དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 23 April 2014
༄༅།།གངས་རིའི་སྲས་མོའི་གཉེན་སྟོན་བཙན་པོའི་རྗེས་དྲན་ཞེས་བྱ་བ།།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཀ་མ་ལ་སྐྱེས་པདྨ་རྒྱལ་པོ་དང་།།
ཁ་བ་ཅན་གྱི་སྲོང་བཙན་སྒམ་པོ་བཞིན།།
ག་དུས་ཡིན་ཀྱང་གངས་རིའི་བདག་མོ་ཁྱེད།།
ང་ཚོའི་མགོན་དུ་བཞུགས་པར་གློ་བ་དགའ།།
ཅང་ཤེས་རྟ་མཆོག་ལོ་བཟང་གནམ་དུ་ཤར།།
ཆ་རྐྱེན་ཀུན་བཟང་རྒྱལ་བའི་མཆོད་སྤྲིན་དང་།།
ཇ་ཆང་འདོད་ཡོན་ཅི་དགོས་ཚོགས་འཁོར་བཤམས།།
ཉ་གང་ཟླ་བའི་སྲས་མོས་གཉེན་སྟོན་རོལ།།
ཏ་ཐྰ་ག་ཏའི་གཙུག་ལག་ཁང་ཆེན་དུ།།
ཐ་སྙད་ཤེས་རིག་ཚན་རྩལ་མཁས་དབང་གིས།།
ད་ལྟའི་དུས་རབས་འཚམས་པའི་དགའ་སྟོན་བཅས།།
ན་ཆུང་གཞོན་ནུས་ཟློ་གར་བསྒྱུར་འདི་སྤྲོ།།
པན་ཆེན་བླ་མའི་སྲས་མོ་རིག་པ་འཛིན།།
ཕ་མེས་བརྒྱུད་པའི་སྲོལ་བཟུང་གར་དབང་མོས།།
བ་གམ་མཛེས་པའི་རྒྱལ་ས་པེ་ཅིན་དུ།།
མ་སྨད་བསོད་ནམས་གསར་བའི་གཉེན་སྟོན་ཚེས།།
ཙཀྲ་རྒྱལ་བའི་སྒྱུ་འཕྲུལ་ཉམས་དགའ་དང་།།
ཚ་གྲང་གང་འདོད་བཟའ་གཏུང་མཆོད་སྦྱིན་དང་།།
ཛ་ཡའི་བསྟན་འཛིན་དམ་པས་ཆོ་ག་བཅས།།
ཝ་ལེར་ཀུན་གསལ་འཛམ་གླིང་དཔལ་དུ་སྒྲོན།།
ཞྭ་སེར་བསྟན་པའི་དགེ་བཤེས་མཁན་སྤྲུལ་དང་།།
ཟ་འོག་སྣ་ཚོགས་གྱོན་པའི་རྒྱ་བོད་རིགས།།
འ་ཅག་སྐྱིད་པའི་རྟེན་འབྲེལ་བསྟོད་སྨོན་བཅས།།
ཡ་རབས་བྱམས་བརྩེས་རྒྱ་བོད་ལྷན་དུ་འཛོམས།།
ར་བ་གངས་རིས་མཛེས་པའི་ཡུལ་ལྗོངས་སུ།།
ལ་ལུང་དགའ་སྐྱིད་ཕྱུག་པའི་ཐུགས་སྨོན་དང་།།
ཤ་ཁྲག་མཛའ་བརྩེ་ཟབ་པའི་རྒྱ་བོད་བར།།
ས་སྐྱོང་སྲོང་བཙན་རྣམ་ཐར་སླར་ཡང་དྲན།།
ཧ་ཅང་རྟེན་འབྲེལ་བཟང་པོའི་ཉི་མ་ལ།།
ཨ་གར་དྲི་ཞིམ་སྨན་སྣས་བསང་གསོལ་ངང་།།
བསྟན་སྲིད་སྤྱི་ཕན་མཛད་པའི་དུས་སྟོན་ཉིད།།
བཟང་དགུའི་དཔལ་དུ་རོལ་བར་རྗེས་ཡི་རང་།།
མི་འགྱུར་སྐུ་སྲོག་རྡོ་རྗེའི་དཔལ་བཞིན་རྟག།
མི་འགགས་གསུང་དབྱངས་དམ་ཆོས་སྒྲ་རྒྱུན་བརྟན།།
མི་འཇིགས་ཐུགས་རྗེའི་རང་བཞིན་གཡང་དྲུང་འཁྱིལ།།
མི་དབང་ལྷ་ལྕམ་ཡབ་ཡུམ་ཞབས་བརྟན་སྨོན།།
ཞེས་པ་རབ་རྒྱན་ཤིང་རྟའི་དབོ་ཟླའི་ཚེས་བཟང་ལ་རྨི་ལམ་ཡ་མཚན་ཅན་འགའ་དང་པན་ཆེན་སྐུ་ཕྲེང་བཅུ་བའི་སྲས་མོ་རིག་འཛིན་དབང་མོའི་གཉེན་སྟོན་དུས་བཟང་གི་སྐབས་སུ་སྒྲོན་པའི་སྐུ་པར་མཇལ་བའི་མོད་ལ་གང་དྲན་དུ་ནུབ་ཕྱོགས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོ་འམ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གུས་སྨོན་བཅས་ཕུལ་བར་དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment