིངས་རྡོ་རྗེ་ཡིས། །
འདི་ནས་གསང་ཆེན་ཆོས་འཁོར་བསྐོརབའི་ཚེ། །
འཁོར་ཚོགས་རྒྱ་མཚོར་ཁམས་འདུས་བྱིན་རླབས་བབས། །
མ་བསྒོམ་རིག་པ་འཆར་ལ་གསོལ་བ་འདེབས། །
རྗེ་བཙུན་བླ་མ་ཆོས་དབྱིངས་རྡོ་རྗེ་དང་། །
གཏེར་ཆེན་འགྲོ་འདུལ་རྡོ་ཟན་གླིང་པ་ཡིས། །
རྟེན་ལ་རབ་གནས་མེ་ཏོག་འཐོར་བའི་ཚེ། །
ངོ་མཚར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །
ལྒ་ཡི་ཕྱོགས་སུ་རཏྣའི་མཚན་ཅན་འབྱུང་། །
མཆོད་རྟེན་དཀར་པོའི་ཕྱོགས་སུ་གསང་སྔགས་དར། །
ཞེས་པའི་དགོངས་ལུང་གུ་རུའི་གཏེར་ལས་བྱོན། །
ལུང་བསྟན་དོན་ཐོག་སྨིན་ལ་གསོལ་བ་འདེབས། །
འཛམ་བུའི་ཞིང་འདིར་རང་བྱུང་མཆོད་རྟེན་བརྒྱད། །
འཕགས་པའི་ཡུལ་དུ་ཆོས་དབྱིངས་རེག་པ་མེད། །
བོད་ཡུལ་ལྒ་ཡི་མཆོད་རྟེན་དཀར་པོར་གྲགས། །
རང་བྱོན་སྤྲུལ་བའི་རྟེན་ལ་གསོལ་བར་འདེབས། །
ཁྱེད་ལ་ཕྱག་མཆོད་བསྐོར་བ་སུས་བྱས་པ། །
གནས་སྐབས་ནད་གདོན་སྡིག་སྒྲིབ་ཞི་བ་དང་། །
མཐར་ཐུག་སེམས་ཉིད་ཆོས་སྐུ་རྟོགས་པར་གསུངས། །
མཐོང་གྲོལ་བྱིན་རླབས་ཅན་ལ་གསོལ་བར་འདེབས། །
ལྒ་སྟོད་གསེར་གཡང་འཁྱིལ་བའི་འབྲི་ཆུའི་རྒྱུད། །
མཆོད་འོས་རང་བྱོན་ཡེ་ཤེས་ཆོས་སྐུ་ཡི། །
རྟེན་མཆོག་གང་གི་མི་ནུབ་མཛད་ཕྲིན་གྱི། །
དཀར་པོའི་འོད་སྣང་ས་གསུམ་ཁྱབ་གྱུར་ཅིག །
དེ་སྐད་བླ་མའི་བཀའ་ཡི་གནང་བར་བརྟེན། །
སྤྲུལ་བའི་མཆོད་རྟེན་ལོ་རྒྱུས་དང་འབྲེལ་བའི། །
གསོལ་འདེབས་འདི་ཡི་དགེ་བའི་བྱིན་མཐུ་ཡིས། །
བདག་གཞན་འགྲོ་ཀུན་སངས་རྒྱས་ས་ཐོབ་ཤོག །

0 comments:

ཟིན་བྲིས་འཚོལ་ཡུལ