དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

པར་རིས།

Loading...

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday, 30 April 2012
པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ་བཞུགས་སོ། །

Saturday, 28 April 2012

༧རྒྱལ་བ་རིན་པོ་ཆེའི་གསོལ་འདེབས་སྙིང་གི་མེ་ཏོག །
ཨེ་མ་ཧོཿ
Friday, 27 April 2012
༄༅། །སེམས་ཀྱི་དཔྱོད་པ་རྣམ་པར་སྦྱོང་བ་སོ་སོར་བརྟག་པའི་དཔྱད་སྒོམ་འཁོར་ལོ་མ་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་མཛྙུ་ཤྲཱི་ཡེ།།སྲིད་ན་ཉེས་པ་གང་མཆིས་པ། །རང་སེམས་ཉོན་མོངས་མཐུ་ཡིས་བྱས། །ཚུལ་མིན་ཡིད་བྱེད་ཉོན་མོངས་རྒྱུ། །དེ་ཡང་ཚུལ་བཞིན་ཡིད་བྱེད་ཡིན། །


Thursday, 26 April 2012
འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས།
ཚོགས་བསགས་པ།| ཀུ་སཱ་ལིའི་ཚོགས། |བླ་མའི་རྣལ་འབྱོར།|ཚོགས་ཞིང་གསལ་གདབ་པ། |
ཡན་ལག་བདུན་པ་འབུལ་བ་ནི།|ཕུར་ཚུགས་སུ་གསོལ་བ་འདེབས།|འཕོ་བ།|ཐིམ་རིམ།


རྫོགས་ཆེན་སྐུ་ཕྲེང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ།
རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།

རྫོགས་ཆེན་རིན་ཆེན་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ།

རྫོགས་ཆེན་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན།


ཐེག་དགུའི་རྣམ་བཞག་མདོར་བསྡུས།

བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་ཚུལ།
དབྱངས་གསལ་སོ་བཞིའི་རིགས་འཕྲུལ་རྨད་པོ་ཆེ།།
ཇི་སྙེད་ཤེས་བྱའི་རྣམ་གྲངས་མ་ལུས་པ།།
བདེ་བླག་སྟོན་པའི་ཤིང་རྟ་སམ་བྷོ་ཊའི།།
འཁོར་མེད་བཀའ་དྲིན་དྲན་བཞིན་སྙིང་ནས་འདུད།།


དཔལ་ལྡན་རྡོ་རྗེ་སེམས་དཔའ་སྒྲུབ་ཐབས།
Tuesday, 24 April 2012

འབུམ་པ་རྒྱ་ཚ་ཞལ་དཀར་དྲན་སྣང་ཀ་པ་ལའི་དབང་རྩ་དཀར་པོ། །

ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །

༄༅། །ཁྲ་གནས་ཀྱི་བསང་མཆོད་འདོད་དགུ་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །

ཨོཾ། །
ཆོས་དབྱིངས་དག་པའི་རང་བཞིན་ལས། །དབང་རི་གནམ་རྫོང་ཕོ་བྲང་དུ། ། གླིང་དཀར་ལྷ་ཡི་དཔའ་བོ་ཆེ། །སྤྱི་དཔོན་རྒྱལ་པོ་འཁོར་བཅས་གསལ། །

Monday, 23 April 2012
རྨ་ཆེན་སྤོམ་རའི་གསོལ་མཆོད་ཕྲིན་ལས་ཐོགས་མེད། །

ཧྰུྃ་ཧྲྰིཿ
ཀ་དག་ཆོས་དབྱིངས་འོ་མའི་རྒྱ་མཚོ་ལས། །
ཁ་སྦྱོར་བདུན་ལྡན་ཁ་བའི་བསྟན་སྐྱོང་རྗེ། །
ག་བུར་མདངས་འཛིན་མི་བསྐྱོད་སྤྲུལ་པའི་སྐུ། །
ང་ཡི་ཆོས་སྲུང་ཨ་མྱེ་རྨ་ཆེན་མཆོད། །


ཆོས་སྐྱོང་བསྟོད་གསོལ་འདེབས་པ་ནི།

Sunday, 22 April 2012

ཐང་ཁ་དང་འབྲེལ་བའི་ལྷ་ཆོག

Saturday, 21 April 2012
གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ། 
ཆོས་སྤྱོད་ཀྱི་འགྲོ་ལུགས།
ལྷ་སྤྲུལ་སྐུ་ཕྲེང་དང་པོ།


དཔལ་ཡུལ་དར་ཐང་གི་གདན་རབས་རིམ་བྱོན། །

༼གདན་རབས་དང་པོ། ༽
Friday, 20 April 2012
ཨེ་མ་ཧོཿརེ་གཅིག་པ།
༄། །དཔལ་དགྱེས་པ་རྡོ་རྗེའི་བརྟན་གསོལ་མ་བཅོས་ལྷུག་པའི་གླུ་ཆུང་། །
ཀཿཐོག་རིག་འཛིན་ཆེན་པོ། རིག་ཀློང་།



ན་མོ་གུ་ར་ཝེ། 
མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་བརྩམས་ཆོས།།
Image




 ༄༅། །སྒྲོལ་མའི་འགྲེལ་བ་རྩོམ་པའི་དགོས་པ།
    བསྟན་བཅོས་དང་ནི་ཐམས་ཅད་དང་།  །ལས་སུ་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པར། །དེ་སྲིད་དུ་ནི་སུ་ཞིག་ འཛིན་ཞེས་པཎྡི་ཏ་ཟླ་བ་མངོན་པར་དགའ་བའི་གསུང་ལྟར་ཅི་ཕྱིར་ལས་འདི་རྩོམ་པའི་ དགོས་པ་བསྟན་ན།
       གངས་ལྗོངས་ཁ་བ་རི་བའི་བདག་པོ་སྟེ་བོད་མི་རིགས་ནི་མདོ་དབུས་མཐོ་སྒང་ དུ་འཚོ་གཞེས་བྱས་ནས་ལོ་ངོ་སྟོང་ཕྲག་མང་པོ་ཕྱིན་ཡོད་པའི་ལོ་རྒྱུས་ཀྱིས་ཕྱུག་ པའི་མི་རིགས་ཤིག་ཡིན། འདས་སོང་གི་ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བོད་མི་རིགས་ཀྱི་སྔོན་བྱོན་ མེས་པོ་ཚོས་མཚར་སྡུག་འོད་སྟོང་འབར་བའི་ཐུན་མིན་རིག་གནས་བསྐྲུན་ཡོད་ལ། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསམ་བློ་ནི་ལོ་ཟླའི་འཕེལ་རིམ་དང་བསྟུན་ནས་བོད་ མི་ཡོངས་ཀྱི་དད་མོས་བྱ་ཡུལ་ལམ་ཡང་ན་ཐུན་མོང་གི་སེམས་ཁམས་རུ་གྱུར་ནས་སེར་ སྐྱ་གཉིས་ཀྱི་རིག་གནས་འཚོ་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་ གྲུབ་ཡོད།
    ནང་བསྟན་སངས་རྒྱས་ཀྱི་དགོངས་པ་ལ་དད་སྣང་དང་དག་སྣང་ནམ་ཡང་བོར་མ་མྱོང་བའི་ བོད་མི་དམངས་ལ་མཚོན་ན་སྤྱིར་སྐྱབས་འགྲོ་སྒྲོལ་མ་གདུགས་དཀར་ལ་སོགས་པ་མི་ཤེས་ པའམ་ཁ་བཏོན་དུ་སྐྱོར་མི་ཐུབ་པ་ཕལ་ཆེར་མེད་མོད། འོན་ཀྱང་དེང་དུས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འཕོ་འགྱུར་བྱུང་བ་དང་སློབ་ སྦྱོང་དང་བྱ་བའི་དགོས་མཁོ་ལ་སོགས་པའི་དབང་གིས་བོད་གཞིས་བྱེས་གཉིས་ཀྱི་ནང་ དུ་སྲོལ་རྒྱུན་གྱི་རིག་གནས་རྒྱུན་སྐྱོང་དང་ཆོས་ལུགས་དད་མོས་ཀྱི་ལས་དོན་ལ་ སོ་སོའི་བློ་རིག་དམ་ལྷོད་ཅི་རིགས་འབྱུང་བའི་གནས་ཡང་འཚལ་པས། ཕྲན་གྱིས་ད་རེས་དད་ལྡན་སྐྱེ་བོ་ཕོ་མོ་ཀུན་ལ་ཕན་པར་སྨིན་འདོད་ཀྱི་ཀུན་སློང་ སྙིང་ལ་འཆིངས་ནས་ཁ་གསལ་བཏོད་ཅི་ཐུབ་ཀྱིས་སྒོ་ནས་ཕྱི་ཚིག་དོན་དང་། ནང་རང་སེམས་དང་། གསང་བ་གསང་སྔགས་དང་། ཡང་གསང་བླ་ན་མེད་པའི་སེམས་ཀྱི་ཆོས་ཉིད་དང་མཐུན་པར་སྦྱར་ནས་སྒྲོལ་མའི་འགྲེལ་ བ་འདི་བརྩམས་པ་ཡིན། ལར་ཁ་དཔེར་ཡང་རྒྱུ་མཚན་ཅི་ཡང་མ་ཤེས་པའི་འདོན་པ་ལ་ཤིང་ཁ་ཤོག་ལྕེ་ནེ་ཙོའི་ འདོན་པ་ཟེར་བ་ལྟར་དུ་ཚིག་དོན་ལ་བསམ་བློ་མ་བཏང་ན་འབྲས་བུ་དེ་ཙམ་མི་འབྱུང་བས། རྒྱུན་དུ་ཁ་ཏོན་གྱི་ཞོར་ནས་ཆོས་ཀྱི་གནས་ལུགས་ལ་ཞིབ་པར་སོམས་པ་ཤིན་ཏུ་གལ་ཆེ།
    དེ་ལྟར་སྒྲོལ་མའི་བསྟོད་པ་རྣམ་འགྲེལ་འདིའི་བརྗོད་དོན་གྱི་ཆེ་བའི་ཚིག་ཚོགས་བསྐྱུངས་ཏེ་གནད་བསྡུས་པར་དྲིལ་ན་དོན་ཚན་བདུན་ཡོད་དེ།
    ༡ དང་པོ་ནི་གཞི་དབང་པོ་ཡང་རབ་པ་ཀུན་ཡིན་ན་འཕགས་མ་རྗེ་བཙུན་སྒྲོལ་མ

དཔེ་ཆ་འདི་ད་ལྟ་ཡང་སྐྱར་ཚོང་རྭར་བཀྲམ་བཞིན་ཡོད། བླུ་མཁན་དག་གི་་ཐད་ཀར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ངམ་ཡང་ན་ངེད་དྲ་ཚིགས་ལ་འབྲེལ་གཏུགས་བྱས་ནས་མངགས་ཉོ་བྱས་ཀྱང་འཐུས།
༄༅། །ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་བཞུགས།


༄༅། །ཨོཾ་སྭ་སྟི་སིདྡྷཾ། འགྲོ་བའི་གཉེན་གཅིག་ཐམས་ཅད་མཁྱེན་པ་དང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་གསོལ་བཏབ་སྟེ། །ཡི་གེའི་བཀླག་ཐབས་ཅུང་ཟད་བརྗོད་པར་བྱ། །ཚངས་པ་ཡིས་ཀྱང་རྟག་ཏུ་སྐྱོང་གྱུར་ཅིག
Thursday, 19 April 2012

ཨེ་མ་ཧོཿདོན་གསུམ་པ།
ཆོས་རྗེ་མཁན་ཆེན་བླ་མ་མཆོག་གི་ཞབས་བརྟན་རིག་འཛིན་བྱང་ཆུབ་སེམས་དཔའི་བདེན་ཚིག་ཅེས་བྱ་བ།

༧སྐྱབས་རྗེ་དམ་པ་འཇིགས་མེད་བློ་གྲོས་རྒྱལ་མཚན་རིན་པོ་ཆེ། ཨ་རི
ཨོཾ་སྭ་སྟི།
ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་ཆོས།།
རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་སོགས།།
སྐུ་གསུམ་རིག་འཛིན་རྒྱ་མཚོའི་བྱིན་མཐུ་ཡིས།།
ཆོས་རྗེ་བླ་མའི་ཞབས་པད་བརྟན་གྱུར་ཅིག།

Wednesday, 18 April 2012
ཐ་སྙད་གསར་པའི་སྐོར། ༢

ཐ་སྙད་གསར་པའི་སྐོར། ༡

Monday, 16 April 2012
ཐང་ཁ།
ཨེ་མ་ཧོ། །

Sunday, 15 April 2012
ཀེ་གླིང་གཡུལ་འགྱེད་ཀྱི་ཚན་པ་གཉིས་པ།

ཀེ་གླིང་གཡུལ་འགྱེད་ཀྱི་འཕྲོ།
དཔལ་ཨོ་རྒྱན་ནམ་མཁའ་གླིང་བས་ཕབ།
རྒྱུ་ཆ་འདོད་སྤྲོད་གནང་མཁན་སྙན་ལུང་སྤྲུལ་སྐུ་མཚོ་བྱུང་བཞད་པ་ལགས་ཡིན།
དེ་ནས་ཨ་ཁྱུང་ཀེ་རུའི་རྒྱལ་ཁབ་ལ་བསྟུད་མར་ཕམ་ཉེས་བྱུང་བས་བདུད་བློན་ཕོ་མོ་རྣམས་ཀྱིས་ཤ་ལན་ལེན་དགོས་ཚུལ་ལ་གྲོས་མོལ་མང་དུ་བྱས་མཐརཿ ལྷོ་བདུད་ཨ་རུང་མེ་འབར་དཔའ་བོ་དེཿ རྟ་རླུང་ནག་མགྱོགས་ལྡན་ལ་ཞོན་ཞིང་འཕྲུལ་གྱི་འཁོར་གསུམ་ལུས་ལ་བསྐོརཿ བཙན་གྱི་ཞགས་པ་ལག་ཏུ་ཐོགས་ཏེ་གླིང་སྒར་གྱི་མཐའ་རུ་མཆོངས་རྒྱུགས་ཀྱི་ངང་ནས་མདུན་ཐད་དུ་སླེབས་ཚེཿ གླིང་སྒར་ནས་འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་དེས་འདོ་བ་གནམ་ཡག་སྔོན་མོ་ལ་སྒ་འཇོག་དང་སྟན་འཇོག་དུས་གཅིག་གློ་ལེན་དང་གོང་ཐག་མཉམ་རྒྱུས་བྱས་ཤིང་འཁོར་གསུམ་ལུས་ལ་རྫོགས་བཞིན་དུ་གདོང་ཐུག་ཚེ་བདུད་ཨ་རུང་མེ་འབར་དེས་དཔུང་པ་འཕུར་བཞིན་དུ་གླུ་འདི་བླངས་སོཿཨེ་ཨ་ཏྲཾ་ར་ཡ་ཏ་ཀེ་ཧོཿ བདུད་སྟོབས་ལྡན་མ་ཡི་ཚོགས་ལ་འདུདཿ དེ་རིང་དཔའ་བོའི་གྲོགས་ལ་བྱོནཿ ས་འདི་ནི་ཨ་འཛོམས་དགའ་འཁྱིལ་ཐངཿ ང་འདྲ་ང་ངོ་མ་ཤེས་ནཿ ང་རྒོད་པོ་ཨ་རུང་མེ་འབར་ཡིནཿ ཁོ་རེ་ཚུར་ཆས་ཝ་མོའི་ཁྱུཿ ཇག་པ་ཡིན་ན་མང་ལེ་འདྲཿ དམག་དཔུང་ཡིན་ན་ཉུང་ལུགས་ལཿ ས་གང་གི་ཕྱོགས་ནས་འོང་ལེ་ཡིནཿ ངེད་ཀེ་རུ་སྲིན་པོའི་ཡུལ་གླིང་འདིརཿ ཕོ་སུ་རྒོད་དཔུང་བ་ངོམས་ས་མེདཿ རྟ་སུ་མགྱོགས་བང་ཁ་ཚད་ས་མེདཿ རིན་ཆེན་སྲོག་ལ་མི་ཕངས་ལེཿ ལི་ལི་མེ་ལ་ཡང་གཅར་དེཿ གྲ་ཡག་འཚིག་པའི་སྔ་ལྟས་རེདཿ གླ་རྔ་ཤིང་ལ་ཡང་དྲུད་དེཿ སྲོག་དམར་ཆད་པའི་སྔ་ལྟས་རེདཿ གཡས་སྟག་དོང་མདའ་མོ་འཕེན་རྒྱུ་མིནཿ མདུང་སྐྱ་རེངས་འཕྲུལ་འཁོར་བྱེད་དོན་མེདཿ བུ་དཔའ་བོའི་གོ་མཚོན་རང་གྲུབ་ཡིནཿ ཤ་ཤེད་ཅན་དཔའ་བོའི་ཁུ་ཚུར་གྱིསཿ བརྒྱབ་ན་དོན་ལྔ་སྣོད་དྲུག་གཏོརཿ དེ་དགའ་བ་ཨེ་ཤེས་སྔོན་པོ་སྐྱཿ གླུ་གོ་ན་རྣ་བའི་བཅུད་ལ་དྲོངསཿ མ་གོ་གླུ་ལ་འགྲེལ་བ་མེདཿ
ཅེས་བླངས་ནས་དཔུང་བ་འཕུར་ཚེ་ལུས་ནས་དུག་ཟེར་འཕྲོསཿ ས་གཞི་ཡོམ་ཡོམ་བྱེད་སྐབས་འཇང་གཡུ་ལྷ་དཔའ་བོ་དེས་གཏུམ་རྔམ་ཁྲོས་པའི་ང་རོས་གླུ་འདི་བླངས་སོཿགླུ་ཨ་ལ་བཛྲ་པཱ་ཎི་ཧཱུྃཿ མ་ཐ་ལ་དོན་གཉིས་དངོས་གྲུབ་སྩོལཿ ས་འདི་ནི་ཨ་འཛོམ་གསེར་གྱི་ཐངཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ འཇང་ཡུལ་མཚར་ར་ཐང་ཆེན་ནསཿ འཇང་ཆུ་སྔོན་མོའི་གཡས་ཟུར་ནསཿ ཡང་ཐོག་གཟིམ་ཁྲིའི་ནང་བཅུད་དེཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་ཡིནཿ ལྷ་གོང་མས་མངགས་པའི་ཕོ་ཉ་ཡིནཿ ང་གཡུ་ལྷ་བུ་དང་ཐོག་དམར་ལཿ བྲག་རྡོ་རྗེ་ཡིན་ཡང་བརྟན་ལེ་མིནཿ གྲི་གུ་ཟི་དང་ནི་གཤིན་རྗེའི་ཁྲམཿ བཏབ་ན་ཐར་མེད་ཀུན་གྱིས་ཤེསཿ ཁྱུང་ཆེན་རྩལ་དང་གནམ་ཡག་བངཿ མགྱོགས་བུལ་མེད་པ་ཀུན་ལ་གྲགསཿ དེ་ནས་ཁོ་རེ་བདུད་ཀྱི་བུཿ ཁྱོད་ཡིན་གྱི་བུ་ཞིག་ཡིན་ངེས་པསཿ དགྲའི་རྩ་བ་ཕུང་རྒན་ཁྱོད་མིན་སུཿ ཁྱོད་ཤེད་ཅན་ཨེ་ཡིན་ལ་མོ་བལྟཿ དཔའ་རྩལ་ཨེ་འདུག་ལ་མོ་ཤེསཿ ཝ་མོ་སྟག་ལ་བརྫུས་ལེའི་བུཿ རྒྱང་བལྟས་ན་གངས་སེང་གཡུ་རལ་ཅནཿ འགྲམ་བཅར་ན་གདའ་ལི་རྔ་གོར་ཅནཿ རྒྱང་བལྟས་ན་དམར་ཡག་སྤུ་རིས་ཅནཿ འགྲམ་བཅར་ན་ཝ་མོ་རྔ་རྒྱང་ཅནཿ གྲི་གུ་ཟིའི་སོ་གདན་མ་མཆིས་དོཿ མདའ་ཉག་ཕྲན་གཏད་ཡ་མི་ལོ་དུཿ ངས་མཛུབ་མོའི་བར་ནས་རྡུལ་དུ་བརླགཿ ཤི་ཕྱི་མའི་ཡུལ་ལ་ཨེ་སྐྲག་གོཿ སྐྲགས་ན་མགོ་འབུལ་ལུས་འབུལ་གྱིསཿ མཐའི་མུ་སྟེགས་ལྟ་བ་རྒྱབ་ཏུ་དོརཿ སྐྱབས་མི་བསླུ་དཀོན་མཆོག་གཙུག་ཏུ་ཁུརཿ བློ་སེམས་ལེགས་ན་ཆོས་ཀྱིས་འདུལཿ མི་ངས་ཀྱང་མངོན་སྤྱོད་ལས་མི་རྩོམཿ དེ་མ་ཡིན་ཚེ་སྲོག་མར་མེ་འདིཿ ངས་ཡེ་ཤེས་རླུང་གིས་བསྣུབ་རན་ཡིན་ཿ ཕ་ཀིའི་གནམ་ལྕགས་རི་བོ་འདིཿ ངས་མཛུབ་མོས་བསྐོར་ན་ཨེ་འདྲ་རེདཿ ཐད་གའི་བྲག་དམར་རྩེ་མཐོ་འདིཿ ལག་ཐལ་མོ་བརྡབ་ན་ཨེ་འདྲ་རེདཿ ཁྱོད་གསོད་པའི་ལས་ཀྱི་སླ་ཞིག་མེདཿ དེ་གོ་ན་བདུད་ཕྲུག་སེམས་ལ་ཞོགཿ མ་གོ་བསྒྲལ་འདྲེན་དུས་གཅིག་བྱེདཿ ཅེས་ཟེར་བ་དང་མཉམ་དུ་བདུད་ཨ་རུང་དེ་ཞེ་སྡང་མེ་ལྟར་འབར་བཞིན་དུ་གཡུ་ལྷའི་སྟེང་དུ་རྒྱུགས་ཡོང་ཚེ་གཡུ་ལྷས་ཕྱག་གཡས་པས་བདུད་རྒན་གྱི་སྐེ་ནས་བཟུང་ཞིང་ནམ་མཁར་ཕྱར་ཏེ་\་འདི་ལྟར་བླངས་སོཿཨོཾ་བདེ་བ་མཆོག་སྦྱིན་ཧེ་རུ་ཀཿ ལྷ་དབང་ཆེན་པད་མ་རྒྱལ་བོ་མཁྱེནཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས་ཿབརྒྱུད་གསུམ་བླ་མ་ཐུགས་རྗེ་ཅནཿ མི་ལས་ངན་མ་རིག་སྡིག་ཅན་འདིཿ གནས་བདེ་ཆེན་ཐར་བའི་ལམ་དུ་དྲོངསཿ ལས་སྨོན་ལོག་མ་རུངས་དགྲ་བོ་འདིའིཿ སེམས་རྣམ་ཤེས་འོད་གསལ་ཞིང་ལ་དྲོངསཿ འཁྲུལ་བའི་སྐྱེ་རྒྱུན་ད་ལྟ་གཅོདཿ དབྱིངས་བདེ་བ་ཆེན་པོའི་ངང་དུ་ཨཱཿ ཞེས་བརྗོད་ཅིང་ལན་གསུམ་ཀླད་ལ་བསྐོར་ནས་བྲག་ལ་བརྒྱབཿ ལན་གསུམ་རི་ལ་བརྒྱབ་ནས་བདུད་ཕོའི་ལུས་སེམས་བསྒྲལ་འདྲེན་དུས་གཅིག་ཏུ་བྱས་ཤིང་ཕྱིར་གླིང་སྒར་དུ་ཕེབསཿ སེང་ཆེན་སོགས་གླིང་རྒྱལ་བློན་རྣམས་ཀྱིས་གཏང་རག་ཕུལ་ཞིང་དགའ་བའི་སྟོན་མོ་ཕུན་སུམ་ཚོགས་པ་བྱས་སོཿ དེ་ནས་བྱ་བ་མི་ལེགས་པ་དེ་བྱང་སྤྲིན་ནག་ལྕགས་རྒོད་བཙན་པོས་མཐོང་དུས་ད་ཐེངས་རྟིང་མ་ཞིག་མ་ལོན་ན་ཁ་རང་ཡུལ་དུ་མི་འཁོར་ཐག་ཆོད་ཡིན་སྙམ་ནསཿ སྟག་རི་ལོག་ཙམ་ལ་བཞོན་ནས་གླིང་སྒར་དུ་རྒྱུགས་ཡོང་ཚེཿ གླིང་འདན་སྲལ་གཡུ་འོད་འབུམ་མེ་དེས་ཅང་ཤེས་གཡུ་བྱ་དྲེལ་རྔོག་ལ་སྒ་འཇོག་དང་སྟན་འཇོག་གློ་ལེན་དང་གོང་ཐག་དུས་གཅིག་བྱས་ཏེཿ འཁོར་སུམ་ལུས་ལ་ཚང་བ་ཞིག་བྱས་ནས་གདོང་གཏུག་སྐབསཿ སྤྲིན་ནག་ལྕགས་རྒོད་བཙན་པོ་དེས་ཞེ་སྡང་མེ་ལྟར་འབར་བཞིན་དུ་དཔའ་ངར་གྱི་གླུ་འདི་བླངས་སོཿ གནས་ནམ་མཁའ་ཡངས་པའི་གུར་ཁང་ནསཿ བདུད་དགའ་རབ་སྲུང་མའི་སྡེ་ཚོགས་མཁྱེནཿ ས་འདི་ནི་ཨ་འཛོམས་གཞི་དཀྱིལ་རེདཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ ང་སྤྲིན་ནག་ལྕགས་རྒོད་བཙན་པོ་ཡིནཿ མི་སྟོང་བསད་ཤན་པ་ལག་དམར་ཡིནཿ ཁྲི་གསོད་སྡིག་ཅན་ཐར་མེད་ཡིནཿ ཁྱོད་ཞེ་རྩ་དེ་ཡི་བྲེལ་ལུགས་ལཿ དཔའ་མེད་བུ་ལ་ནོར་ཡ་མེདཿ རྐང་པས་ཡོབ་བརྡུང་ཁྲ་ལ་ལཿ ཝ་བྲོས་བྱེད་ལ་ནོར་ཡ་མེདཿ རྟ་སྔོན་འདུར་རྒྱུགས་ལྷབས་སེ་ལྷབཿ འགྲོས་མེད་རྟ་ལ་ནོར་ཡ་མེདཿ ལས་རླུང་དྲག་པོས་དེད་པའི་བུཿ ལྕགས་རྒོད་གདོང་ལ་ཐུག་ལུགས་ལཿ ངས་མདའ་གཅིག་མི་འཕེན་ཐོག་གཅིག་འཕེནཿ ཐོག་དམར་པོས་ཡུལ་མེད་བཟོ་ངེས་བྱེདཿ གླུ་གོ་ན་རྣ་བའི་བཅུད་དུ་དྲོངསཿ མ་གོ་གླུ་ལ་འགྲེལ་བ་མེདཿ ཅེས་ཟེར་ནས་མདའ་གཞུ་སྟེང་དུ་སྤྲདཿ འདན་སྲས་གཡུ་འོད་འབུམ་མེ་དེས་མདའ་ཉག་ཕྲན་གཞུ་ལྟེབ་ཏུ་བཞག་ནས་མི་འགྱུར་འཕར་ལྡིང་དང་བྲལ་བའི་གླུ་འདི་བླངས་སོཿགླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ གནས་རྒྱ་ནག་རི་བོ་རྩེ་ལྔ་ནསཿ ལྷ་འཇམ་དཔལ་གཞོན་ནུ་ཐུགས་རྗེ་ཅནཿ དུས་དེ་རིང་ང་ཡི་གྲོགས་ལ་བྱོནཿ ས་འདི་ནི་ཨ་འཛོམས་གཞི་དཀྱིལ་ཐངཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ འདན་ཁ་ར་ཆུ་ར་བསེ་ར་གསུམཿ དམག་ཁྲི་སྐོར་བརྒྱད་ཀྱི་ས་ཆ་ལཿ འདན་ཆུ་རིའི་ལྷ་ཁང་རིང་མོ་ནསཿ འདན་མ་ཟ་ཧོར་རྒྱལ་རྒྱུད་ཡིནཿ ཁྲི་གཅེས་འདན་མའི་སྲས་པོ་ལཿ ང་འདན་སྲས་གཡུ་འོད་འབུམ་མེ་ཡིནཿ དགྲ་མ་ཐུབ་སྟེང་གི་ཤི་བདུད་ཡིནཿ གཉེན་ཁྲ་མོའི་སྟེང་གི་རྒྱ་དར་ཡིནཿ གཡུ་འཕྲུ་དམག་གི་མགོ་འཛིན་ཡིནཿ གླིང་ཕྱི་དར་ལྷ་སྲས་དགྲ་ལྷ་ལཿ བློན་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དངཿ ང་འདན་སྲས་གཡུ་འོད་འབུམ་མེ་གཉིསཿ བློན་གཡུ་འདན་སྟག་མོ་ཁ་སྤྲོད་ཟེརཿ དེ་ནས་ཉོན་དང་བདུད་ཕྲུག་སྐྱཿ མི་ཕོ་ཁེར་འགྲོས་ཤ་རེ་ཚཿ རྟ་ཕོ་ཁེར་རྒྱུགས་ཡིད་རེ་མུགཿ ཁྱི་རྒན་ཁེར་འགྲོས་རྡོ་དང་ཐུགཿ ཟེར་ཡང་ཟེར་ལ་འདེན་ཡང་བདེནཿ ངའི་ཉག་ཕྲན་མདའ་ཡི་འཕྲུལ་འཁོར་འདིསཿ བདུད་སྨོན་ལོག་དགྲ་བོའི་སྲོག་རྩ་ཆོདཿ མདའ་འཕེན་འཕེན་མ་རིག་ཁྱོད་ལ་འཕེནཿ དོན་རྟོགས་རྟོགས་གནས་ལུགས་རང་ངོ་ཤེསཿ བདུད་ནག་པོ་རྡུལ་དུ་བརླག་གྱུར་ཅིགཿ གླུ་གོ་ན་རྣ་བའི་བཅུད་དུ་དྲོངསཿ མ་གོ་གླུ་ལ་འགྲེལ་བ་མེདཿ ཅེས་བརྗོད་མཐར་མདའ་མཉམ་འཕེན་བྱས་ཀྱང་འདན་སྲས་ལ་སྲུང་བའི་སྟོབས་བཙན་པས་ཉམས་ཉེས་མ་བྱུངཿ བདུད་ཕོའི་དོན་སྣོད་ཚལ་བར་གཏུབཿ རྣམ་ཤེས་དཔལ་རིར་བཀོདཿ ཕུང་པོ་བདུད་རྩི་རུ་བསྒྱུར་ནས་ལྷ་ལ་བསྟབས་ཤིང་གླིང་སྒར་དུ་ཕྱིར་ཕེབས་ཚེ་སྔར་བཞིན་དུ་གཏང་རག་དང་གཟེངས་བསྟོད་ཕུན་སུམ་ཚོགས་པ་བྱས་སོཿ དེ་ནས་བྱང་མུན་ནག་ཕག་གདོང་གཟི་འབར་མ་དེ་མུན་ནག་འཐིབས་པའི་ཀློང་དཀྱིལ་ནས་རླུང་ནག་འཚུབ་མར་ཞོན་ཞིང་རལ་བའི་གསེབ་ནས་ཁྲོ་ཆུའི་སེར་བ་འབབ་བཞིན་གླིང་སྒར་གྱི་འགྲམ་དུ་སླེབས་ཚེཿ ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེས་དུང་གི་འཁོར་གསུམ་ལུས་ལ་རྫོགསཿ དུང་རྟ་རྒྱ་བྱ་ཁྲ་བོར་ཞོན་ནས་ཁོང་གཉིས་གདོང་གཏུག་སྐབསཿ སྲས་དགྲ་ལྷས་དཔའ་ངར་གྱི་སྒོ་ནས་གླུ་འདི་ལྟར་བླངས་སོཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ མཁའ་དབྱིངས་སྟོང་པའི་འཇའ་གུར་ནསཿ ཆུ་འཛིན་སྤྲིན་ཕུང་འཐུག་པོ་ནསཿ དཔའ་སེང་དུང་གྲགས་མཐུ་ཆེན་དངཿ གཉན་སྟག་དགྲ་བླའི་ལྷ་ཚོགས་མཁྱེནཿ ས་འདི་ནི་ཨ་འཛོམས་དགའ་འཁྱིལ་ཐངཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ རྫོང་བཙན་པོ་སེང་ཕྲུག་ཁྲ་མོ་ནསཿ བུ་རྩེ་རྒྱལ་དུག་གི་སྤུ་གྲི་ཟེརཿ དཔའ་ཡ་མེད་འཛམ་བུའི་གླིང་ལ་གྲགསཿ མཚན་སྙན་གྲགས་མ་བསྒྲགས་ཡོངས་གྲགས་རེདཿ དཔའ་འགྱུར་མེད་རྒྱ་ཚ་ཞ་ལུ་ལཿ བུ་ཁེར་སྐྱེས་སྟག་ཕྲུག་འཛུམ་དྲུག་རྒྱསཿ སྟག་ཁ་དམར་གོང་ནས་ཤ་དམར་ཟོསཿ ཁྱོད་སྐྱེ་དམན་བདུད་མོ་སྙིང་རེ་རྗེཿ དཔའ་ཚོད་རང་གིས་མ་བཟུང་ནཿ རྒོད་མིང་རྩ་བ་རླུང་ལ་བསྐུརཿ རྟིང་མ་མི་ལོན་འགྱོད་པ་ཆེཿ ས་མཐའི་བོང་རྒན་འདུར་རྒྱུགས་དེཿ འདོ་བ་རྟ་ལ་དོ་འདོད་ཀྱངཿ མགྱོགས་པའི་བང་ཁ་ཐོབ་བསམ་མེདཿ ཐང་ཆེན་ཟུར་ནས་སྐྱུར་ལེ་ཡིནཿ ཁྱིམ་བྱ་དེ་ཕོའི་འཕུར་ལྷབ་དེཿ ཁྱུང་ཆེན་རྩལ་ལ་འགྲན་འདོད་རེདཿ ཁྱུང་ཆེན་འཕུར་ཡ་ཡོང་བསམ་མེདཿ རྒྱ་གྲོང་དཀྱིལ་ནས་སྐྱུར་ལེ་ཡིནཿ ཁྱོད་ལས་ངན་བདུད་མོ་གཟི་འབར་མསཿ དགྲ་ལྷ་དཔོན་ལ་འགྲན་འདོད་རེདཿ ང་དགྲ་ལྷའི་འགྲན་ཡ་ཡོང་བསམ་མེདཿ སྨོན་ལོག་གི་ས་བོན་སྐམ་རན་ཡིནཿ ངའི་རལ་གྲི་ཡ་ཟི་སྐར་ཕྲན་འདིསཿ ཁྱོད་གཟུང་འཛིན་སེམས་ཀྱི་བག་ཆགས་དེཿ དབྱིངས་བདེ་ཆེན་ཆོས་སྐུའི་ཀློང་དུ་བསྒྲལཿ ད་མ་འོངས་བག་ཆགས་མི་སྐྱེད་པརཿ ཟག་ཀུན་ཟད་བདེ་ཆེན་རྡོ་རྗེར་སྒྲོལཿ ཁྱོད་བློ་སེམས་སྣང་བ་མི་སྤྲོའམཿ སྤྲོ་ན་རིག་འཛིན་སྲས་སུ་གྱུརཿ མ་སྤྲོ་བསྒྲལ་འདྲེན་དུས་གཅིག་བྱེདཿ ཅེས་གསུངས་ནས་རལ་གྲི་ཡ་ཟི་སྐར་ཕྲན་ནམ་མཁར་ཕྱར་ཚེ་བདུད་མོ་ཕག་གདོང་གཟི་འབར་མས་དུག་རལ་མུན་པ་རང་འཐིབ་ཕྱར་ཏེ་འདི་སྐད་སྨྲས་སོཿགནས་ས་འོག་མུན་པ་དགུ་རིམ་ནསཿ བདུད་ཀེ་རུའི་གཏི་མུག་ཕག་གདོང་མཁྱེནཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གནས་ཨ་འཛོམ་གསེར་གྱི་ཐང་ཆེན་རེདཿ ང་མིང་ཁྱོད་ཀྱིས་མ་ཤེས་ནཿ བྱང་མུན་ནག་ཕག་གདོང་གཟི་འབར་མཿ ཆོས་རྒྱལ་བསྟན་གཞོམ་པའི་ཐོ་ལུམ་ཡིནཿསྔགས་སྙིང་པོའི་བསྟན་པའི་གཤེད་མ་ཡིནཿ ཆོས་མདོ་སྔགས་ཉམས་ལེན་བྱེད་མི་རྣམསཿ བློ་དབང་མེད་ལོག་ལམ་ཁྲིད་མི་ཡིནཿ གཉིད་རྨུགས་འཐིབ་བརྗེད་ངེས་དྲན་མི་གསལཿ བློ་མི་བརྟན་ཡི་མུག་སྡོད་མི་ཚུགསཿ རྐྱེན་གཏི་མུག་རྨོངས་པའི་བློ་མ་ལུསཿ ང་གཟི་འབར་རྒྱལ་མོའི་ཐབས་འཕྲུལ་ཡིནཿ ཡ་གླིང་ཕྲུག་ཉམ་ཆུང་དཀར་པོ་སྐྱཿ དགྲ་རྒྱ་ཚའི་ད་ཕྲུག་ཡིན་ནོ་ཟེརཿ ཁྱོད་ཕ་བསད་ཤན་པ་དམར་རྒྱ་བཿ གླིང་དཔའ་བོའི་གྲལ་དུ་འཇོག་ལུགས་ལཿ ངོ་ཚ་རྒྱུ་མི་གདའ་སྙིང་རྗེའི་གནསཿ ངའི་དུག་རལ་མུན་པ་རང་འཐིབ་འདིསཿ ཁྱོད་གླིང་ཕྲུག་དམར་བསད་མ་བཏང་ནཿ ང་བདུད་མོ་མིན་པའི་རྟགས་ལ་ཞོགཿཅེས་ཟེར་ནས་ཕན་ཚུན་གྲི་འཐབ་མཉམ་དུ་བྱས་པའི་དུས་སུ་སྲས་དགྲ་ལྷར་སྲུང་བའི་མཐུ་བཙན་པའི་སྟོབས་ཀྱིས་མ་གནོདཿ བདུད་མོའི་ལུས་ཕྱེད་གཤགས་བྱས་ཤིང་བསྒྲལ་འདྲེན་དུས་གཅིག་ཏུ་བྱས་ཏེ་མགོ་རྨོག་དར་འཕྲུ་བཅས་ནོམ་ལ་བླངས་ནས་གླིང་སྒར་དུ་ཕྱིར་ལོག་ཅིང་གླིང་རྒྱལ་བློན་ཀུན་གྱིས་གཏང་རག་དང་འབུལ་བ་རྒྱ་ཆེར་བྱས་ནས་དགའ་སྐྱིད་ངང་ལ་རོལ་བཞིན་བཞུགས་སོཿ དེ་ནས་ཀེ་རུའི་དུག་ཐང་སྲིན་པོའི་དགའ་ཚལ་དུ་རྔམ་ལྡན་སྡང་མིག་ཁྲོ་ཞལ་དང་གསེར་གཤོག་ཁེངས་ལྡན་སྒྲ་བརྒྱ་མ་གཉིས་ཀྱིས་ཀེ་རུ་བདུད་ཀྱི་ལས་དམག་ཁྲི་བརྒྱད་ལ་འདི་སྐད་བསྒྲགས་སོཿ འོ་ན་བདུད་ཀྱི་སྡེ་ཚོགས་རྣམསཿ ད་སྐབས་བདུད་བློན་ཆེ་ཤོས་རྣམས་དཔའ་ཁེར་རྒྱུགས་བྱས་ནས་གླིང་དམག་གིས་བཀྲོངས་ཚར་སོངཿ དེའི་ཤུལ་དུ་རྒྱལ་པོ་ཡབ་སྲས་དང་ཡུལ་དམག་བྱེ་བ་རྣམས་ཀྱང་སྔོན་གྱི་སྲོལ་རྒྱུན་མ་ནུབ་ན་དགའ་ཞིངཿ ཆོས་ལ་བློ་སེམས་དཀར་བ་མང་ཤོས་ཡིན་པས་དེས་ན་ངེད་གཉིས་དང་འུ་ཅག་ལས་དམག་ཁྲི་བརྒྱད་དེ་ཤུལ་མེད་མ་བཟོས་བར་དུ་རྒྱལ་ཁ་མི་སྦྱིན་ཐག་ཆོད་ཡིན་པསཿ སང་ཉིན་ངེད་གཉིས་གཙོས་བྱས་པའི་ལས་དམག་ཐམས་ཅད་ཀྱིས་མགྱོགས་པའི་རྟ་ཞོནཿ རྣོ་བའི་མཚོན་ཐོགས་ནས་འགྲོ་བའི་དུས་ལ་བབ་པ་ཡིན་པས་དེ་ལུགས་གོ་བར་གྱིསཿ ཞེས་བསྒྲགས་པ་ན་ཐམས་ཅད་ཀྱིས་ལགས་སོ་ཟེར་ཞིང་འགྲོ་ཆས་བྱསཿ ཉི་མ་དེའི་ཕྱི་ཉིན་བདུད་མོ་གཉིས་ཀྱིས་མཆན་ཁེབས་སུམ་ཅུ་དང་ལས་དམག་ཁྲི་བརྒྱད་ཁྲིད་དེ་སྐར་ཚོགས་བཞིན་དུ་ཁྲ་ཧྲིག་ཧྲིག་ནགས་ཀློང་བཞིན་དུ་སྔོ་གནག་ཕྱུར་ཕྱུརཿ མགར་བའི་ཚ་ལ་བཞིན་དུ་དམར་ནག་ཉི་ལི་ལི་ཀེ་རུའི་རྟ་ནོད་རི་མཐོན་པོ་བརྒལ་ཞིངཿ དུག་ཨ་ལུང་དམར་ནག་དགུ་ཐང་དུ་སྒར་བཏབ་སྟེ་ལས་དམག་རྣམས་ཀྱིས་མདའ་མདུང་གྲི་སོགས་ཀྱི་དཔའ་རྩལ་སྦྱོང་བརྡར་བྱས་ནས་བསྡདཿ དེ་ནས་གླིང་ལྷ་སྒར་ནས་སྐུ་རྗེ་རིན་པོ་ཆེས་སང་ཉིན་ཚེས་ཉེར་དགུ་ལ་བདུད་མོ་སྤུན་གཉིས་ཀྱི་གཙོས་ཀེ་རུའི་དམག་དཔུང་ཐམས་ཅད་ཀྱིས་དུག་གསུམ་མེ་དཔུང་འབར་བཞིན་དུ་གླིང་སྒར་ལ་འོང་བ་ཐག་གིས་ཆོད་པས་དང་པོར་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེས་དམག་ཇི་ལྟར་བརྒལ་ཞིང་འདུག་ཚུལ་གྱི་སོ་པ་དངཿ དེའི་རྗེས་དགྲ་ལྷ་དང་འདན་སྲསཿ ཨ་ཁུ་རྣམས་ཀྱང་བྱོན་དགོས་པའི་དེ་ལུགས་མཛོད་གསུངསཿ དེ་ནས་ཕྱི་ཉིན་མཐོ་རི་བོས་གསེར་ཞྭ་གྱོན་པ་དང་མཉམ་དུ་འཇང་ཕྲུག་གཡུ་་ལྷ་ཐོག་འགྱུར་དེ་རྟ་འདོ་བ་གནམ་ཡག་གོང་སྔོན་ལ་ཆིབས་ནས་འཁོར་གསུམ་ལུས་ལ་ཚང་བར་བྱས་ཤིང་རླུང་བསིལ་མའི་དཔའ་རྩལ་དང་ལྡན་པའི་ངང་ནས་ཀེ་རུའི་རི་མཐོན་ནས་གཟིགས་ཙ་ནཿ དུག་ཨ་ལུང་དམར་ནག་དགུ་ཐང་དུ་ཀེ་རུའི་དམག་སྒར་བརྒྱབ་ཡོད་པ་མཐོང་ཚེ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གློ་བུར་དཔའ་ངར་ཞུམ་པ་མེད་པར་མེ་སྟག་ཆད་ཆད་ཚ་ལ་ཁོལ་ཁོལ་རླུང་ནག་འཚུབ་འཚུབ་བྱས་ཏེ་སྒར་གཤགས་ནས་རྒྱུགས་པར་བདུད་ཀྱི་ལས་དམག་ཀུན་གྱིས་མདའ་མཚོན་ཁ་བ་བབ་པ་ལྟར་བྱས་ཀྱང་མི་རྟ་གཉིས་ལ་ཉམས་ཉེས་ཅི་ཡང་མ་བྱུང་བར་ལས་དམག་སུམ་བརྒྱ་ཙམ་རལ་གྲིའི་ངར་ལ་དྲངསཿ དེ་ནས་དམག་སྒར་གྱི་དཀྱིལ་དུ་བྱོན་ནསཿ ཡ་ཀེ་རུའི་བདུད་བློན་སྡར་མའི་ཁྱུཿ དཔའ་ཡོད་ན་གཡུ་ལྷའི་གདོང་ལ་བུདཿ ཟེར་ཚེ་རྔམ་ལྡན་ལྡང་མིག་ཁྲོ་ཞལ་དང་གསེར་གཤོག་ཁེངས་ལྡན་སྒྲ་བརྒྱ་མ་གཉིས་སོ་སོར་བདུད་རྟ་ལྕགས་སྤྱང་མགོ་དགུ་དང་ཨ་ལྕང་དུག་རླུང་སྲེ་མོང་ལ་ཞོན་ནས་དུག་མདའ་རེག་ཕུང་སྤུ་གྲི་དང་ཉག་ཕྲན་སྲོག་དམར་རང་གཅོད་གཉིས་གཞུ་སྟེང་སྤྲད་ནས་སྲིན་མོ་གཉིས་ཀྱི་རལ་བ་གསིག་ཚེ་ཁྲག་གི་ཆར་པ་འབབ་དུག་རླངས་ཀྱི་ན་བུན་འཐིབཿ རྔམ་པའི་སོ་སྒྲ་བྱེད་བཞིན་མགྲིན་གཅིག་ཏུ་\་འདི་བླངས་སོཿ ཨོཾ་ཨ་ཏྭཾ་ར་ཡ་ཏ་ཀེ་ཧོཿ ལྷ་དབང་ཕྱུག་ནག་པོ་མཐུ་བོ་ཆེཿ སྲོག་བདག་བྱ་ཁྲི་མིག་གཅིག་ལཿ བདུད་འཁོར་བྱེ་བའི་ཚོགས་དང་བཅསཿ བདུད་མི་བསྲུན་རྣམ་པར་རྒྱལ་ཕྱིར་བྱོནཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ ཡུལ་ཀེ་རུའི་ཨ་ཁྱུང་རྒྱལ་ཁབ་ནསཿ དུག་ཨ་ལུང་དམར་ནག་དགུ་ཐང་རེདཿ བདུད་མི་བསྲུན་དཔའ་མོ་ངེད་གཉིས་ནིཿ སྔོན་གནོད་སྦྱིན་སྤུན་གསུམ་སྤྲུལ་པའི་མཆོགཿ ལྷོ་རྔམ་ལྡན་སྡང་མིག་ཁྲོ་ཞལ་དངཿ ནུབ་གསེར་གཤོག་ཁེངས་ལྡན་སྒྲ་བརྒྱ་མཿ ལུས་འབྱུང་བ་བཞི་ལ་རང་དབང་ཐོབཿ ཆོས་མདོ་སྔགས་བསྟན་པ་རྨང་ནས་བཤིགཿ ལྷ་ཤཱཀྱའི་བསྟན་ལ་བསམ་སྦྱོར་གནགཿ ཡུལ་ཀེ་རུའི་དཔའ་མོ་རྣམ་གཉིས་ཡིནཿ ལུས་ཁྲབ་ནག་རྡོ་རྗེ་འབུམ་རྫོང་འདིཿ ཐོག་དམར་པོས་བཞུས་ཀྱང་ཉམ་ང་མེདཿ རྨོག་དུག་ཟེར་མེ་རླུང་རང་འབར་འདིཿ མཐོང་ཚད་སྐྱེ་འགྲོའི་བླ་ཡིད་འཕྲོགཿ མདའ་རེག་ཕུང་སྤུ་གྲི་ངར་མ་འདིསཿ སྡང་དགྲ་བོའི་སྲོག་རྩ་རྦད་ཀྱིས་གཅོདཿ ཡ་ཁོ་རེ་ཚུར་ཆས་ཝ་མོ་སྔོཿ ཤ་གཟན་རྙིའི་སྟེང་ལ་ཆས་ལེ་འདིཿ འབོད་མ་དགོས་སླེབས་པ་ངོ་རེ་མཚརཿ ངེད་དཔའ་མོ་རྣམ་གཉིས་ཁ་སྔོན་ལཿ བདུད་འཆི་བདག་ཡིན་ཡང་ཕྱི་བཤོལ་བྱེདཿ དགྲ་ཕར་རྒྱག་གླིང་ལ་ཅུང་མ་བྱསཿ ཉེས་མེད་ཚུར་ལ་འཁོན་ནས་འོངཿ བློན་སྟག་གཟིག་ཕོ་མོ་མཆེད་དྲུག་དེཿ མེ་ཏོག་སད་ཀྱིས་བཅོམ་བཞིན་དུཿ མ་ངན་བུ་ཡི་དམག་གིས་བཅོམཿ ལས་མ་བྱས་བསམ་པ་གཅིག་ཀྱང་མེདཿ དེ་རིང་ཉི་མའི་དུས་ཚོད་ལཿ ཁྱོད་རྒོད་པོ་ཡིན་བསམ་སྣང་བ་སྤྲོཿ བྱ་གཉིས་སྐྱེས་རྒོད་པོའི་འཕུར་ཡ་ལཿ ཁྱོད་ནེའུ་ལེས་གཤོག་འགྱུར་ངོ་རེ་ཚཿ མཐོ་རི་རྒྱལ་ལྷུན་པོའི་དཔང་ཚད་ལཿ ཁྱོད་རི་ཕྲན་འགྲན་འདོད་ངོ་རེ་ཚཿ ངེད་འགྲན་བྲལ་བདུད་མོའི་དབང་ཐང་ལཿ ཁྱོད་སྡར་མའི་འགྲན་འདོད་ཡིད་རེ་མུགཿ དེ་རིང་ཉི་མའི་གདོང་གང་ལཿ ཁྱོད་སྡར་མའི་ལུས་སེམས་ཕྲལ་ལེ་ཡིནཿ ཁ་ཆེམས་ཡོད་ན་འཇོག་རན་ཡིནཿ བླ་མ་ཡོད་ན་གསོལ་བ་ཐོབསཿ བཟློག་མེད་སྲོག་གི་ལན་ཆགས་རེདཿ གོ་ན་གླིང་ཕྲུག་སེམས་ལ་ཟུངསཿ མ་གོ་སྲོག་དང་ཕྲལ་རན་ཡིནཿ ཞེས་ཟེར་ཚེ་འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་དེས་མདའ་གཞུ་སྟེང་དུ་སྤྲད་ནས་གླུ་འདི་བླངས་སོཿགླུ་ཨ་ལ་བཛྲ་པཱ་ཎི་ཧཱུྃཿ མ་ཐ་ལ་པད་མོ་ཡོ་གི་ཧཱུྃཿ གནས་ཛ་ལན་ངྷ་རའི་གནས་མཆོག་ཏུཿ ལྷ་རིགས་གཅིག་པད་མ་ཐོད་ཕྲེང་རྩལཿ ཡིད་གུས་པས་གསོལ་འདེབས་བྱིན་གྱིས་རློབསཿ དགྲ་ནག་ཕྱོགས་དམ་སྲི་རྨང་མེད་མཛོདཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ དུག་ཨ་ལུང་དམར་ནག་དགུ་ཐང་རེདཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ སྔོན་རྒྱ་གར་གྲུབ་ཆེན་ཀུ་ཀུ་རིཿ དུས་ད་ལྟ་འཇང་ཡུལ་ཁྲ་མོ་ནསཿ བར་གླིང་སྟོབས་ཆེན་ལྷ་འཛོམ་ལཿ ཡ་ཐོག་གཡུ་ཁྲིའི་ནང་བཅུད་དེཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་ཟེརཿ གླིང་སེང་ཆེན་སྐྱེས་བུའི་སྤྱི་བློན་ཡིནཿ རྩེ་རྒྱལ་འབུམ་པའི་སྒོས་བློན་ཡིནཿ བློན་འདན་སྲས་དཔའ་བོའི་དཔུང་ཡ་ཡིནཿ དམན་བུད་མེད་བསད་ན་སྙིང་ཁྲེལ་ཆེཿ ད་མགོ་སྒུར་ཁས་ལེན་ལ་མོ་གྱིསཿ ལྷ་དཀོན་མཆོག་སྤྱི་བོའི་གཙུག་ཏུ་ཁུརཿ ཆོས་ལྷ་ལོག་གྲུབ་མཐའ་རྒྱབ་ཏུ་སྐྱུརཿ དེ་བྱས་ན་མི་བསད་ཚེ་ཐར་བཟོཿ རྟ་འདོ་བ་གནམ་ཡག་སྔོན་མོ་འདིསཿ རླུང་བསིལ་མ་ཡིན་ཡང་རྗེས་ནས་འཇོགཿ ངའི་གཡུ་རྨོག་ནམ་མཁའི་ཁྱུང་རྫོང་ལཿ འཕྲུ་གཡུ་མདོག་ཕྱོགས་ལས་རྣམ་རྒྱལ་བཙུགསཿ གཡུ་ཁྲབ་རྡོ་རྗེ་ཁྲབ་རིང་ལཿ ཆུ་དར་སྔོན་མོའི་ཡང་ཤམ་བཏགསཿ མཚོན་རལ་གྲི་གུ་ཟིའི་སྐྱ་རེངས་ལཿ གུ་ལང་གསེར་གྱི་མཛོད་ཐག་བསྡམསཿ གཡས་སྟག་དོང་ལྷ་ཤོག་འབྲུག་སྡེའི་ནངཿ མདའ་གནམ་ལྕགས་ཁྲག་འཐུང་ལྔ་བཅུས་གངཿ གཡོན་གཟིག་ཤུབས་ཤ་ཟན་སྟག་ཚང་ལཿ ལྕགས་གཞུ་ནག་པོ་ཐོག་འབབ་བཙུགསཿ འཕྲུལ་ནག་མེ་ཆེན་གློག་འཁྱུག་བཏགསཿ གཡུ་གསེར་སྒ་རིན་ཆེན་དབང་རྒྱལ་ལཿ ཁྲ་ཡག་གཟིག་གི་ཨ་འཇོག་བརྒྱབཿ འཇང་གཡུ་འཕྲུ་ཅན་གྱི་མགོ་འཛིན་ཡིནཿ ལྷ་གསང་བའི་བདག་པོའི་རྣམ་སྤྲུལ་ཡིནཿ ཁྱོད་དམ་སྲིའི་རིགས་ལ་བློ་གཏད་མེདཿ མ་བསྒྲལ་བསྟན་འགྲོའི་བདེ་ལ་གནོདཿ གཡས་སྟག་དོང་ལྷ་ཤོག་འབྲུག་སྡེའི་ནངཿ མདའ་མོ་ང་འགྲོ་ཁྲིགས་སེ་ཡོདཿ འགྲོ་ཐག་ཆོད་ལྕགས་ནག་ཤ་ཟན་དངཿ མདའ་ཁྲག་འཐུང་གློག་དམར་འཕུར་ཤེས་གཉིསཿ མདའི་མགུལ་དཀྲིས་གསེར་ལས་གྲུབ་ལེ་འདིཿ ལྷ་ཤཱཀྱའི་བསྟན་པ་དར་བའི་རྟགསཿ མདའ་སྣེ་ལྕགས་ལས་གྲུབ་པ་འདིཿ ཆོས་སྐྱོང་མགོན་པོའི་བླ་ལྕགས་རེདཿ བདུད་སྲོག་རྩད་ནས་གཅོད་པའི་རྟགསཿ གནས་རང་སྣང་དག་པའི་ཞིང་ཁམས་ནསཿ མགོན་རང་རིག་ཨོ་རྒྱན་གྲོ་ལོད་རྩལཿ བདུད་དམ་སྲི་འདུལ་བའི་སྡོངས་གྲོགས་མཛོདཿ ཡིད་བདེ་སྟོང་སྤྲོས་བྲལ་ཕོ་བྲང་ནསཿ མ་བདེ་ཆེན་མཁའ་འགྲོ་ནུས་སྟོབས་ཅནཿ བདུད་དམ་སྲིའི་ལས་ངན་སྦྱང་དུ་གསོལཿ ངའི་དགྲ་གསོད་མཚོན་ཆ་རྣོན་པོ་འདིསཿ དགྲ་དམ་སྲི་བདུད་མོ་སྤུན་གཉིས་ཀྱིཿ སྙིང་སྲོག་རྩ་ཁྲག་རྩ་རྦད་ཀྱིས་ཆོདཿ ལུས་དོན་ལྔ་སྣོད་དྲུག་ཚལ་བར་གཏུབསཿ དོན་གང་བསམ་འགྲུབ་པའི་གྲོགས་མཛོད་ཅིགཿ ཅེས་བརྗོད་པ་དང་མཉམ་དུ་བདུད་མོ་གཉིས་ཀྱིས་གཡུ་ལྷ་ལ་མདའ་གཉིས་སྤྲིངས་ཀྱང་ཁྲབ་ཀྱི་བྱང་བུ་ཁ་ཤས་གཏོར་བ་ལས་སྲུང་བའི་མཐུས་མ་ཆོདཿ གཡུ་ལྷས་མདའ་གཉིས་སྤྲིངས་ཚེ་བདུད་མོ་གཉིས་ཀྱི་སྙིང་གར་ཕོག་ནས་སྲོག་རྩ་བཅད་ཀྱང་ད་དུང་སྨོན་ལོག་གི་དབང་གིས་མ་ཤི་བར་གཡུ་ལྷའི་སྟེང་དུ་མཆོང་ཡོང་ཚེཿ གློ་བུར་དུ་སྲས་དགྲ་ལྷ་དང་འདན་སྲསཿ ཁྲོ་ཐུང་གསུམ་མདའ་ཡལ་བཞིན་དུ་འཇང་གཡུ་ལྷའི་མདུན་ཕྱོགས་སུ་སླེབས་ཚེཿ བདུད་མོ་གཉིས་གློ་བུར་དུ་ལྕགས་ཀྱི་བྱ་ཁྲ་གཉིས་ལ་སྤྲུལ་ནས་ནམ་མཁར་འཕུར་ཤོརཿ དེ་མ་ཐག་ཏུ་སྔགས་མཁན་ཁྲོ་ཐུང་རྒྱལ་པོ་གིང་དཀར་ནག་བཞིར་སྤྲུལ་ནས་བྱ་ཁྲ་གཉིས་རང་དབང་མེད་པར་མདུན་དུ་བཀུག་ནས་བདུད་མོ་ཁོ་རང་གཉིས་ཀྱི་ལུས་ལ་འགུག་བསྟིམས་མཛདཿ དེའི་ཚེ་དགྲ་ལྷ་དང་གཡུ་ལྷཿ འདན་སྲས་གསུམ་ཤར་རྒྱག་ཏུ་བརྒྱུགས་ནས་མཆན་ཁེབས་སུམ་ཅུའི་ནང་ནས་ཉི་ཤུ་ཙམ་བསྒྲལཿ མཆན་ཁེབས་བཅུས་མགོ་འབུལ་བྱསཿ ལས་དམག་ཀུན་གྱིས་ཀྱང་མགོ་འབུལ་ཞུསཿ བདུན་མོ་གཉིས་ཀྱིས་ད་དུང་དཔའ་ངར་མི་ཞུམ་པར་དུག་རླངས་མུན་པ་དྭངས་མེད་ཀྱིས་དབུས་སུ་སྲིན་མོ་སྡེ་ལྔར་སྤྲུལ་ནས་གླིང་གི་དཔའ་ཐུལ་ལ་རྒོལ་བ་བྱེད་ཚེཿ འཇང་གཡུ་ལྷས་འཕྲུལ་ཞགས་མེ་ཆེན་གློག་འཁྱུགས་ཀྱིས་བདུད་མོ་སྡེ་ལྔ་བསྡམས་ཤིང་གླིང་དཔའ་ཐུལ་སྡེ་བཞིའི་ནང་ནས་ལྷ་སྲས་ཀྱིས་རལ་གྲི་དངཿ གཡུ་ལྷ་དང་འདན་སྲས་གཉིས་ཀྱིས་མདའཿ ཁྲོ་ཐུང་གིས་ཕུར་བུ་ཐོགས་ནས་མགྲིན་གཅིག་ཏུ་གླུ་འདི་བླངས་སོཿ གླུ་ཨ་ལ་ཆོས་དབྱིངས་སྐྱེ་མེད་གླུཿམ་ཐ་ལ་འགག་མེད་བདེ་སྟོང་གདངསཿ གནས་འོག་མིན་མངོན་སྤྱོད་ཞིང་ཁམས་ནསཿ ལྷ་དབང་ཆེན་དྲག་པོའི་ལྷ་ཚོགས་མཁྱེནཿ བདུད་དམ་སྲི་མ་རུངས་ལས་ངན་འདིཿ རུས་པ་ཞེ་སྡང་ཕ་ལས་སྐྱེསཿ ཤ་ཁྲག་འདོད་ཆགས་མ་ལས་བྱུངཿ སེམས་ནི་མ་རིག་དབང་གིས་གྲུབཿ ཆོས་དགེ་བ་བཅུ་པོ་ཁྱད་དུ་བསདཿ མི་དགེ་བཅུ་པོ་དང་དུ་བླངསཿ བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚངཿ མཚོན་ཆེན་ཕུར་བུས་གཟིར་ཙ་ནཿ ཚེ་བསོད་ནམས་དྭངས་མ་བདག་ལ་བསྡུཿ ཐབས་ཤེས་རབ་མདའ་མོས་སྦར་ཙ་ནཿ ཉོན་ཤེས་འཁྲུལ་བའི་དྲི་མ་སྦྱངསཿ མཚོན་ཆེན་རལ་གྲིས་བཏབ་ཙ་ནཿ བདག་འཛིན་སྒོང་རྒྱ་རལ་བ་ཡིནཿ དཔའ་བོ་ཚད་མེད་རྣམ་བཞི་ཡིསཿ བསྒྲལ་འདྲེན་ཆོས་སྐུའི་རྒྱས་འདེབས་བྱེདཿ སྐུ་མི་གཡོ་རཱུཏྲའི་སྒྱུ་ལུས་གཞོམཿ གསུང་འགག་མེད་རཱུ་ཏྲའི་འབྱུང་འཇུག་འགགསཿ ཐུགས་འཁྲུལ་མེད་གཟུང་འཛིན་རྩད་ནས་ཆོདཿ སྲིད་འཁོར་བའི་འཁྲུལ་འཁོར་སྟོངས་པ་ཡིནཿ ལུས་ཤ་ཁྲག་ཡེ་ཤེས་བདུད་རྩིར་བསྒྱུརཿ ལྷ་དབང་ཆེན་དྲག་པོའི་ཞལ་དུ་བསྟབསཿ སྲིད་གསུམ་འདྲེན་པའི་ཕྲིན་ལས་མཛོདཿཅེས་བརྗོད་པ་དང་མཉམ་དུ་མཚོན་ཆ་རྣམས་ཚད་པ་ཙམ་གྱིས་བདུད་མོ་གཉིས་བསྒྲལ་འདྲེན་དུས་གཅིག་ཏུ་བྱས་ཏེཿ ཕུང་བོ་བསྲེགས་བླུག་མཛདཿ མགོ་འབུལ་བྱས་ཡོད་པའི་བདུད་ཀྱི་ལས་དམག་ཡོངས་རྫོགས་ཁྲིད་དེ་ཐུགས་བདེ་བར་གླིང་སྒར་དུ་བྱོན་ནས་རྒྱུ་མཚན་རྣམས་ལྷག་ལུས་མེད་པར་ཞུས་ཚེ་རྗེ་སེང་ཆེན་གཙོས་བྱས་པའི་རྒྱལ་བློན་ཀུན་གྱིས་ཐུགས་དགྱེས་ཚོར་ཆེན་པོར་མཛད་ཅིང་ཿ གཏང་རག་དང་དགའ་རྟགས་བསམ་གྱིས་མི་ཁྱབ་པ་གནང་བར་མཛད་དོཿ དེ་ནས་ཀེ་རུའི་བདུད་དཔུང་ཚར་བཅད་ཅིང་བདུད་བློན་ཕོ་མོ་བརྒྱད་པོ་བཏུལ་རྗེསཿ སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མ་དེ་ཉིད་ཀྱིས་ཡིད་དགའ་སྤྲོའི་མེ་ཏོག་རབ་ཏུ་རྒྱས་ཏེ་ཡབ་རྒྱལ་པོ་གཡུ་འབྲུག་སྟོབས་ལྡན་གྱི་མདུན་དུ་བྱོན་ནས་འདི་སྐད་ཞུས་སོཿ གླུ་ཨ་ལ་ཕར་ཕྱིན་ཐག་པའི་ངགཿ མ་ཐ་ལ་རྡོ་ རྗེ་ ཐེག་པའི་ཚིགཿ \འི་རྒྱབ་རྟེན་དུས་གསུམ་རྒྱལ་བས་མཛོདཿ གླུ་སྣ་མ་དང་མཁའ་འགྲོས་དྲོངསཿ རྗེ་ཡབ་གཅིག་རྒྱལ་པོས་ཚུར་གསོན་དངཿ དབྱངས་ཅན་འོད་གསལ་སྒྲོལ་མ་ངསཿ དུས་དེ་རིང་བཀྲ་ཤིས་ཉི་མ་ལཿ གཏམ་སྙན་མོའི་ཞུ་དོན་འདི་འདྲ་ཡོདཿ སྔོན་ཀེ་རུ་དག་པའི་ཞིང་ཁམས་དེའིཿ བདུད་སྨོན་ལོག་ཕོ་མོ་བརྒྱད་པོ་ཡིསཿ ཆོས་མདོ་སྔགས་བསྟན་པའི་ཉི་མ་བསྣུབསཿ ལས་མི་དགེ་སྡིག་པའི་མུན་ནག་་འཐིབསཿ རྗེ་རྒྱལ་པོར་དུག་གི་མུན་ཆུ་དྲངསཿ བློན་ཆོས་ལ་དཀར་ཀུན་ཁྲིམས་རར་བཙུདཿ བློན་རེ་ཟུང་མ་གཏོགས་ཀུན་གཤེགས་ཚརཿ ཟླ་ཡར་སྔོན་དུས་ཚེས་ཉེར་དགུ་ཡནཿ བདུད་སྨོན་ལོག་ཕོ་མོ་བརྒྱད་པོ་དངཿ ཆོས་བསྟན་ལ་རྒོལ་བའི་བདུད་དམག་ཀུནཿ མངོན་སྤྱོད་དྲག་པོས་ཚར་བཅད་བྱུངཿ ད་སྐྱིད་པའི་ཉི་མ་ཤར་རན་རེདཿ རྗེ་སེང་ཆེན་རྒྱལ་པོའི་ཐུགས་བསྐྱེད་དངཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་སོགསཿ གླིང་དཔའ་ཐུལ་རྣམས་ཀྱི་བཀའ་དྲིན་གྱིསཿ ཡུལ་ཀེ་རུ་ཆོས་ལ་བསྒྱུར་རན་རེདཿ ད་བུ་མོ་ང་ཡིས་བསམ་ཚོད་ལཿ ཟླ་འདི་ཡི་བཀྲ་ཤིས་ཚེས་བརྒྱད་ལཿ གླིང་སེང་ཆེན་དཔའ་བོའི་སྡེ་ཚོགས་ཀུནཿ ལྷ་མཁར་པད་མ་འབུམ་རྫོང་དུཿ གདན་འདྲེན་ཆིབས་བསུ་བྱས་ན་བསམཿ ཡབ་རྒྱལ་པོ་ཁྱེད་ཀྱིས་ཅི་དགོངས་ལགསཿ གླུ་འཁྲུལ་བ་སོང་ན་མཐོལ་ལོ་བཤགསཿ ངག་འཆལ་བ་སོང་ན་བཟོད་པར་གསོལཿ ཞེས་ཞུ་དར་དང་རིན་པོ་ཆེ་སོགས་བཀྲ་ཤིས་པའི་རྫས་མང་པོ་མདུན་དུ་ཕུལ་ཚེཿ ཡབ་རྒྱལ་པོའི་ཐུགས་ལ་བདུད་གྲིབ་དུག་གི་མུན་པ་འཐིབས་རྐྱེན་གྱིས་རབ་རིབ་ཙམ་ལས་ཐུགས་ལ་སྤྲོ་བ་ཚད་མེད་ཡོད་ཀྱང་འདི་མིན་འདི་ཡིན་མེད་པའི་ངང་ནས་སྲས་མོར་ཐུགས་བརྩེ་བའི་ངང་ནས་འདི་སྐད་གསུངསཿ འོ་ན་བུ་མོ་དམ་པ་ལགསཿ མགོན་བསླུ་མེད་མཆོག་གསུམ་རིན་པོ་ཆེར་བློ་ཕུགས་གཏོད་ལ་ཁྱེད་ཀྱིས་དགོངས་པ་བཞིན་གྱིས་དང་དེ་ལེགསཿ བློན་རྒན་བཀྲ་ཤིས་ཟླ་བཟང་དེ་ཁྲིམས་ར་རུ་བཞུགས་ཡོད་པས་དེ་ལ་འཕྲད་ན་བློ་གཏོད་དང་མི་བསླུ་སྙམཿ དེ་མིན་ང་ལ་བཀོད་པ་ཅི་ཡང་མེད་པས་དེ་ལུགས་མཛོདཿ ཅེས་གསུངསཿ དེ་ནས་སྲས་མོས་ཆ་དང་བང་ཆེན་བརྫངས་ནས་གླིང་རྒྱལ་བློན་རྣམས་ཚེས་བརྒྱད་ཉིན་གྱི་སྔ་དྲོ་ཀེ་རུའི་གྲོང་ཁྱེར་ལ་བྱོན་དགོས་པའི་ཞུ་བ་ཕུལཿ ཕྱི་རོལ་གྱི་ཁྲིམས་བདག་འགའ་མ་གཏོགས་པའི་དམངས་ཡོངས་ཀྱྀ་སེམས་དགའ་སྤྲོས་རབ་ཏུ་ཁེངས་ཏེ་བསུ་མ་བྱེད་པའི་སྟ་གོན་མཛདཿ དེ་ནས་ཚེས་བརྒྱད་ཀྱི་སྔ་དྲོར་གླིང་རྒྱལ་བློན་ལྷ་དམག་ཐམས་ཅད་ཁྲ་དཔུང་ངེ་འོད་ཐེབས་སེ་བྱོན་ཞིངཿ དེའི་ནང་ནས་ལྷ་སྲས་དང་འདན་སྲས་གཡུ་ལྷ་གསུམ་པོས་མཆན་ཁེབས་བརྒྱ་རེ་ཁྲིད་ནས་གྲོང་ཁྱེར་གྱི་སྲང་ལམ་ཀུན་ལ་བྱོན་ཞིང་ཁྲིམས་ལ་སྦྱར་ཡོད་པའི་བཙོན་པ་སྟོང་ལྷག་ཡོད་པ་ཀུན་བཙོན་ལས་བླངསཿ སྒོ་སྲུང་སོགས་དེར་ཡོད་པའི་དམག་ཐམས་ཅད་ཀྱིས་མགོ་འབུལ་ཞུསཿ ཉེས་མེད་ཀྱི་སེམས་ཅན་མང་པོ་སྡུག་ལ་སྦྱར་བ་དང་སྲོག་ཆད་གཅོད་ལ་ཉེ་བ་ཀུན་སྲོག་གི་འཇིགས་པ་ལས་སྐྱབས་ཤིང་ཕྱིན་ཆད་དེ་ལྟར་མི་ཆོག་པའི་ཁྲིམས་དང་ཡི་གེ་སྦྱརཿ དེའི་ཉིན་ཀེ་རུའི་རྒྱལ་ཁབ་ཀྱི་ཆེ་ཆུང་མཆོག་དམན་ཐམས་ཅད་ཀེ་རུའི་གྲོང་ཁྱེར་དུ་འཛོམས་དགོས་པའི་བརྡ་ཡིག་སྦྱརཿ དེ་ནས་སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མའི་གཙོའི་གྲོང་ཁྱེར་གྱི་མི་ཀུན་གྱིས་རོལ་མོའི་རིགས་རྣམ་པ་སྣ་ཚོགས་དང་དར་གདུགས་འཕན་གསུམ་སྣ་ཚོགས་ཐོགས་ཏེཿ གླིང་སེང་ཆེན་རྒྱལ་པོའི་ཆིབས་ཁ་སྲས་མོས་བླངསཿ དེ་མིན་དཔའ་ཐུལ་གྱི་ཚོགས་རྣམས་རང་རང་གི་གྲལ་ཐོབ་བཞིན་དུ་བྱོན་ཞིང་ཕོ་བྲང་པད་མ་འབུམ་རྫོང་གི་ཚོམས་ཆེན་ཀ་བ་སྟོང་ལྡན་དུ་གདན་རབས་བཅོ་བརྒྱད་བརྒྱབ་ཅིངཿ རིན་ཆེན་གསེར་གྱི་ཁྲི་གཅིག་ལ་སེང་ཆེན་རིན་པོ་ཆེ་དང་གསེར་ཁྲི་གཅིག་ལ་ལྷ་སྲསཿ དངུལ་ཁྲི་གསུམ་གྱི་སྟེང་དུ་སོ་སོར་ཁྲོ་ཐུང་དང་གཡུ་ལྷ་འདན་སྲས་རྣམས་བཞུགསཿ དེ་མིན་འབོལ་གདན་རིན་ཐང་དང་བྲལ་བ་སྣ་ཚོགས་ཀྱི་གདན་ལ་དཔའ་ཐུལ་གཞན་རྣམས་འཁོད་ཅིངཿ ཇ་ཆང་སོགས་ཟས་ཀྱི་ལོངས་སྤྱོད་ལྷ་དང་མཉམ་པའི་སྐབས་དེར་སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མ་དེསཿ གཡས་སྐྲ་གནག་སྣུམ་གཡས་སུ་བྱུགསཿ རིན་ཆེན་ཟ་འོག་ལྗང་ཁུའི་སྐུ་ཆིངས་བསྡམསཿ མིག་སྟོང་ནོར་བུའི་རྒྱན་ཆ་ལུས་ལ་གྱོནཿ ཆུ་དར་སྟོང་རི་གཡས་འཁྱིལ་ལག་ཏུ་ཐོགསཿ སྤོས་ཤེལ་ཉི་ཟླའི་སྒྲོན་མེ་འོད་ལྡན་དང་བསམ་འཕེལ་དབང་གི་ནོར་བུ་རིགས་ལྔ་དེ་གསེར་རིན་ཆེན་ཕྲན་གྱིས་སྤྲས་ཏེ་ནང་དུ་བཞགཿ ཛ་ཏི་སྨན་གྱི་ཨ་མྲྀ་སྐྱེམས་སུ་དྲངས་ཤིངཿ ཞལ་ཏ་མ་བརྒྱད་ཀྱིས་བསྐོར་ཞིང་གུས་ཕྱག་ལན་གསུམ་འཚལ་ནས་གླིང་རྒྱལ་བློན་ཀུན་གྱི་བརྩེ་བས་རྗེས་སུ་འཛིན་པའི་ཞུ་གསོལ་འདི་ལྟར་བཏབས་སོཿ གླུ་ཨ་ལ་ཀུན་རྫོབ་བདེན་པའི་གླུཿ མ་ཐ་ལ་དོན་དམ་བདེན་པའི་གླུཿདོན་བདེན་གཉིས་བསླུ་བ་མེད་པའི་གླུཿམགོན་རྒྱལ་བསྟན་དར་ཞིང་རྒྱས་གྱུར་ཅིགཿ ས་འདི་ཡི་ས་ངོ་མ་ཤེས་ནཿ ཕོ་བྲང་པད་མ་འབུམ་རྫོང་ནསཿ ཚོམས་ཆེན་ཀ་བ་སྟོང་ལྡན་རེདཿ སྨན་ང་འདྲའི་ང་ངོ་མ་ཤེས་ནཿ སྔོན་གནས་མཆོག་དམ་པ་མཁའ་འགྲོའི་གླིངཿ མ་དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་མའིཿ སྐུའི་སྤྲུལ་པའི་གར་བསྒྱུར་མི་མོའི་ཚུལཿ ཡབ་གཡུ་འབྲུག་སྟོབས་ལྡན་རྒྱལ་པོ་ཡིཿ སྲས་མོ་དབྱངས་ཅན་འོད་གསལ་སྒྲོནཿ སྐྱེ་བ་འདི་ཡི་སྔ་ཐོག་ལཿ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུཿ ཨོ་རྒྱན་པད་མའི་སྤྱན་སྔ་རུཿ བདག་ཅག་སྨོན་ལམ་གཅིག་ཏུ་ཐེབསཿ མ་སེམས་ཅན་བདེ་ལ་འགོད་ཕྱིར་མངགསཿ ང་སྐྱེས་པ་མི་འདྲ་བྲིས་པ་འདྲཿ ཞལ་རས་པད་མ་དཀར་པོ་ལཿ གནག་སྣུམ་སྤྱན་མིག་བུང་བ་མྱོསཿ ཚེམས་ཕྲེང་ཟེའུ་འབྲུ་དཀར་པོ་ལས་ཿ མལླི་ཀ་ཡི་དྲི་བསུང་འཐུལཿ དབུ་སྐྲ་རྒྱ་ལྕང་ལོ་མ་ལཿ གཟི་བྱུར་སྤོས་ཤེལ་གཡུར་དུ་ཟཿ སྐུ་ལུས་མདའ་སྙུག་ལྡེམ་པ་འདྲཿ དར་གོས་ཟ་འོག་ལྭ་བ་གྱོནཿ གསུང་སྙན་མོ་རྒྱུད་མངས་པི་ཝཾ་གིསཿ གླུ་ལེན་པ་ཁུ་བྱུག་དྲུག་འགྱུར་ལེནཿ ཡིད་བདེ་ཆེན་དགའ་བཞིའི་ཟུར་མིག་གཡོཿ དོན་ལྷན་སྐྱེས་གཉུག་མའི་རང་ངོ་སྐྱོངཿ སྐུ་སྐེད་པའི་སྐ་རག་ཡན་ཆོད་ལཿ ལྷ་སྒྲོལ་མ་ཉི་ཤུ་རྩ་གཅིག་བཞུགསཿ སྐུ་སྐེད་པའི་སྐ་རགས་མན་ཆོད་ལཿ འཛམ་གླིང་བསྟན་མ་བཅུ་གཉིས་བཞུགསཿ གཡས་གསེར་དེམ་ནང་གི་ཇ་འདྲེན་འདིཿ རྒྱ་ཇ་མེ་ཏོག་ཡོངས་འཛིན་ཡིནཿ གཡོན་དངུལ་དེམ་ནང་གི་ཆང་འདྲེན་འདིཿ མ་གྲུབ་པའི་རྒྱལ་མོའི་ཚེ་ཆང་ཡིནཿ བཅུ་གསུམ་དར་གྱི་མཇལ་དར་ཡོདཿ ལྷ་ཀླུ་གཉན་གྱི་ལས་དར་འབུལཿ སྤོས་ཤེལ་ཉི་ཟླའི་སྒྲོན་མེ་དངཿ གསེར་གཞོང་རིན་ཆེན་ཕྲན་སྤྲས་ནངཿ བསམ་འཕེལ་དབང་གི་ནོར་བུ་ལྔཿ གསེར་དངུལ་རྡོ་ཚད་བརྒྱ་ཕྲག་གསུམཿ གླུ་དཔའ་ཐུལ་ཕེབས་པའི་དགའ་སྟོན་དངཿ རྗེ་སེང་ཆེན་མཇལ་བའི་མཇལ་དར་ཡིནཿ གནས་འདི་ཡི་བདུད་དཔུང་གནག་ཅིང་རྩུབཿ ཤ་ཟ་དམ་སྲི་སྲིན་པོའི་རིགསཿ མ་རིག་འཁྲུལ་བ་ཨར་ལ་གཏདཿ བསྒྲལ་འདྲེན་དཔའ་རྟགས་ངོ་སོ་མཐོཿ མཛད་པ་དེ་དག་བཀའ་དྲིན་ཆེཿ མགོན་སེང་ཆེན་ནོར་བུ་དགྲ་འདུལ་དངཿ སྲས་དགྲ་ལྷ་ཨ་ཁུ་ཁྲོ་ཐུང་རྒྱལཿ འཇང་གཡུ་ལྷ་དང་ནི་འདན་སྲས་སོགསཿ ཁྱེད་འདིར་བཞུགས་དཔའ་བརྟུལ་སྡེ་ཚོགས་ཀྱིསཿ ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་ནསཿ ཡུལ་ཨ་ཁྱུང་ཀེ་རུའི་རྒྱལ་ཁབ་འདིརཿ འགྱུར་མེད་ཐུགས་ཀྱི་བསྟན་པ་མཆོགཿ སྔ་འགྱུར་གྱི་སྒྲོན་མེ་སྦར་དུ་གསོལཿ ཡང་གཅིག་སྙན་པའི་ཞུ་མཆོད་འབུལཿ སྒོས་སྨོན་ལམ་དམ་ཚིག་གཅིག་པ་ཡིཿ འཇང་ལྷ་སྲས་གཡུ་ལྷ་རིན་པོ་ཆེསཿ གནས་ཙ་རི་གཉིས་པའི་སྒོ་འབྱེད་ཅིངཿ ཕ་པད་མའི་ཟབ་གཏེར་ནོར་བུའི་དབྱིགཿ གདན་དྲངས་པའི་རྟེན་འབྲེལ་དུས་འདིར་བབཿ རིན་ཆེན་གཏེར་སྒོ་ང་ཡིས་འབྱེདཿ རྒྱུ་གསེར་གཞོང་ནོར་བུས་སྤྲས་པའི་ནངཿ དགོས་འདོད་འབྱུང་དགའ་བ་གཡས་འཁྱིལ་དང་ཿ ཞུ་དར་ཆུ་རི་སྟོང་འཁྱུགས་དངཿ ངའི་རིན་ཆེན་གསེར་གྱི་སོར་གདུབ་འདིསཿ ཕྲ་རྡོ་རྗེ་ཕ་ལམ་རང་གྲུབ་ཡིནཿ ཕྲ་འདི་ཡང་དངུལ་སྲང་འབུམ་ཕྲག་རིཿ འདིའི་རི་མོ་འབྲུག་དང་རྨ་བྱས་མཛེསཿ གཡུ་དྲུག་དཀར་མང་པོའི་ཕྲ་ཚོམ་ཡོདཿ ཡང་པད་མ་རཱ་གའི་ཁྲ་གདན་ཡོདཿ མགོན་གཡུ་ལྷའི་མཛད་ཕྲིན་རྒྱས་ཕྱིར་འབུལཿ ལམ་རྨད་བྱུང་ཨ་ཏི་རྫོགས་པ་ཆེཿ སྨན་ང་ལ་ངོ་སྤྲོད་གནང་བར་ཞུཿ གླུས་མཆོད་པ་འོད་གསལ་དཔལ་བེར་སྟིམསཿ གླིང་དཔའ་ཐུལ་ཐུགས་བཞེད་གྲུབ་པར་སྨོནཿ ཞེས་ཞུས་ཚེ་སེང་ཆེན་སོགས་དཔའ་ཐུལ་ཀུན་གྱིས་ཐུགས་དགྱེས་ཚོར་ཆེན་པོ་མཛདཿ དེ་ནས་སྲས་མོ་དེ་ཡབ་གཅིག་རྒྱལ་པོ་ཆེན་པོའི་མདུན་དུ་བྱོན་ན་སེང་ཆེན་རྒྱལ་པོ་སོགས་གླིང་དཔའ་ཐུལ་རྣམས་ཆིབས་བསུ་མཛད་ཅིང་ཕོ་བྲང་དུ་བཞུགས་ཡོད་པའི་ཚུལ་ཞིབ་རྒྱས་སུ་ཞུས་པ་དང་ཆབས་ཅིག་ཏུ་ད་ལྟ་ཁྱེད་ཡང་སེང་ཆེན་མདུན་དུ་བྱོན་ཨེ་ཐུབ་གཟིགས་ཞུས་ཚེཿ རྒྱལ་པོ་ཡང་ཐུགས་ཤིན་ཏུ་དགྱེས་ཏེ་བྱོན་གྲབས་མཛདཿ བློན་ཆེན་བཀྲ་ཤིས་ཟླ་བཟང་ཡང་བོསཿ སྲས་མོ་སོགས་ཀྱིས་རྒྱལ་བློན་གཉིས་ཀྱི་ཕྱག་གི་བཟུང་ནས་ཁྲིད་ཅིང་སེང་ཆེན་རིན་པོ་ཆེ་དང་དཔའ་ཐུལ་རྣམས་ལ་ཁམས་བཟང་ཞུས་ཤིང་ཕྱག་འཚལ་ནས་ཕན་ཚུན་མཇལ་དར་གནང་རེས་བྱསཿ སེང་ཆེན་གྱི་མདུན་འབོལ་གདན་མཐོ་དམན་གྱི་གདན་ལ་རྒྱལ་བློན་གཉིས་བཞུགས་ནས་སེང་ཆེན་སོགས་ཀྱིས་གྲིབ་ཁྲུས་དང་མནོལ་བསང་བྱས་མཐརཿ སེང་ཆེན་གྱིས་བདུད་རྩིའི་ཁྲུས་ཆབ་གཏོར་ཞིང་རྨ་བྱའི་སྒྲོ་ཡིས་བྱབ་ལ་འདི་སྐད་གསུངས་སོཿ ལྷ་མཆོག་གསུམ་རྩ་གསུམ་དགོངས་སུ་གསོལཿ དེང་འདིར་འདུས་རྒྱལ་བློན་འཁོར་བཅས་ལཿ བདུད་སྨོན་ལོག་དུག་ཆུས་གྲིབ་ཕོག་པསཿ རྐྱེན་མི་གཙང་ཉམས་གྲིབ་མ་ལུས་པཿ བདག་རིག་འཛིན་རྒྱལ་པོའི་ནུས་མཐུ་དངཿ མགོན་རྩ་གསུམ་སྲུང་མའི་བྱིན་རླབས་ཀྱིསཿ ཆབ་དག་བསིལ་མཱ་མ་ཀི་ཡིས་བཀྲུཿ རྐྱེན་མ་རིག་རྣམ་རྟོག་མི་གཙང་ཀུནཿ དབྱིངས་སྒྲིབ་མེད་ཀུན་བཟང་ཀློང་དུ་ཨཱཿ ཞེས་གསུངས་ཤིང་རྨ་བྱའི་སྒྲོ་ཡིས་བྱབ་ཚེཿ རྒྱལ་བློན་འཁོར་བཅས་ཀྱི་ནད་དང་རྨུགས་འཐིབས་མ་ལུས་པཿ རང་སར་ཞི་ནས་གཉིད་སད་པ་ལྟར་གྱུར་ཅིང་སྐུ་ལ་གཟི་མདངས་རྒྱསཿ ཐུགས་ལ་སྤྲོ་བ་ཚད་མེད་རྒྱས་པར་གྱུར་ཏོཿ དེ་ནས་རྒྱལ་བློན་གཉིས་ཀྱིས་སྔོན་ནས་ད་བར་གྱི་སྐྱིད་སྡུག་གི་རྒྱུ་མཚན་ཐམས་ཅད་ཞུ་བ་ཞུ་ལན་མང་དུ་བྱས་ཤིང་ཐམས་ཅད་དགའ་སྤྲོའི་ངང་ནས་བཟའ་བཏུང་ལ་རོལཿ སེང་ཆེན་དཔོན་བློན་ཀུན་ཀྱང་རང་ཡུལ་དང་ཁྱད་མེད་པའི་ཐུགས་བདེ་བག་ཕེབ་བྱུངཿ ཀེ་རུའི་རྒྱལ་ཁབ་ཀྱི་མཆོག་དམན་ཀུན་གྱིས་ཕྱག་འཚལ་ཞིང་མཇལ་དར་ཕུལཿ དེ་ནས་ཡར་ངོ་ཚེས་བཅུ་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་བཀྲ་ཤིས་ཀྱི་ཉི་མ་དེར་སེང་ཆེན་དང་དགྲ་ལྷཿ གཡུ་ལྷ་དང་ཁྲོ་ཐུངཿ འདན་སྲས་སོགས་ལྷ་དམག་རྣམས་དང་ཀེ་རུའི་རྒྱལ་བློན་དམག་དམངས་ཐམས་ཅད་ཤར་ཕྱོགས་ཙ་རི་གཉིས་པ་ཞིང་སྐྱོང་སེང་གེ་གནམ་རྫོང་ལ་ཕེབས་སྐབས་སུ་ནག་ཕྱོགས་སྡེ་བརྒྱད་རྣམས་ཀྱིས་བར་ཆད་སྣ་ཚོགས་རྩོམ་སྙམ་ཡང་འཁུ་ལྡོག་བྱེད་མ་ནུསཿ དེར་ནག་ཕྱོགས་སྡེ་བརྒྱད་འགའ་དང་ཤི་འདྲེ་གསར་སྐྱེས་ཞིག་ཡོད་པས་དེས་འཁུ་ལྡོག་དྲག་པོ་བྱས་ནས་སྤྲིན་ནག་འཁྲིགསཿ རླུང་དམར་འཚུབསཿ མུན་ནག་འཐིབས་པ་སོགས་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་དེ་མ་ཐག་སེང་ཆེན་རིན་པོ་ཆེ་དང་འཇང་ཕྲུག་གཡུ་ལྷ་རྣམ་གཉིས་ཡི་དམ་གུ་རུ་དྲག་པོ་དང་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ་གནོད་བྱེད་རྣམས་མདུན་དུ་བཀུག་ཚེ་ཁོང་རྣམས་ཤིན་ཏུ་སྐྲག་ཅིང་སྲོག་སྙིང་ཕུལ་ཏེ་ཞུས་པཿ ཀྱེ་དབང་ཆེན་གུ་རུ་དྲག་པོ་དངཿ དཔལ་ཆེན་རྡོ་རྗེ་གཞོན་ནུ་མཆོགཿ སྐུ་ནི་ཁྲོ་ཞིང་རྔམ་པའི་གསུངཿ ཡེ་ཤེས་རྡོ་རྗེ་ཁྲོ་བོར་འདུདཿ བདག་ཅག་ནག་ཕྱོགས་སྡེ་བརྒྱད་དངཿ ཤི་འདྲེ་གསར་སྐྱེས་དམ་སྲི་ཀུནཿ ཐོག་མའི་དུས་ནས་འཁྲུལ་བར་འབྱམསཿ གནོང་འགྱོད་མཐོལ་བཤགས་ཕྱིན་ཆད་སྡོམཿ ཐུགས་རྗེས་འདོར་བ་མེད་པར་ཞུཿ ཞེས་ཞུས་པས་ཁྲོ་བོ་གཉིས་ཀྱིས་མགྲིན་གཅིག་ཏུཿ དེང་ཁྱོད་ཅག་ནག་ཕྱོགས་སྡེ་ཚོགས་རྣམསཿ རྒྱུ་མ་རིག་འཁྲུལ་བས་རང་རྒྱུད་བཅིངསཿ དུས་དེ་རིང་རྡོ་རྗེའི་ཐ་ཚིག་བཞགཿ བདུད་ནག་པོའི་ལྟ་ལོག་རྒྱབ་ཏུ་སྐྱུརཿ ཆོས་བསྟན་དང་བསྟན་འཛིན་སྲོག་ལྟར་སྲུངསཿ བཀའ་འགལ་ན་ལུས་སེམས་རྡུལ་དུ་བརླགསཿ དམ་མ་འདའ་བཛྲ་ས་མ་ཡཱཿ ཞེས་གསུངས་ཏེ་མགོ་ལ་རྡོ་རྗེ་དང་ལྕེ་ལ་མནའ་ཆུ་བཞགཿ མིང་ལ་ཀླུ་བཙན་རྡོ་རྗེ་ཐོག་འབེབས་བཏགསཿ ཆོ་འཕྲུལ་རྣམས་རང་སར་ཞིཿ ཙ་རི་གཉིས་པ་ཞིང་སྐྱོང་སེང་གེ་གནམ་རྫོང་དུ་དུང་སེང་གཡུ་ཡི་རལ་གསེབ་ཀྱི་རྩར་གཡུ་མཚོ་འདོད་འབྱུང་ཟད་མེད་ཀྱི་ཁརཿ གླིང་རྒྱལ་བློན་དང་ཡུལ་དམངས་ཐམས་ཅད་བཞུགསཿ སེང་ཆེན་སོགས་དཔའ་བརྟུལ་རྣམས་དང་ཀེ་རུའི་རྒྱལ་བློན་དང་སྲས་མོ་སོགས་གདན་ལ་བཞུགསཿ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་གནས་བྱིན་གྱིས་བརླབསཿ དེ་ནས་སེང་ཆེན་རིན་པོ་ཆེས་ཞལ་ནས་འོ་ན་དེ་རིང་བཀྲ་ཤིས་ཉི་མ་ལ་ཙ་རི་གཉིས་པ་ཞིང་སྐྱོང་སེང་གེ་གནམ་རྫོང་གི་གནས་སྒོ་ཕྱེ་བ་དང་ཟབ་གཏེར་ཆོས་གྱི་མཛོད་གདན་དྲངས་པའི་དུས་ལ་བབ་པས་སྔོན་གྱི་སྨོན་ལམ་དང་གཏད་རྒྱའི་མཐུ་གྲུབ་པ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་གཏེར་སྒོ་ཕྱེ་དགོས་པ་དངཿ གཏེར་སྒོ་འབྱེད་པའི་ལྡེ་མིག་ནི་སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མ་ཡིན་པསཿ གཏེར་གྱི་བརྡ་བྱང་ཇི་ལྟ་བ་བཞིན་དུ་མཛོད་ཅིགཿ གསུངས་ནས་གཡུ་ལྷ་དང་སྲས་མོ་གཉིས་ལ་དར་དཀར་པོ་སྲིད་དུ་རིང་བ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འཛོམས་པ་རེ་གནངཿ དེ་ནས་སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མ་དེས་ཕྱག་གཡས་པས་རིན་ཆེན་མདའ་དར་ཁ་ཏོག་ལྔ་ལྡན་གཡུགཿ གཡོན་པས་རིན་ཆེན་གསེར་གྱི་མེ་ལོང་གཡའ་བྲལ་ཞིག་ཐོགས་ནས་གླུ་འདི་བླངས་སོཿ གླུ་ཨ་ལ་སྐྱེ་བ་མེད་པའི་གླུཿམ་ཐ་ལ་འགག་པ་མེད་པའི་ངགཿ དོན་བརྗོད་བྲལ་རྡོ་རྗེའི་གླུ་དབྱངས་ལེནཿ མ་རྗེ་བཙུན་སྒྲོལ་མ་དཀར་སྔོན་མཁྱེནཿ ངག་དབང་དབྱངས་ཅན་ལྷ་མོ་དངཿམ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་མཁྱེནཿ དུས་དེ་རིང་བུ་མོའི་གླུ་སྣ་དྲངསཿ ལས་གང་རྩོམ་འགྲུབ་པའི་གྲོགས་མཛོད་ཅིགཿ ས་འདི་ཡི་ས་ངོ་མ་ཤེས་ནཿ གནས་འོག་མིན་ཙ་རི་གཉིས་པ་མཆོགཿ དཔལ་ཞིང་སྐྱོང་སེང་གེའི་གནམ་རྫོང་གིཿ གཡུ་མཚོ་འདོད་འབྱུང་ཟད་མེད་ཁརཿ ཐང་ཡུལ་ལྗོངས་པད་མ་འབུམ་ཐང་རེདཿ སྨན་ང་འདྲའི་ང་ངོ་མ་ཤེས་ནཿ ཡུལ་ཨ་ཁྱུང་ཀེ་རུ་ཕྱུག་མོ་ནསཿ ཡབ་གཡུ་འབྲུག་སྟོབས་ལྡན་རྒྱལ་པོ་ཡིཿ སྲས་མོ་དབྱངས་ཅན་འོད་གསལ་སྒྲོནཿ དེ་རིང་བཀྲ་ཤིས་ཉི་མ་ལཿ སྟེང་ན་བཀྲ་ཤིས་འཇའ་ཚོན་ཤརཿ བར་ན་བཀྲ་ཤིས་མེ་ཏོག་འབེབསཿ ས་ལ་བཀྲ་ཤིས་གཏེར་གྱིས་གངཿ བཀྲ་ཤིས་དཔལ་གཡང་ཕུན་སུམ་ཚོགསཿ འཇང་ཕྲུག་གཡུ་ལྷ་རིན་པོ་ཆེཿ ཞལ་རས་ཉ་རྒྱས་ཟླ་བའི་དབྱིབསཿ སྐུ་མདོག་དཀར་ལ་དམར་བའི་མདངསཿ པད་མའི་འཛུམ་མདངས་རྒྱས་པ་འདྲཿ ལྷ་རྒྱུད་མེ་ཏོག་འཁྲུངས་པའི་རྟགསཿ གཡུ་རྨོག་ཁྱུང་རྫོང་བཙན་པོ་དེཿ དབུ་འཕང་དགུང་ལས་མཐོ་བའི་རྟགསཿ གཡུ་ཁྲབ་རྡོ་རྗེའི་གུར་ཁང་དེཿ སྐུ་སྲོག་བྲག་ལས་མཁྲེགས་པའི་རྟགསཿ རྒྱ་ལྷམ་ཟབ་ཆེན་གསོལ་ཡིསཿ བདུད་དམ་སྲི་དྲག་པོས་འདུལ་བའི་རྟགསཿ འཁོར་གསུམ་དཔའ་བརྗིད་ཆེ་བ་དེཿ སྟག་ཕྲུག་ཚང་ནས་ལངས་པ་འདྲཿ དགྲ་བཞི་ཟིལ་གྱིས་གནོན་པའི་རྟགསཿ ཤེས་རབ་རལ་གྲི་མདའ་གཞུ་འཆངཿ ཉོན་མོངས་གཡུལ་ངོ་བཟློག་པའི་རྟགསཿ གསུང་ཚངས་པའི་དབྱངས་ལྟར་སྙན་པ་དེསཿ འགྲོ་དྲུག་བདེ་ལ་འགོད་པའི་རྟགསཿ སྔོན་གངས་ལྗོངས་དཔལ་གྱི་བསམ་ཡས་སུཿ ཕ་ཨོ་རྒྱན་མཚོ་སྐྱེས་བླ་མའི་དྲུངཿ རྗེ་ལྷ་སྲས་མུ་ཏིག་བཙད་པོ་དངཿ གནུབས་ནམ་མཁའི་སྙིང་པོ་ཟུང་གི་སྤྲུལཿ དུས་ད་ལྟ་གཡུ་ལྷ་ཐོག་འགྱུར་རེདཿ སྔོན་དབྱངས་ཅན་ཡེ་ཤེས་མཚོ་རྒྱལ་མཿ དུས་ད་ལྟ་སྲས་མོ་ང་རང་ཡིནཿ རྗེས་མར་ཀེ་རུའི་རྒྱལ་ཁབ་ཏུཿ མཇལ་བའི་ལས་འཕྲོ་འཛོམས་འོང་གསུངསཿ ལུང་བསྟན་པའི་སྨོན་ལམ་ད་ལྟ་འགྲུབཿ དེ་ནས་ཡིན་ལུགས་འདི་འདྲ་ཡོདཿ གནས་དུང་སེང་གཡུ་ཡི་རལ་གསེབ་འདིརཿ མགོན་གྲུབ་དབང་ཨོ་རྒྱན་ཡབ་ཡུམ་གྱིསཿ ཆོས་ནང་རྒྱུད་སྡེ་གསུམ་ཟབ་མོའི་བཅུདཿ གསུང་པོ་ཏིའི་ཚུལ་གྱིས་གཏེར་དུ་སྦསཿ གཡུ་མཚོ་འདོད་འབྱུང་ཟད་མེད་དུཿ ནོར་རིན་ཆེན་དབང་གི་རྒྱལ་པོ་དངཿ མགོན་ཨོ་རྒྱན་དངོས་དང་ཁྱད་མེད་པའིཿ སྐུ་ཚབ་མཐོང་བ་རང་གྲོལ་དངཿ ཐུགས་ཤེལ་དཀར་མཆོད་སྡོང་གྲུ་གང་བཿ རྒྱུ་པད་མ་རཱ་གའི་སྒྲོམ་བུ་དངཿ གསེར་དངུལ་དང་རིན་ཆེན་རིགས་སྣ་ཚོགསཿ ད་ལྟ་ལེན་པའི་དུས་སུ་བབཿ བོད་གངས་ལྗོངས་བདེ་སྐྱིད་ལྡན་ཕྱིར་དངཿ མ་འགྲོ་ཀུན་འདྲེན་ཕྱིར་གཏེར་སྒོ་འབྱེདཿ གཏེར་འདོན་མི་གཡུ་ལྷ་དཔའ་བོ་ཡིནཿ ལྡེ་མིག་སྲས་མོ་ང་རང་ཡིནཿ སྔོན་སྨོན་ལམ་རྟེན་འབྲེལ་བཟང་པོའི་མཐུསཿ ཅི་བསམ་ལྷུན་གྱིས་འགྲུབ་པར་ཤོགཿ གླུ་གསན་ན་སྙན་གྱི་རྒྱན་དུ་བཞེསཿ མ་གསན་གླུ་ལ་འགྲེལ་བ་མེདཿ ཅེས་གསུངས་ནས་མདའ་དར་དེ་དུང་སེང་གཡུ་ཡི་རལ་གསེབ་ཀྱི་གཏེར་སྒོ་པད་མ་འདབ་བརྒྱད་སྟེང་དུ་བཙུགསཿ དེ་ནས་གཡུ་ལྷ་རིན་པོ་ཆེ་དེ་ཉིད་ཕྱི་འདུལ་བའི་ཆ་ལུགས་ཆོས་གོས་རྣམ་གསུམཿ ནང་བྱང་སེམས་ཀྱི་ཆ་ལུགས་དར་དཀར་གསེར་གྱི་རྨ་འབྲུག་ཁ་སྤྲོད་ཀྱི་ན་བཟའ་དངཿ གསང་བ་སྔགས་ཀྱི་ཆ་ལུགས་ཕོད་ཁ་མཐིང་ནགཿ ཡང་གསང་བླ་མེད་ཆ་ལུགས་པད་ཞྭ་མཐོང་གྲོལ་ལམ་རྨ་བྱའི་སྒྲོ་ཡིས་མཛེས་རྒྱན་སྤྲད་པཿ གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་དངཿ གཡོན་པས་དངུལ་དཀར་གྱི་དྲིས་བུ་དཀྲོལཿ ཞལ་ནས་བཛྲ་གུ་རུ་དང་པད་མོ་ཡོ་གི་ཟུང་འབྲུ་བཅུ་གཉིས་པའི་སྒྲ་དབྱངས་སྒྲོག་བཞིན་བྲག་གི་ལོག་ནམ་མཁའ་རྟེན་མེད་དུ་ཞལ་འཛུམ་བཞིན་འདི་སྐད་གསུངས་སོཿ གླུ་ཨ་ལ་སྣང་བ་ཐབས་ཀྱི་གླུཿ མ་ཐ་ལ་སྟོང་པ་ཤེས་རབ་གླུཿ དོན་སྣང་སྟོང་ཟུང་འཇུག་བརྡ་གླུ་འདིཿ ཐོས་ཚད་ཀྱི་རིག་ངོ་མཐོང་གྱུར་ཅིགཿ ས་འདི་ཡི་ས་ངོ་མ་ཤེས་ནཿ གནས་འོག་མིན་ཞིང་སྐྱོང་སེང་གདོང་གནསཿ དུང་བྲག་དཀར་སེང་གེ་གཡུ་རལ་རེདཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ འཇང་ཡུལ་ཞི་ཐང་ཁྲ་མོ་ནསཿ ཡང་བཙན་ནམ་མཁའ་ཁྱུང་རྫོང་ལཿ གཡུ་འབྲུག་ཟིལ་པའི་ཡང་རྫོང་དུཿ དཔལ་གསང་བའི་བདག་པོའི་རྣམ་སྤྲུལ་ལཿ ལྷ་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་སྲསཿ མགོན་སེང་ཆེན་བླ་མའི་ཆོས་བློན་མཆོགཿ འཇང་གཡུ་ལྷ་པད་མ་བདུད་འདུལ་ཡིནཿ ཚུར་གསོན་དང་རྒྱལ་བློན་འཁོར་བཅས་རྣམསཿ དུས་དེ་རིང་ཕུན་ཚོགས་ལྔ་ལྡན་འདིརཿ སྔོན་ཨོ་རྒྱན་པད་མ་ཡབ་ཡུམ་གྱིསཿ བསྟན་འགྲོ་བའི་རྒུད་པ་སེལ་ཕྱིར་དུཿ བྲག་མི་འགྱུར་བཅུད་ལ་སྦས་པ་ཡིཿ ཆོས་ནང་རྒྱུད་ཡོ་ག་རྣམ་གསུམ་གྱིཿ དོན་ཟབ་བཅུད་གླེགས་བམ་བཅུ་གསུམ་དེཿ དུས་དེ་རིང་བདག་གིས་གཏེར་ནས་འདོནཿ ཡང་འདོད་འབྱུང་ཟད་མེད་གཡུ་མཚོ་རུཿ རྫས་རིན་ཆེན་སྐུ་གསུང་ཐུགས་ཀྱི་རྟེནཿ ལས་བཞི་མཆོག་གྲུབ་པའི་ནོར་བུ་སོགསཿ དེ་འདོན་པའི་དུས་ལ་བབ་པ་ཡིནཿ ཀླུ་མི་མགོན་དུང་ཟླ་འབུམ་པ་དངཿ སྨན་བསྟན་སྲུང་ཚེ་རིང་མཆེད་ལྔ་གསོནཿ བསང་གསེར་སྐྱེམས་བདུད་རྩིའི་མཆོད་སྤྲིན་འབུམཿ སྔོན་གཏེར་གྱི་སྲུང་མར་མངའ་གསོལ་ཚེཿ ཕ་ཨོ་རྒྱན་པད་མའི་ཐ་ཚིག་བཞིནཿ གནས་མཚོ་དྲག་སྦས་པའི་གཏེར་ཐམས་ཅདཿ དུས་ཐོགས་མེད་བདག་ལ་གཏད་པར་མཛོདཿ སྙིགས་མའི་བསྟན་འགྲོའི་རྒུད་པ་སེལཿ སྲིད་ཁམས་གསུམ་འདྲེན་པའི་འགྲོ་དོན་ཡོདཿ གླུ་གསན་ན་ཐུགས་ཀྱི་དཔལ་བེར་ཆོངསཿ མ་གོ་ངག་ལ་ཡང་ཟློས་བྲལཿ ཞེས་གསུངས་པ་ན་གཏེར་སྒོ་རང་ཕྱེ་རུ་སོངཿ དྲི་ཞིམ་སྤོས་ཀྱི་ངད་པ་འཐུལ་དབྱངས་སྙན་རོལ་མོའི་སྒྲ་དབྱངས་བསྒྲགསཿ འཇའ་སྤྲིན་ཀློང་དུ་མེ་ཏོག་གི་ཆར་བབ་པ་དང་མཉམ་དུ་རིན་པོ་ཆེའི་སྒམ་ཆུང་ཞིག་གི་ནང་དུ་གསུང་རབ་རིན་ཆེན་གསེར་གྱིས་བྲིས་པའི་པོ་ཏི་བཅུ་གསུམ་ལ་དཔེ་རིས་དང་གདོང་དར་ཐམས་ཅད་ལྷ་ཀླུའི་ཕྱག་བཟོ་བྱས་པ་ཞིག་བླངསཿ དེ་དང་མཉམ་དུ་གཡུ་མཚོའི་ནང་ནས་ཁ་རླངས་ལྟ་བུའི་འཇའ་སྤྲིན་མང་པོའི་དབུས་ནས་གོང་གི་གཏེར་ཐམས་ཅད་ཐོགས་མེད་དུ་སྨན་བཙུན་ཚེ་རིང་མཆེད་ལྔས་གཏདཿ དེ་དུས་སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མས་རིན་པོ་ཆེ་སྣ་ཚོགས་མཚོ་བྲག་གཉིས་ལ་གཏེར་ཚབ་ཏུ་བཞགཿ སྲས་མོས་མདའ་དར་དེ་གཡུ་ལྷའི་མཚན་སྙན་བསྐལ་པའི་བར་དུ་ནུབ་པ་མེད་པའི་རྟེན་འབྲེལ་དུ་དུང་སེང་གཡུ་རལ་གྱི་བྲག་རྩེ་རུ་བཙུགསཿ གཏེར་གྱི་སྲུང་མ་རྣམས་ལ་གཏང་རག་ཕུལཿ དེ་དུས་རྒྱལ་བློན་མངའ་འབངས་ཐམས་ཅད་དད་སྤྲོ་གུས་གསུམ་གྱིས་བསྟོད་པའི་ཚིག་མང་པོ་ཡོད་ཀྱང་ཡི་གེ་མང་བར་དོགས་ནས་མ་བྲིས་སོཿ དེ་ནས་སྐུ་ཚབ་དང་མཆོད་རྟེན་སོགས་ཀེ་རུའི་རྟེན་སྐལ་དུ་གནངཿནོར་བུ་དབང་རྒྱལ་དང་རྫས་སྒྲོམ་སོགས་གླིང་ལ་གནངཿ དེ་མེན་གསེར་དངུལ་གཟི་བྱུར་གཡུ་མཆོང་སོགས་ནོར་བུའི་རིགས་སྣ་ཚོགས་འགྱེད་ཅིངཿ ཀེ་རུའི་རྒྱལ་ཁབ་ཀྱི་ཆེ་ཆུང་མཆོག་དམན་ཀུན་ཡིད་ཚིམས་པར་བྱས་སོཿ དེ་ནས་གནས་མཇལ་གྱི་ཆེད་དུ་ཉིན་བདུན་ལ་རྒྱལ་བློན་འཁོར་བཅས་གནས་དེར་བཞུགསཿ སླར་ཀེ་རུའི་ཕོ་བྲང་དུ་ཕྱིར་ཕེབས་ཤིང་ཀེ་རུའི་ཡུལ་གླིང་ཐམས་ཅད་འདུས་ནསཿ སེང་ཆེན་ནོར་བུ་དགྲ་འདུལ་གསེར་ཁྲི་བདུད་དཔུང་ཟིལ་གནོན་ལ་བཞུགས་ནས་ཀེ་རུའི་དཔོན་འབངས་ཡོངས་ལ་བཀའ་ཁྱབ་དང་བཀྲ་ཤིས་སྨོན་ལམ་གྱི་གླུ་འདི་ལྟར་བླངས་སོཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་མཁྱེནཿ མ་འགྲོ་དྲུག་འཁོར་བའི་གནས་སྟོང་ཞིངཿ གླིང་ལྷ་སྡེའི་ཆོས་སྲིད་རྒྱས་པར་ཤོགཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ དེ་སྔ་མུན་ནག་བདུད་ཀྱི་ཡུལཿ དེ་རིང་དམ་ཆོས་ཉི་མ་ཤརཿ ཨ་ཁྱུང་ཀེ་རུ་ཕྱུག་མོ་ཡིཿ ཕོ་བྲང་པད་མ་འབུམ་རྫོང་རེདཿ ང་འདྲའི་ང་ངོ་མ་ཤེས་ནཿ མགོན་སངས་རྒྱས་སྟོང་གི་ཐུགས་སྲས་ལཿ དཔའ་ཡ་སེང་འཕྲུལ་གྱི་ལྡེ་མིག་དངཿ མགོན་མ་སེང་ནོར་བུ་དགྲ་འདུལ་ཡིནཿ དེང་རབ་མྱོས་ལྕགས་ཕོ་རྟ་ལོ་འདིརཿ ཡུལ་ཀེ་རུའི་བདུད་ཁམས་ཆོས་ལ་བསྒྱུརཿ ང་འཛམ་གླིང་སྐྱེས་བུའི་ཐུགས་བཞེད་འགྲུབཿ འཇང་གཡུ་ལྷ་དཔའ་བོའི་སྒོས་དོན་འགྲུབཿ དེ་རིང་ཉི་མ་ཕན་ཆད་ནསཿ ཡུལ་ཀེ་རུ་རྒྱལ་ཁམས་མ་ལུས་པཿ འཇང་གཡུ་ལྷ་དཔོན་ལ་གཏད་པ་ཡིནཿ མངའ་འབངས་བདེ་སྐྱིད་ལམ་ལ་ཁྲིདཿ ཆོས་དགེ་བ་བཅུ་ཡི་བཅའ་ཁྲིམས་སྡོམསཿ གཡུ་ལྷ་དཔའ་བོས་ཅི་གསུངས་མཛོདཿ གླིང་དཔོན་དམག་ཀེ་རུར་འོང་ལེ་འདིསཿ བདུད་ནག་པོའི་བསྟན་པ་བསྣུབས་ལེ་ཡིནཿ ད་དཔོན་དམག་མི་སྡོད་རང་ཡུལ་ལོགཿ ཁྱེད་འདིར་ཚོགས་སྐུ་ཁམས་བདེ་མོར་བཞུགསཿ གནས་འདི་རུ་རྒྱལ་བསྟན་དར་ཞིང་རྒྱསཿ མ་འགྲོ་ཀུན་རྒྱལ་བའི་གོ་འཕང་ཐོབཿ སྲིད་ཁམས་གསུམ་སྟོང་བའི་བཀྲ་ཤིས་ཐོགཿ འདིར་བཞུགས་ཐུགས་ལ་དེ་ལྟར་ཞོགཿ ཅེས་གསུངས་སོཿ དེ་ནས་འཇང་གཡུ་ལྷ་དཔའ་བོ་དེས་ཀེ་རུའི་ཡུལ་གླིང་ལ་བཀའ་ཁྱབ་འདི་བསྒྲགས་སོཿ གླུ་ཨ་ལ་སྐྱེ་བ་མེད་པའི་གླུཿ ཕ་མཚོ་སྐྱེས་བླ་མ་ཡབ་སྲས་མཆོདཿ མ་ཐ་ལ་འགག་པ་མེད་པའི་གླུཿ དབྱིངས་བདེ་སྟོང་དཔའ་བོ་མཁའ་འགྲོ་མཆོདཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ ཡུལ་ཨ་ཁྱུང་ཕོ་བྲང་འབུམ་རྫོང་རེདཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་ཡིནཿ གསོན་དང་ཀེ་རུའི་རྒྱལ་བློན་དངཿ ལྷ་ཅིག་དབྱངས་ཅན་འོད་གསལ་སྒྲོནཿ དམངས་མཆོག་དམན་ཀུན་གྱི་སྙན་དབང་གསོནཿ ཡུལ་ཨ་ཁྱུང་ཀེ་རུའི་་རྒྱལ་ཁབ་ལཿ གཙུག་ལག་ཁང་སྟོང་དང་རྩ་བརྒྱད་དགོསཿ དེར་སྐུ་གསུང་ཐུགས་རྟེན་གྲངས་ལྡན་དགོསཿ ཆོས་བཤད་སྒྲུབ་བསྟན་པའི་རྩ་བ་དེཿ གཞི་རབ་བྱུང་སྡེ་དང་སྔགས་སྡེ་དགོསཿ ལམ་མདོ་སྔགས་གཞུང་ནས་གསུངས་པ་བཞིནཿ སྡོམ་དམ་ཚིག་མིག་འབྲས་བཞིན་དུ་སྲུངསཿ མདོ་སྔགས་ཀྱི་བཤད་གྲྭ་སྟོང་རྩ་དགོསཿ བླ་རྫོགས་ཐུགས་གསུམ་ལ་བརྟེན་ནསཿ སྔགས་བླ་མེད་སྒྲུབ་གྲྭ་སྟོང་རྩ་དགོསཿ ལམ་ཁྲེགས་ཐོད་སྒོམ་གྲྭ་སྟོང་རྩ་དགོསཿ སྐྱེ་ཕོ་མོ་ཀུན་གྱིས་ཡིག་རྩིས་སློབསཿ ཆོས་ཉན་བཤད་བྲི་ཀློག་སྒོམ་སྒྲུབ་དགོསཿ ཚོགས་བསགས་དང་སྒྲིབ་སྦྱངས་དགེ་བཅུ་སྒྲུབསཿ རྗེ་བླ་མ་རྣམས་ཀྱིས་ཆོས་བཞིན་སྐྱོངསཿ གོང་དཔོན་པོ་རྣམས་ཀྱིས་སྒྲུབ་གྲོགས་དགོསཿ ཆོས་བསྟན་གྱིས་ས་གཞི་ཁྱབ་པ་དགོསཿ དམ་སེལ་གྱི་ལྟུང་བ་མེད་པར་དགོསཿ འདྲེས་ཁྱེར་གྱི་བསླད་མ་ཞུགས་པ་དགོསཿ ཆོས་བསྟན་པ་སྐྱོང་ཚུལ་དེ་འདྲ་དགོསཿ དགྲ་བྱུང་ན་མདུང་སོ་མཉམ་འཛིན་དགོསཿ གྲོགས་བྱུང་ན་གྲི་སོས་མཉམ་བསྒོས་དགོསཿ གོང་དཔོན་སྡེ་བསམ་པ་གཅིག་མཐུན་དགོསཿ གླིང་སེང་ཆེན་སྐྱེས་བུའི་བཀའ་ལུང་དངཿ ང་གཡུ་ལྷའི་བཀའ་འཕྲིན་ནམ་བྱུང་ཚེཿ ཡིད་དགའ་སྤྲོའི་བདུད་རྩི་འཐུང་བཞིན་དགོསཿ བཀའ་བསྒྲུབས་ལ་དགའ་བའི་དཔའ་དར་གནངཿ ཁྲིམས་འགལ་ལ་ལུགས་བཞིན་ཁྲིམས་གཅོད་བྱེདཿ འཇང་མོན་དང་ཀེ་རུའི་རྒྱལ་ཁབ་གསུམཿ ང་གཡུ་ལྷ་རྒྱལ་པོའི་ལྷ་སྡེ་ཡིནཿ དོན་གོའམ་ཀེ་རུའི་རྒྱལ་བློན་དམངསཿ དུས་དེང་ནས་འདིར་འདུས་ཕོ་མོའི་གཙོའིཿ ལམ་བཟང་ངན་འབྲེལ་བའི་འགྲོ་བ་ཀུནཿ གནས་བདེ་ཆེན་མཁའ་སྤྱོད་མཁའ་འགྲོའི་གླིངཿ ཕྱམ་གཅིག་ཏུ་གྲོལ་བའི་སྨོན་ལམ་འདེབསཿ ཨོཾཿ ཀ་དག་ཆེན་པོའི་མཁའ་དབྱིངས་ནསཿ ཨཱཿ ལྷུན་གྲུབ་འོད་གསལ་རྟ་བདུན་མཛེསཿ ཧཱུྃཿ མ་རིག་འཁོར་བའི་མུན་ཁམས་སངསཿ ཧྲཱིཿ འགྲོ་ཀུན་གདོད་མར་བྱང་ཆུབ་ཤོགཿ བཀྲ་ཤིས་སོ་དཀར་ཕྱོགས་ལྷ་རྒྱལ་ལོཿ བཀྲ་ཤིས་སོ་ནག་ཕྱོགས་བདུད་ཕམ་མོཿ བཀྲ་ཤིས་པའི་སྨོན་ཚིག་རྔ་སྒྲ་ཡིསཿ བཀྲ་ཤིས་པས་ས་གསུམ་འགེངས་གྱུར་ཅིགཿ ཅེས་གསུངས་ཤིང་ཐམས་ཅད་ཀྱི་དད་སྤྲོ་ཚད་མེད་ཀྱིས་ལེགས་སོ་ཞུས་པའི་སྒྲ་འབྲུག་སྒྲ་ལྡིར་བ་ལྟ་བུའི་ངང་ནས་འདུ་ཚོགས་གྲོལཿ ཕྱི་ཉིན་སེང་ཆེན་རིན་པོ་ཆེའི་གཙོའི་རྒྱལ་བློན་ལྷ་དམག་ཐམས་ཅད་ཀྱིས་ཀེ་རུའི་ཡུལ་གླིང་ཆོས་ལ་བསྒྱུར་བའི་རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེང་བཞིན་དུ་དབྱར་གྱི་ཆུ་བོ་བབ་པ་བཞིན་གླིང་དཀར་ཡུལ་དུ་ཆས་པའི་ཚེཿ ཀེ་རུའི་རྒྱལ་བློན་སྲས་མོ་མངའ་འབངས་བཅས་ཞག་གསུམ་དེར་བཞུགས་ནས་སྐུ་ངལ་གསོསཿ དེར་ཕན་ཚུན་འབྲལ་མི་ཕོད་པའི་ངང་ནས་ཞུ་བ་ཞུ་ལན་མང་དུ་ཡོད་ཀྱང་འབྲི་བར་མ་ནུསཿ དེ་ནས་སེང་ཆེན་འཁོར་བཅས་བྱོན་གྲབས་བྱེད་ཚེ་རྒྱལ་པོ་གཡུ་འབྲུག་སྟོབས་ལྡན་གྱིས་བདེ་ཞུས་ཀྱི་གླུ་འདི་ལྟར་བླངས་སོཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ གནས་བྱ་རྒོད་ཕུང་པོའི་རི་བོ་ནསཿ ལྷ་བཅོམ་ལྡན་ཐུབ་པའི་དབང་པོ་མཁྱེནཿ ས་འདི་ཡི་ས་ངོ་མ་ཤེས་ནཿ གནས་བཀྲ་ཤིས་དུང་དཀར་ཡར་ཐང་རེདཿ ཕོ་ང་འདྲའི་ང་ངོ་མ་ཤེས་ནཿ ཡུལ་ཨ་ཁྱུང་ཀེ་རུ་ཕྱུག་མོ་ནསཿ རྗེ་རྒྱལ་པོ་གཡུ་འབྲུག་སྟོབས་ལྡན་ཡིནཿ མགོན་སེང་ཆེན་ནོར་བུ་དགྲ་འདུལ་དངཿ གླིང་འདིར་བཞུགས་སྙན་དབང་བདག་ལ་གསོནཿ ཁྱེད་རྟ་བདུན་དབང་པོའི་དཀྱིལ་འཁོར་དེཿ དུས་རེ་ཞིག་གླིང་གཞན་བཞུད་ན་ཡངཿ ཡུན་མི་རིང་བདག་ཅག་པད་ཚལ་དེཿ སླར་ཡང་ཡང་སྐྱོང་བའི་བཀའ་དྲིན་ཞུཿ ད་གླིང་གི་སེང་ཆེན་དཔོན་འཁོར་རྣམསཿ སྐུ་གླིང་དཀར་སྟོད་ལ་བྱོན་ན་ཡངཿ ཐུགས་བརྩེ་བས་དུས་ཀུན་མི་འདོར་བརཿ ཡུལ་ཨ་ཁྱུང་ཀེ་རུར་བྱོན་པར་འཚལཿ དུས་དེ་རིང་བཀྲ་ཤིས་ཉི་མ་འདིརཿ གླིང་རྒྱལ་བློན་རང་ཡུལ་བྱོན་པའི་དུསཿ ཡིད་སྐྱོ་ཡང་འདུས་མཐའ་བྲལ་པའི་ཆོསཿ ད་འདི་ནས་བྱང་ཆུབ་སྙིང་པོའི་བརཿ རྗེ་དཔོན་བློན་རྣམས་དང་ལྷན་གཅིག་ཏུཿ ཆོས་ཐེག་དགུའི་དཔལ་ལ་ལོངས་སྤྱོད་ནསཿ བསྟན་འགྲོ་བའི་དོན་ཆེན་འགྲུབ་པར་སྨོནཿ གླུ་གསན་ན་སྙན་གྱི་རྒྱན་དུ་མཆོདཿ མ་གསན་གླུ་ལ་འགྲེལ་བ་མེདཿ གླིང་རྒྱལ་བློན་འཁོར་བཅས་ཐུགས་ལ་ཞོགཿ ཅེས་གསུངས༔ དེ་ནས་གླིང་སེང་ཆེན་རིན་པོ་ཆེས་ཀེ་རུའི་རྒྱལ་བློན་འཁོར་བཅས་ལ་ཐུགས་བརྩེ་བའི་འཛུམ་ཞལ་ངོམ་བཞིན་དུ་འདི་སྐད་གསུངས་སོཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ གནས་ཟ་བྱེད་ལྷོ་ནུབ་སྲིན་གླིང་ནསཿ ཕ་ཨོ་རྒྱན་རཀྴ་ཐོད་ཕྲེང་མཁྱེནཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གནས་དུང་དཀར་བཀྲ་ཤིས་ཡར་ཐང་རེདཿ ཕོ་ང་འདྲའི་ང་ངོ་མ་ཤེས་ནཿ མགོན་སངས་རྒྱས་སྟོང་གི་ཐུགས་སྲས་ལཿ རྗེ་སེང་ཆེན་ནོར་བུ་དགྲ་འདུལ་ཡིནཿ དེང་འདིར་ཚོགས་ཀེ་རུའི་རྒྱལ་བློན་དང་ཿ སྒོས་རྒྱལ་པོ་གཡུ་འབྲུག་སྟོབས་ལྡན་གྱིཿ ཐུགས་བརྩེ་བས་དགོངས་ལ་སྙན་གྱིས་གསོནཿ ཁྱེད་ལྷ་ལམ་ཡངས་པ་བདེ་མོར་བཞུགསཿ ང་རྟ་བདུན་དབང་བོ་གླིང་གཞན་འགྲོཿ གླིང་གཞན་གྱི་མུན་པ་བསལ་བྱས་ནསཿ ཡུན་མི་རིང་ལྷ་ལམ་བསྙེགས་ནས་ཡོངཿ ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུཿ ཁྱེད་ཀེ་རུའི་རྒྱལ་བློན་བདེ་བར་བཞུགསཿ ངེད་སེང་ཆེན་འཁོར་བཅས་རང་ཡུལ་འགྲོཿ ཆོས་མདོ་སྔགས་བསྟན་པའི་རྒྱལ་མཚན་བསྒྲེངསཿ ཡུན་མི་རིང་ཀེ་རུའི་ཡུལ་དུ་ཕེབསཿ ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུཿ ཐུགས་སྐྱོ་བ་མ་མཛད་རྒྱལ་བློན་རྣམསཿ འདུས་བྱས་ཀྱི་ཆོས་ཀུན་སྒྱུ་མ་བཞིནཿ དོན་བདེན་མེད་སྟོང་པའི་གཤིས་ལུགས་དེཿ ཚུལ་ཇི་བཞིན་ཤེས་པས་བདེ་བར་བཞུགསཿ གླུ་གསན་ན་སྙན་གྱི་བུ་རམ་གྱིསཿ མ་གསན་གླུ་ལ་འགྲེལ་བ་མེདཿ ཁྱེད་རྒྱལ་བློན་ཐུགས་ལ་དེ་ལྟར་ཞོགཿ ཅེས་གསུངས་སོཿ དེའི་རྗེས་སུ་སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མས་སེང་ཆེན་ནོར་བུ་དགྲ་འདུལ་དང་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གཙོའི་གླིང་དམག་སྐུ་འཁོར་ཞབས་འབྲངས་དང་བཅས་པར་བདེ་ཞུས་ཀྱི་གླུ་འདི་ཕུལ་ལོཿ གླུ་ཨ་ལ་ཀ་དག་ཁྲེགས་ཆོད་གླུཿམ་ཐ་ལ་ལྷུན་གྲུབ་ཐོད་རྒལ་ངགཿ གནས་ཛ་ལན་ངྷ་རའི་ཕོ་བྲང་ནསཿ སྐྱབས་མཆོག་གསུམ་མ་ཧཱ་གུ་རུ་དངཿ མ་དབང་མཛད་ཀུ་རུ་ཀུལླེ་མཁྱེནཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གནས་དུང་དཀར་བཀྲ་ཤིས་ཡར་ཐང་རེདཿ སྨན་ང་འདྲའི་ང་ངོ་མ་ཤེས་ནཿ རྗེ་གཡུ་འབྲུག་སྟོབས་ལྡན་སྲས་མོ་ལཿ ང་དབྱངས་ཅན་འོད་གསལ་སྒྲོལ་མ་ཡིནཿ གླིང་སེང་ཆེན་སྐྱེས་བུ་དོན་འགྲུབ་དངཿ སྒོས་འཇང་སྲས་གཡུ་ལྷ་རིན་པོ་ཆེཿ ཐུགས་མ་ཡེངས་ང་ཡི་གླུ་ལ་གསོནཿ སེང་དཀར་མོ་ཡུལ་གཞན་སོང་ན་ཡངཿ གངས་དཀར་ཡག་ཐུགས་ཀྱིས་མི་འདོར་བརཿ དུས་མི་རིང་ཕེབས་པའི་བཀའ་དྲིན་ཞུཿ སེང་དཀར་མོ་འགྱིངས་ས་དཀར་ཡག་གངསཿ གངས་ངེད་ཚོས་བློ་རྩེ་ཁྱེད་ལ་གཏདཿ སྟག་དམར་ཡག་ཕྱོགས་གཞན་སོང་ན་ཡངཿ ནགས་རྒྱ་རྫོང་ཐུགས་ཀྱིས་མ་བརྗེད་པརཿ ཡུན་མི་རིང་ཕེབས་པའི་བཀའ་དྲིན་ཞུཿ སྟག་དམར་ཡག་གནས་ས་རྒྱ་རྫོང་ནགསཿ ནགས་ངེད་ཚོས་བློ་རྩེ་ཁྱེད་ལ་གཏདཿ ཁྱེད་རྒྱལ་བློན་རང་ཡུལ་བྱོན་ན་ཡངཿ ངེད་ཀེ་རུ་ཐུགས་ཀྱིས་མ་འདོར་བརཿ དུས་མི་རིང་ཕེབས་བའི་བཀའ་དྲིན་ཞུཿ སྐྱབས་འགྲོ་མགོན་བཞུགས་ས་གདུལ་བྱའི་ཞིངཿ ཡུལ་ཀེ་རུའི་བདུད་ཀྱི་མུན་པ་བསྣུབསཿ ཆོས་ཡང་དག་ལྟ་བུའི་ཉི་མ་ཤརཿ ཡིད་དགའ་སྤྲོའི་པད་ཚལ་རྒྱས་པ་སོགསཿ ཁྱེད་རྒྱལ་བློན་བཀའ་དྲིན་བརྗོད་ལས་འདསཿ དུས་དེ་རིང་གླིང་གི་དཔོན་བློན་རྣམསཿ རང་ཡུལ་དུ་བཞུད་པའི་དུས་སྐབས་སུཿ ཤུལ་ལུས་པའི་སྐྱེས་དམན་སྙིང་རྗེའི་ཡུལཿ འབྲལ་མི་ཕོད་མཆི་མའི་ཆར་རྒྱུན་བབསཿ དབུགས་སྟོད་འཚངས་སྐྱོ་བའི་སྤྲིན་ནག་འཐིབསཿ ཐུགས་བརྩེ་བས་དགོངས་སམ་གཡུ་ལྷ་རྗེཿ ད་མང་པོ་ཞུས་ན་ངོ་ཚའི་གནསཿ སྐྱིད་སྡུག་གཉིས་རེས་མོས་འདུས་བྱས་གཤིསཿ ཁྱེད་རྒྱལ་བློན་གླིང་ཡུལ་ཕེབས་ལམ་ནསཿ སྐུ་མི་འགྱུར་ཉེར་འཚེའི་སྤྲིན་དང་བྲལཿ གསུང་འགག་མེད་ཟབ་གཏེར་མཚོ་མོ་རྒྱསཿ ཐུགས་འཁྲུལ་མེད་བཞེད་དོན་ལྷུན་འགྲུབ་ཤོགཿ དོན་ཐུགས་ཡིད་ཆུ་བོ་གཅིག་འདྲེས་ངངཿ དུས་བྱང་ཆུབ་བར་དུ་འབྲལ་མེད་དངཿ སླར་རིང་མིན་མཇལ་བའི་སྨོན་ལམ་ཞུཿ སྔགས་གསང་ཆེན་སྔ་འགྱུར་བསྟན་པ་དེཿ དུས་སྲིད་མཐའི་བར་དུ་རྒྱས་པར་སྨོནཿ གླུ་གསན་ན་སྙན་གྱི་མཆོད་པར་བཞེསཿ མ་གསན་\་ལ་འགྲེལ་བ་ཞུཿ གླིང་རྒྱལ་བློན་ཐུགས་ཀྱི་བཅུད་ལ་ཞོག ཅེས་གསུངས་སོཿ མཇུག་ཏུ་འཇང་ཕྲུག་ལྷ་ཐོག་འགྱུར་དེས་ཀེ་རུའི་རྒྱལ་བློན་ཡོངས་དང་ལྷག་པར་དུ་སྲས་མོ་དབྱངས་ཅན་འོད་གསལ་སྒྲོལ་མ་སོགས་ལ་བདེ་ཞུས་ཀྱི་གསུང་ལན་སྙིང་གི་ཐིག་ལེ་འདི་གནང་ངོཿ གླུ་ཨ་ལ་ཀུན་རྫོབ་སྣང་བའི་གླུཿམ་ཐ་ལ་དོན་དམ་སྟོང་བའི་གླུཿ གནས་ཨོ་རྒྱན་མཁའ་སྤྱོད་མཁའ་འགྲོའི་གླིངཿ མགོན་རིག་འཛིན་དཔའ་བོ་ཌཱཀྐི་མཆོདཿ མ་འགྲོ་དྲུག་འདྲེན་པའི་གྲོགས་མཛོད་ཅིགཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གནས་དུང་དཀར་བཀྲ་ཤིས་ཡར་ཐང་རེདཿ ཕོ་ང་འདྲའི་ང་ངོ་མ་ཤེས་ནཿ བདུད་ནག་ཕྱོགས་འདུལ་བའི་དངོས་གཉེན་མཆོགཿ མགོན་སངས་རྒྱས་བསྟན་པ་སྲུང་བའི་གཉེནཿ ཆོས་རྫོགས་པ་ཆེན་པོའི་རྣལ་འབྱོར་བཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་ཡིནཿ ཡང་དེ་ནས་ཀེ་རུའི་རྒྱལ་བློན་དངཿ སྒོས་སྲས་མོ་དབྱངས་ཅན་འོད་གསལ་སྒྲོནཿ སྙན་དར་ལུང་མ་ཡེངས་ང་ལ་གསོནཿ ཁྱེད་དཀར་ཡག་གངས་རི་བདེ་མོར་བཞུགསཿ ང་གངས་སེང་གཡུ་རལ་ངོམ་བཞིན་དུཿ དགྲ་ཕས་རྒོལ་གཅན་ཚོགས་ཟིལ་མནན་ནསཿ གངས་སེང་གེ་འབྲལ་མེད་སྔོན་གྱི་ལསཿ ཞལ་ཡང་ཡང་འཛོམས་པའི་སྨོན་ལམ་ཞུཿ ཁྱེད་ཙན་དན་ནགས་ཚལ་བདེ་མོར་བཞུགསཿ ང་རྒྱ་སྟག་མི་སྡོད་ཡུལ་གཞན་འགྲོཿ སྟོབས་རྩལ་ལྡན་མཆེ་བ་དྲུག་ངོམ་ནསཿ ནགས་རྒྱ་སྟག་འབྲལ་མེད་སྔོན་གྱི་ལསཿ ཞལ་ཡང་ཡང་འཛོམས་པའི་སྨོན་ལམ་ཞུཿ ཁྱེད་འདིར་འདུས་རྒྱལ་བློན་བདེ་མོར་བཞུགསཿ ང་གཡུ་ལྷ་མི་སྡོད་འཇང་ཡུལ་འགྲོཿ ཆོས་མདོ་སྔགས་བསྟན་པའི་རྒྱལ་མཚན་བསྒྲེངསཿ ཡུན་མི་རིང་འཕྲད་པ་སྔོན་སྨོན་རེདཿ ཞལ་ཡང་ཡང་འཛོམས་པའི་སྨོན་ལམ་ཞུཿ སྐྱབས་བསླུ་མེད་བླ་མར་དད་གུས་གྱིསཿ མགོན་མཆོག་གསུམ་རྗེ་ལ་བློ་སྙིང་གཏོདཿ ལྷ་དཀོན་མཆོག་མཆོད་པའི་རྒྱུན་མ་གཅོདཿ མ་འགྲོ་ཀུན་ཕ་མར་སྙིང་རྗེ་བསྐྱེདཿ ལས་དགེ་སྡིག་བླང་དོར་ཚུལ་བཞིན་གྱིསཿ ཡུལ་འདོད་ཡོན་གནས་ལ་ཞེན་ཆགས་སྤོངསཿ དགྲ་འཆི་བདག་ནམ་ཡོང་ཆ་མེད་སྒོམསཿ ཚེ་ཕྱི་མར་ཕན་བའི་ལྷ་ཆོས་སྒྲུབསཿ ལམ་མདོ་སྔགས་ཟུང་འབྲེལ་ཉམས་ལེན་གྱིསཿ གཞི་འོད་གསལ་རིག་པའི་རང་ངོ་སྐྱོངསཿ ཆོས་དགེ་བ་བཅུ་ཡི་བཅའ་ཁྲིམས་སྡོམསཿ སྡེ་ཡུལ་མི་བྱམས་པས་སྐྱོང་བར་མཛོདཿ སྤྱིར་འདུས་བྱས་ཆོས་ལ་བདེན་གྲུབ་མེདཿ སྒོས་འདུས་མཐའ་འབྲལ་བ་འཇིག་རྟེན་གཤིསཿ ཐུགས་མ་སྐྱོ་སྐུ་ཁམས་བདེ་མོར་བཞུགསཿ ད་ང་དང་འཕྲད་པའི་ཕྱི་ལ་ལྟོསཿ མ་མཐོང་ཙ་ན་མཉམ་པར་ཞོགཿ དབྱིངས་སྐྱེ་མེད་ཆོས་སྐུའི་མཁའ་ཀློང་དུཿ དོན་གཉིས་མེད་ངོ་བོ་གཅིག་ཏུ་འདྲེསཿ དུས་སྐད་ཅིག་ང་དང་འབྲལ་བ་མེདཿ གཞི་བློ་འདས་བརྗོད་བྲལ་ཨེ་མ་ཧོཿ ཡ་བདེ་མོ་སྐུ་ཁམས་བདེ་མོར་བཞུགསཿ དོན་ནམ་ཡང་འབྲལ་མེད་སྨོན་ལམ་ཞུཿ གླུ་གོ་ན་ཐུགས་ཀྱི་དཔལ་བེར་སྟིམསཿ མ་གསན་གླུ་ལ་འབྲེལ་བ་ཞུཿ ཁྱེད་རྒྱལ་བློན་ཐུགས་ལ་དེ་ལྟར་ཞོགཿ ཅེས་གསུངས་པར་འབྲེལ་ཀེ་རུའི་རྒྱལ་བློན་རྣམས་རང་ཡུལ་དུ་ཕྱིར་ལོགཿ གླིང་གི་ལྷ་དམག་ཐམས་ཅད་འོ་མའི་གསེར་ཐང་ཁྲ་མོ་རུ་གླིང་གི་བླ་མ་དངཿ མ་སྲུ་མོ་སྨན་རྣམས་བསུ་མར་ཕེབས་ཏེ་རྔ་གླིང་རོལ་མོ་སྣ་ཚོགས་ཀྱིས་བསུ་མར་བྱས་ཤིང་ལྷ་བསང་གིས་ནམ་མཁའ་གང་བར་བྱསཿ སྐྱ་ལོའི་སེང་ལྕམ་འབྲུག་མོས་ཇ་ཆང་གི་སྐྱེམས་ཞུས་བྱས་ཤིང་གཞི་བྱེས་ཞལ་འཛོམས་པའི་ཞུ་བ་ཞུ་ལན་མང་དུ་ཡོད་ཀྱང་འདིར་མ་བྲིས་སོཿ དེ་ནས་གླིང་གི་དཔོན་བློན་ཐམས་ཅད་ཕྲིན་ལས་ལྷུན་གྲུབ་ཀྱི་སྒོ་ནས་ཕོ་བྲང་སེང་འབྲུག་སྟག་རྩེར་ཕེབསཿ དུས་དེ་ནས་བཟུང་གླིང་གི་བླ་མ་རྣམས་ཀྱིས་ཆོས་ཁྲིད་གནངཿ དཔོན་པོ་རྣམས་ཀྱིས་ཆོས་སྲིད་བསྡམསཿ དམངས་སྡེ་ཐམས་ཅད་ཆོས་ལ་སྤྱོད་ནས་རྫོགས་ལྡན་གསར་བའི་དགའ་སྟོན་ལ་རོལ་བར་བྱས་སོཿ ཨེ་མ་སེང་ཆེན་རྒྱལ་པོའི་རྣམ་ཐར་རྟོགས་བརྗོད་ལསཿ རྒྱ་མཚོའི་ནང་ནས་ཆུ་ཐིགས་ཉག་ཙམ་བྲིསཿ དེ་ཡི་དགེ་བས་འདུལ་དཀའི་འགྲོ་བ་ཀུནཿ སེང་ཆེན་དཔའ་བོའི་ཚོགས་ལ་དད་ཅིང་གུསཿ ཚེ་རབས་ཀུན་ཏུ་སེང་ཆེན་བླ་མ་ཡིསཿ རྗེས་བཟུང་བསྟན་འགྲོའི་དོན་ཀུན་མ་ལུས་འགྲུབཿ ཁམས་གསུམ་འཁོར་བའི་སྲིད་མཚོ་སྟོངས་པར་སྨོནཿ དད་གུས་ལྡན་པའི་རྣམ་ཐར་འདི་ཉིད་ནིཿ བྲི་ཀློག་འཁྲབ་སྟོན་བྱེད་ལ་ཚེ་རབས་ཀུནཿ སེང་ཆེན་རྒྱལ་བོའི་ཐུགས་རྗེས་རྟག་སྐྱོང་ནསཿ འཕྲལ་ཡུན་བདེ་དགེའི་ལེགས་ཚོགས་རྒྱས་པར་ངེསཿ ཞེས་རྟོགས་བརྗོད་དཔའ་བོའི་གད་རྒྱངས་ལས་ཨ་ཁྱུང་ཀེ་རུའི་རྒྱལ་ཁབ་ཆོས་ལ་བཀོད་ཚུལ་གྱི་ལེའུ་རྫོགས་སོཿ ཞེས་པ་འདིའང་འཇང་གཡུ་ལྷའི་སྤྲུལ་བསྒྱུར་རྡོ་གྲུབ་མཆོག་སྤྲུལ་ཀློང་ཡངས་དང༌། ནེའུ་ཆུང་མཁའ་འགྲོའི་སྤྲུལ་པ་ཏཱ་རེ་ལྷ་མོ་མཆོག་དང༌། བསླབ་ཁྲིམས་ལྡན་པའི་དགེ་བསྐོས་ཐུབ་དགའ་དང་ཆོས་དབྱིངས། རིག་འཛིན་དགེ་ལེགས་ཉི་མ། དཔའ་བོ་གླིང་ལ་མི་ཕྱེད་པའི་དད་པ་ཐོབ་པའི་ཤེལ་དཀར་དང་དབྱངས་ལོ། ཌཱཀྐི་ཞི་མཛད་དབང་མོ་སོགས་ཀྱིས་ཡང་ཡང་ནན་བ{ལ་ངོར་མཁའ་འགྲོ་ཏཱ་རེ་ལྷ་མོ་དང་རྩང་གྲུབ་རིགས་སྲས་གཡུ་པ་རྣམ་གཉིས་ཀྱི་བརྡ་ཡིག་ལ་བརྟེན་ནས། ནམ་སྤྲུལ་མིང་འཛིན་འཇིགས་མེད་ཕུན་ཚོགས་རྡོ་རྗེའམ་པད་མ་སྟོབས་ལྡན་དཔའ་བོས་གཏེར་མིན་རྩོམ་མིན་དུ་བསྒྲིགས་པས་དགེ་བས་སྙིགས་མའི་རུ་འཛིངས་ཞི་ཞིང་བསྟན་འགྲོའི་དཔལ་ཡོན་ནུབ་པ་མེད་པའི་རྒྱུར་གྱུར་ཅིག
འཁྲབ་གཞུང་གི་བཀྲ་ཤིས་སྨོན་ཚིག
འཁྲབ་གཞུང་གི་བཀྲ་ཤིས་སྨོན་ཚིག་ནི། བཀྲ་ཤིས་ཀུན་གྱི་བཀྲ་ཤིས། །བཀྲ་ཤིས་དཔལ་གྱི་རོལ་མོས། །བཀྲ་ཤིས་ས་གསུམ་ཁྱབ་ཅིང༌། །བཀྲ་ཤིས་སྣང་བ་རྒྱས་ཤོག། །ཆོས་དབྱིངས་སྤྲོས་བྲལ་མཁའ་ལ། །འོད་གསལ་རྟ་བདུན་འོད་ཀྱིས། །མ་རིག་མུན་ཁམས་སངས་པའི། །མཚོ་སྐྱེས་བླ་མའི་བཀྲ་ཤིས། །རིག་གསུམ་པད་མའི་འཕྲིན་ལས། །དབང་ཆེན་འཛུམ་པའི་ཞལ་བཟང༌། །ནག་ཕྱོགས་བདུད་སྡེའི་གཤེད་པོ། །སེང་ཆེན་རྒྱལ་པོའི་བཀྲ་ཤིསཿ མཚན་དཔེའི་ལང་ཚོ་རབ་མཛེས། །བདེ་སྟོང་དགའ་བཞིའི་དཔལ་སྟེར། །སྒྱུ་ལུས་དྭངས་མར་སྨིན་མཛད། །དུང་སྨན་ཚོགས་ཀྱི་བཀྲ་ཤིས། །བདུད་བཞིའི་གཡུལ་ལས་རྒྱལ་བའི། །ཤེས་རབ་རལ་གྲི་མདའ་གཞུས། །ལྟ་ལོག་བདུད་སྡེ་ཕམ་མཛད། །དཔའ་བརྟུལ་རྒྱ་མཚོའི་བཀྲ་ཤིས། །འབྲེལ་ཚད་རིག་འཛིན་སར་འགོད། །གྲུབ་ཆེན་བརྒྱད་ཅུའི་ཚོགས་དང༌། །གདུལ་དཀའ་ཚར་གཅོད་མཛད་པའི། །དགྲ་བླ་ཝེར་མའི་བཀྲ་ཤིས། །གདུལ་དཀའ་རྒྱུད་ལྔའི་འགྲོ་བར། །འདུལ་བྱེད་ཤེས་རབ་མཚོན་གདབ། །བཏུལ་འབྲལ་ཡེ་ཤེས་ལྔ་རྙེད། །དམ་ཅན་སྲུང་མའི་བཀྲ་ཤིས། །ལྟ་བ་ཀ་དག་གཉུག་མ། །སྒོམ་པ་གཉིས་སྣང་རྟོག་བྲལ། །སྤྱོད་པ་གདེང་བཞིའི་མཐར་སོན། །འབྲས་བུ་ལྷུན་གྲུབ་བཀྲ་ཤིས། །ཡངས་པའི་ཐ་གྲུ་ཀུན་ཏུ། །སྙིགས་མའི་རྒུད་མུན་ཞི་ཞིང༌། །རྒྱལ་བསྟན་དྲི་མེད་འོད་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་ཤོག །བསྟན་འཛིན་སྐྱེས་བུའི་ཚོགས་ཀུན། ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། །ཐུགས་ཀྱི་བཞེད་དོན་མ་ལུས། །ཡོངས་སུ་གྲུབ་པའི་བཀྲ་ཤིས། །བསླབ་གསུམ་རྒྱན་དུ་འཆང་བའི། །དགེ་འདུན་འདུས་པ་རྒྱ་མཚོའི། །མི་ནུབ་བཤད་སྒྲུབ་རྒྱལ་མཚན། །སྲིད་མཐའི་བར་དུ་བསྒྲེངས་ཤོག །འདིར་འདུས་སྐལ་བཟང་ཕོ་མོས། །དོན་གཉིས་གང་བརྩམ་ལེགས་འགྲུབ། །མཁའ་སྤྱོད་དག་པའི་ཞིང་དུ། །ཚོམ་བུ་གཅིག་ཏུ་འཁོད་ཤོག །མ་ལུས་མཁའ་མཉམ་འགྲོ་བ། །ཕྱམ་གཅིག་རྫོགས་སངས་རྒྱས་ཏེ། །ཁམས་གསུམ་འཁོར་བ་སྟོངས་པའི། །སྨོན་འབྲས་མྱུར་དུ་འགྲུབ་ཤོག།
ལྷ་རྒྱལ་ལོ་ཞེས་པའི་བཀྲ་ཤིས་སྨོན་ཚིག་འདི་སྙན་ལུང་དགོན་གྱིས་སེང་ཆེན་རྣམ་ཐར་འཁྲབ་ཚེ། འཇང་སྲས་རོལ་གར་རྡོ་གྲུབ་ཀློང་ཡངས་མཆོག་དང༌། ནེའུ་ཆུང་སྤྲུལ་བསྒྱུར་ཏཱ་རེ་ལྷ་མོ་སོགས་ཀྱིས་ཐུགས་ཀྱི་དགྱེས་སྐོང་དུ། ནམ་སྤྲུལ་མིང་འཛིན་འཇིགས་མེད་པས་རྟེན་འབྲེལ་སྨོན་ཚིག་ཏུ་བརྗོད་པ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག། །།
པར་བྱང་སྨོན་ཚིག
ཨོཾ་སྭསྟི་སིངྔྷི་མངྒ་ལམ། །
མདངས་ལྡན་དྲི་མེད་སིནྡྷུའི་འོ་མཚོ་རུ། །
ཡིད་འཕྲོག་མཛེས་སྡུག་གེ་སར་བཞད་པ་ལ། །
རྨད་བྱུང་མཚན་དཔེའི་ཁྱེའུ་ཆུང་མཚོ་སྐྱེས་རྗེ། །
སངས་རྒྱས་གཉིས་པ་པད་མ་ཀ་རས་སྐྱོངས། །
མཚན་དཔེའི་ཁྲི་གདུགས་ཉིན་བྱེད་འབུམ་གྱི་གཟི། །
དད་གསུམ་དྭངས་པའི་མཁའ་ལ་རྟག་གསལ་བ། །
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས། །¿
སྙིང་དབུས་མི་ཤིགས་ཐིག་ལེའི་རྒྱན་དུ་བཞུགས། །
བདེ་སྟོང་དབྱིངས་་ཡུམ་བཛྲ་ཝཱ་རཱ་ཧཱིའི། །
གསང་གསུམ་སྒྱུ་འཕྲུལ་ན་ཀྲའི་གྲོང་ཁྱེར་ལས། །
ངེས་གསང་པད་ཚལ་བཞད་པའི་རྟ་ལྗང་ཅན། །
མཁར་ཆེན་ཛྙཱ་ན་སཱ་རཱས་ཤིས་པ་སྩོལ། །
སྲས་བཅས་རྒྱལ་བའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །
དཔའ་བོ་མཁའ་འགྲོས་དངོས་གྲུབ་ཆར་རྒྱུན་འབེབས། །
དམ་ཅན་སྲུང་མའི་ཕྲིན་ལས་རླུང་ལྟར་འཚུབ། །
རིག་གསུམ་སེམས་དཔའ་མི་རྗེ་ཉི་མར་འདུད། །
གསང་བདག་དཔའ་བོའི་འཕྲིན་ལས་རོལ་གར་བ། །
བཻཌཱུར་མདངས་ལྡན་གཡུ་ལྷ་ཐོག་འགྱུར་སོགས། །
དཔའ་བརྟུལ་གྲུབ་ཆེན་དུང་སྨན་མཁའ་འགྲོ་དང། །
དགྲ་བླ་ཝེར་མའི་ཚོགས་ཀྱིས་གྲོགས་དན་མཛོད། །
ཨེ་མ་རྟོགས་བརྗོད་དཔའ་བོའི་གད་རྒྱངས་ལས། །
ཨ་ཁྱུང་ཀེ་རུའི་མི་སྲིན་ཕོ་མོ་བརྒྱད། །
འཚེངས་པ་བཞི་ལྡན་མངོན་སྤྱོད་དྲག་པོ་ཡིས། །
བསྒྲལ་བའི་གཏམ་སྙན་ལྷ་དབང་རྔ་བོ་ཆེ། །
མི་ནུབ་སྲིད་མཐའི་བར་དུ་ལྡིར་བཡི། །
ཡ་མཚན་གཏམ་གྱི་སྒྱུ་འཕྲུལ་རོལ་མོ་འབུམ། །
ངོ་མཚར་སྤར་གྱི་འཕྲུལ་དུ་བཏབ་པ་ཡིས། །
བསྟན་པ་འཛིན་རྣམས་སྐུ་ཚེ་ཡུན་བརྟན་ཅིང། །
བདག་སོགས་སྟོན་འཁོར་མི་འབྲལ་ལྷན་གཅིག་ཏུ། །
ལོག་རྟོག་དམ་སྲིའི་གཡུལ་ངོ་ལས་རྒྱལ་ཏེ། །
རྒྱལ་བསྟན་ཉི་ཟླའི་འོད་ཀྱིས་རྟག་འཚོ་ཞིང༌། །
སྐྱེ་ཀུན་བསྟན་འགྲོའི་དོན་ཆེན་འགྲུབ་པར་ཤོག །
ཅེས་པའང་ཤར་རྒྱལ་བ་དུང་དཀར་དགོན་གསང་སྔགས་སྨིན་གྲོལ་གླིང་གི་གྲྭ་འབངས་སུ་གཏོགས་པ་ཆུང་ངུའི་དུས་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་ལ་ལྷག་པར་མོས་པ་ཤཱཀྱའི་དགེ་སློང་ཐུབ་བསྟན་གྲགས་པའམ་པདྨ་འོད་གསལ་མཐའ་ཡས་ཀྱིས་སྙིང་ནས་སྨོན་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།

དྲ་ལམ་འཚོལ་ཡུལ

Loading...

ཟིན་བྲིས་འཚོལ་ཡུལ